ཆོས་ལུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ4ཡོད།

ཆོས་ལུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག)

ཆོས་ལུང་ཞེས་པ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ24ཙམ་ཕྱིན་པའི་མཚམས་ཀྱི་དམར་བོ་སྒང་ན་གཞིས་ཆགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旗龙村
ལ་ཏིང་གི་མིང་།
chos lung sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ།
མི་གྲངས།
མི865
མཚོ་འཕགས།
སྨི3638
གནས་ཡུལ།
རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཆོས་ལུང་ཞེས་པ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ24ཙམ་ཕྱིན་པའི་མཚམས་ཀྱི་དམར་བོ་སྒང་ན་གཞིས་ཆགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། མཚོ་ངོས་ལས་མཐོ་ཚད་སྨི3638ཡོད། སྡེ་བ་འདིའི་ཆོས་སྐྱོང་ནི་དམུ་བདུད་འབྱམས་པ་ཁྲག་མགོ། ལྷ་མཆོག་རྨ་རྒྱལ་པོམ་པ། བྲག་བཙན་གཡུང་དྲུང་དགྲ་འདུལ་སོགས་ཡིན་ཞིང་། བོན་བརྒྱ་དགོན་པའི་ལྷ་སྡེ་ཡིན། བཅིངས་འགྲོལ་ཡར་སྔོན་ལ་བོན་བརྒྱ་སྡེ་བའི་ཆོས་ལུང་ཚོ་བར་གཏོགས། ཆོས་ལུང་ཞེས་པ་ནི་སྡེ་བ་འདི་ཆགས་སའི་གནས་གང་དེའི་ལུང་བ་ཞིག་གི་ནང་དུ་ཆོས་ཀྱི་དབང་ལུང་གནང་ས་ལྟ་བུའི་བྲག་རྡོའི་བཞུགས་ཁྲི་ཞིག་ཡོད་པས་ན་སྡེ་མིང་ཡང་དེར་བརྟེན་ནས་ཐོགས་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།