བྲག་ཁང་སྣ་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲག་ཁང་སྣ་ཁ།
བྲག་ཁང་སྣ་ཁ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
直岗拉卡村
ལ་ཏིང་གི་མིང་།
brg khang sna kha
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ།
མི་གྲངས།
མི567།
གནས་ཡུལ།
གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

བྲག་ཁང་སྣ་ཁ་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་ཡོད། བྲག་ཁང་སྣ་ཁ་ཞེས་མིང་ཐོགས་དོན་ནི་བདུད་བཙན་ཀླུ་གསུམ་རང་འཁོར་གྱི་བྲག་ཁུང་ཁང་བཟང་གི་མཚན་ཉིད་ཚང་བ་ཞིག་ཡོད་པའི་སྣ་ཁར་གཞིས་ཆགས་པས་ན་མིང་ཡང་དེ་ལྟར་ཐོགས་ལ། ཐོག་མའི་མིང་ལ་རྨ་དར་གོང་བ་ཞེས་ཟེར། རྨ་དར་གོང་བ་ཞེས་ཐོགས་དོན་ནི་བྱ་ཁྱུང་གདན་རབས་སུ། (ཆོས་རྗེ་དོན་གྲུབ་རིན་ཆེན)དེ་ནས་བྲག་བྱ་ཁྱུང་ལ་གཏད་དེ་ཕེབས། རྨ་ཆུ་ལ་དར་ཆགས་ཡོད་དམ་ལྟོས་ཞེས་ཉེ་གནས་ལ་ཡང་ཡང་གསུངས་པས། ཟླ་བ་དྲུག་པ་ལ་དར་ཇི་ལྟར་ཆགས་སྙམ་ནས་ཉེ་གནས་མ་རངས་ཏེ་དར་ཆགས་འདུག་ཅེས་མ་ལྟོས་བཞིན་དུ་ཞུས་པས། དེ་ལྟར་ན་བཟང་འདུག་མྱུར་དུ་འགྲོ་གསུངས་ནས་ཕེབས་ཚེ་རྨ་ཆུ་ལ་དར་སྣམ་དཀར་གྱི་ཟམ་འཕངས་པ་འདྲ་བ་ཞིག་ཆགས། དེར་བླ་མས་རྟིང་མནན་ནས་ཕེབས། ཕྱི་ན་འདུག་པའི་མི་རྣམས་ཀྱིས་བལྟས་ཚེ་ཆུའི་དར་ཟམ་དེ་བླ་མ་ཕེབས་པ་དང་ལྷན་ཅིག་དྲིལ་ནས་ཕར་ཐལ་སོང་ཟེར། དར་ཆགས་པའི་ཉེ་འགྲམ་གྱི་གྲོང་སྡེའི་མིང་ལ་རྨ་དར་གོང་བ་ཞེས་ཐོགས་ཤིང་ཟུར་ཆག་ནས་མན་རྡལ་གོང་བ་ཟེར། སྡེ་བ་དེར་གསེར་རྐོང་ཁ་དང་། རྨ་དར་གོང་ཁ། བ་འགོ་སྐེ། རྐོ་རྐོ་ནང་། འདུ་ཁང་སྣ་ཁ་བཅས་ཚོ་བ་ལྔ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།