གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ།
གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་ཆགས་ཡོད་ལ། སློབ་གྲྭ་དེ་ནི་སྤྱི་ལོ1999ལོར་བཙུགས་པའི་མི་རིགས་སློབ་འབྲིང་ཞིག་ཡིན། སློབ་གྲྭའི་ས་ཁྱོན་ལ་མུའུ103ལྷག་ཡོད། ད་ལྟ་འཛིན་གྲྭ27ཡོད་ལ། དེ་ལས་དམའ་འབྲིང་འཛིན་གྲྭ15དང་། མཐོ་འབྲིང་འཛིན་གྲྭ12ཡོད། སློབ་མའི་མལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ38349ཡོད། འཛུགས་སྐྲུན་ཡོངས་ལ་མ་དངུལ་སྒོར་དུང་ཕྱུར11ལྷག་བཏང་ཡོད། ད་ལྟ་སློབ་གྲྭར་སྡོད་པའི་སློབ་མ1693ཡོད། དགེ་བཟོ་བ173ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尖扎县第二民族中学
ཕྱི་ཡིག་གི་མིང་།
The second ethnic middle school of Jianzha County
བཙུགས་ལོ།
1999ལོ།
རིགས་དབྱེ།
གཞུང་བཙུགས་སློབ་འབྲིང་།
གཙོ་གཉེར་སྡེ་ཁག
གཅན་ཚ་རྫོང་སློབ་གསོ་ཅུའུ།
སློབ་གཙོ།
རབ་བརྟན།
གནས་ཡུལ།
རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ།
1 ངོ་སྤྲོད།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་ཆགས་ཡོད་ལ།.jpg སློབ་གྲྭ་དེ་ནི་སྤྱི་ལོ1999ལོར་བཙུགས་པའི་མི་རིགས་སློབ་འབྲིང་ཞིག་ཡིན། སློབ་གྲྭའི་ས་ཁྱོན་ལ་མུའུ103ལྷག་ཡོད། ད་ལྟ་འཛིན་གྲྭ27ཡོད་ལ། དེ་ལས་དམའ་འབྲིང་འཛིན་གྲྭ15དང་། མཐོ་འབྲིང་འཛིན་གྲྭ12ཡོད། སློབ་མའི་མལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ38349ཡོད། འཛུགས་སྐྲུན་ཡོངས་ལ་མ་དངུལ་སྒོར་དུང་ཕྱུར11ལྷག་བཏང་ཡོད། ད་ལྟ་སློབ་གྲྭར་སྡོད་པའི་སློབ་མ1693ཡོད། དགེ་བཟོ་བ173ཡོད།

སློབ་གྲྭས་མི་རྩ་དོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་སློབ་མའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་ཞེས་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་། བོད་ཁུལ་ཡོངས་ཀྱི་སློབ་འབྲིང་རབ་གྲས་ཤིག་ལ་བརྩོན་པར་བྱ་ཞེས་པའི་སློབ་སྒྲུབ་ཀྱི་དམིགས་འབེན་དང་། སྐབས་འདིར་གཉིད་ཚེ་རྨི་ལམ་ཙམ་དུ་ཟད།། བསླབ་ལ་བརྩོན་ན་རེ་འདོད་ལྷུན་གྱིས་འགྲུབ།། ཅེས་པའི་སློབ་གཤིས་དང་། སྔོན་ལ་གྲོས་བསྡུར་བྱས་ཏེ་སྒྲིག་སྲོལ་འཛུགས་པ་དང་། ཕྱིས་སུ་རྒྱུན་སྤྱོད་བཞིན་དུ་ཐག་གཅོད་བྱེད་ཅེས་པའི་དོ་དམ་བྱེད་སྟངས་གཏན་ཁེལ་གྱིས། སློབ་གསོ་གསར་སྤེལ་གྱི་ལྟ་བ་རྒྱུན་འཁྱོངས་དང་། རྨང་གཞི་འཛུགས་སྐྲུན་གྱིས་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར། སློབ་གསོ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་དུས་རབས་དང་འཕེལ་རྒྱས་ཀྱི་བླང་བྱ་ལྟར་སློབ་གསོའི་འཛུགས་སྐྲུན་ལ་འབད་བརྩོན་བྱ་བཞིན་ཡོད།.jpg

ལོ་ངོ་བཅུ་ལྷག་གི་སློབ་སྒྲུབ་ཀྱི་ལོ་རྒྱུས་ནང་། སློབ་གྲྭ་འདིར་རིམ་པ་ཁག་གི་མཚན་སྙན་དང་དཔང་ཡིག་བརྒྱ་ལྷག་ཐོབ་ཡོད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་རྒྱུ་སྤུས་གོང་ནས་གོང་དུ་འཕེལ་བཞིན་སློབ་གསོའི་བྱ་གཞག་ཡོད་རྒུ་ལ་དབྱར་གྱི་མཚོ་མོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་དང་གྲུབ་འབྲས་ཀྱིས་ཁེངས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།