ཁོ་ཚེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་ཚེ་ཞེས་པ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཞོ་འོང་དཔྱིས་ཡུལ་ཚོ་དཔོན་རུ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་ཕྱིན་པའི་རིའི་སྒང་རྒྱུད་དུ་ཆགས་ཡོད་པའི་སྡེ་བ་ཞིག་ཡིན། སྡེ་བ་འདི་ནི་རྨ་ཕར་ཁའི་ཁོ་ཚེ་གོང་བ་ནས་མཆེད་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科则村
ལ་ཏིང་གི་མིང་།
kho tse sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་ཞོ་འོང་དཔྱིས་ཡུལ་ཚོ།
མི་གྲངས།
མི300
གནས་ཡུལ།
ཞོ་འོང་དཔྱིས་ཡུལ་ཚོ་དཔོན་རུ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་ཡོད།
1 ​ངོ་སྤྲོད།

ཁོ་ཚེ་ཞེས་པ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཞོ་འོང་དཔྱིས་ཡུལ་ཚོ་དཔོན་རུ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་ཕྱིན་པའི་རིའི་སྒང་རྒྱུད་དུ་ཆགས་ཡོད་པའི་སྡེ་བ་ཞིག་ཡིན། སྡེ་བ་འདི་ནི་རྨ་ཕར་ཁའི་ཁོ་ཚེ་གོང་བ་ནས་མཆེད་པར་གྲགས།

སྡེ་བ་འདི་ནི་རྨ་ཕར་ཁའི་ཁོ་ཚེ་གོང་བ་ནས་མཆེད་པར་གྲགས་ཤིང་། རུས་རྒྱུད་ནི་གཡུ་ཚ་དམག་དཔོན་གྱི་རྒྱུད་པ་ཡིན་ཟེར། མཆེད་ཡུལ་ལ་ལྟོས་ཏེ་ཁོ་ཚེ་ཞེས་པའི་མིང་ཐོགས། ཡང་མ་ཞོ་ར་བའི་རྒྱུད་དང་། ཕ(དམུ་ཚའི་རྒྱུད)ཞག་རྩའི་འཁོར་ལོ་མཆུ་དམར་དང་སྲས་ཚེ་དར་རྒྱལ་གཉིས་ཀྱིས་གནས་འདིར་གཞི་བཟུང་བས། ཕ་བུའི་མིང་གི་ཆ་ནས་སྡེ་མིང་དུ་ཐོགས་པར་བཤད། སྡེ་འདི་ནས་སྙན་པའི་བ་དན་མངོན་པར་མཐོ་བའི་རིག་པ་འཛིན་པ་དཔལ་ལྡན་བཀྲ་ཤིས་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

ཁོ་ཚེ་སྡེ་བ་འདིར་ཚོ་བ་གསུམ་ཡོད་དེ། གུ་རུ་ཚོ་བ་དང་བརྩི་ས་ཚོ་བ། ཀླུ་རྒྱལ་ཚོ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།