ཚེ་བཟའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚེ་བཟའ་ཞེས་པ་ནི་སྙིང་ལོ་སྡེ་བའི་བྱང་དུ་འབྲེལ་ནས་གཞིས་ཆགས་ཤིང་། དེ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྡེ་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
才萨村
ལ་ཏིང་གི་མིང་།
tse bzar sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོ།
གནས་ཡུལ།
སྙིང་ལོ་སྡེ་བའི་བྱང་དུ་འབྲེལ་ནས་ཆགས་ཡོད།
1 ངོ་སྤྲོད།

ཚེ་བཟའ་ཞེས་པ་ནི་སྙིང་ལོ་སྡེ་བའི་བྱང་དུ་འབྲེལ་ནས་གཞིས་ཆགས་ཤིང་། དེ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྡེ་ཆུང་ཞིག་ཡིན།

སྤྱི་ལོ640ནས650ལོའི་བར་དུ། བཙན་པོའི་བློན་ཆེན་མགར་སྟོང་བཙན་གྱིས་ས་ཆ་འདི་བརྒྱུད་ནས་ཕེབས་སྐབས་སུ། སྐུ་སྲས་བསེ་རྒྱལ་མཚན་འབུམ་གནས་འདིར་བཞག་ནས་གཞིས་ཆགས་པས་སྡེ་མིང་དུ་སྲས་བཟའ་ཞེས་ཟེར་བ་དང་། ཡང་སྡེ་དམངས་ནི་རུས་ཚེ་ཅན་གྱི་བུད་མེད་ཀྱི་རུས་རྒྱུད་ཡིན་པས་ཚེ་བཟའ་ཞེས་འབོད་པའང་ཡོད།

ཚེ་བཟའ་སྡེ་བར་ཚོ་བ་གསུམ་ཡོད་དེ། དཔོན་ཚང་ཚོ་བ་དང་བར་སྐོར་ཚང་ཚོ་བ། ཞོལ་མ་ཚང་ཚོ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།