ཉ་ལུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉ་ལུང་ཞེས་པ་ནི་རོང་བོ་གྲོང་རྡལ་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་དྲུག་ཕྱིན་པའི་མཚམས་ཀྱི་རི་ངོས་སུ་ཆགས་པའི་གནས་ནི་བར་སའི་རི་ཁུལ་ཡིན། དེ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牙浪村
ལ་ཏིང་གི་མིང་།
nya lung sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོ།
མི་གྲངས།
མི500
གནས་ཡུལ།
རོང་བོ་གྲོང་རྡལ་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཉ་ལུང་ཞེས་པ་ནི་རོང་བོ་གྲོང་རྡལ་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་དྲུག་ཕྱིན་པའི་མཚམས་ཀྱི་རི་ངོས་སུ་ཆགས་པའི་གནས་ནི་བར་སའི་རི་ཁུལ་ཡིན། དེ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཉ་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན།

བསེ་རྒྱལ་མཚན་བུ་བཞི་ལས་ཐ་ཆུང་དགེ་འཕེལ་ཟེར་བས་བཀྲ་ཤིས་གསེར་ཉ་ལུང་གི་ཆར་གནས་གཞི་བཟུང་བར་སྔ་རབས་ལ་གསལ་ཆ་ཡོད་པའི་མི་སྣ་མང་ཙམ་གྱིས་བཤད། ཕྱིས་སུ་གདུང་རྒྱུད་རིགས་སྲས་གསུམ་བྱུང་བ་ལས་བསེ་ཡར་ནང་མར་ནང་ཞེས་ཁག་གཉིས་སུ་གྱེས་པར་གྲགས། དེ་ཡང་གནས་ཀྱི་ཆགས་དབྱིབས་དེ་གསེར་ཉ་ཞིག་དང་མཚུངས་པས་གསེར་ཉ་ལུང་བ་ལ་བསྡུས་མིང་དུ་ཉ་ལུང་ཞེས་ཐོགས།

ཉ་ལུང་སྡེ་བར་ཚོ་བ་ལྔ་ཡོད་དེ། དཔོན་པོ་ཚང་དང་བུ་ཚ། འབུ་རོ།(འབུམ་རོ) དགུ་རོང་གཅེན་མོ། མདོ་འདུམ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།