གཡག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གཡག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྡེ་བ་ཞིག)

གཡག་ཅེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྡེ་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叶合村
ལ་ཏིང་གི་མིང་།
gyang
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ།
མི་གྲངས།
མི412།
གནས་ཡུལ།
གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་སྲིད་གཞུང་གི་བྱང་ནུབ་མཚམས་སུ་ཡོད།
1 ​ངོ་སྤྲོད།

གཡག་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོའི་ཁོངས་སུ་ཡོད་པ་དང་། གཡག་ཅེས་ཐོགས་དོན་ནི་སྲོང་བཙན་གྱི་དམག་ཤུལ་དེ་བུ་གཡག་སྐོར་ལས་མཆེད་པའི་མཆེད་སྐོར་ཅིག་གནས་འདིར་འོངས་ནས་གཞིས་ཆགས་པས་ན་མིང་དུའང་དེ་ལྟར་ཐོགས་པར་གྲགས་ལ། ཡང་རེབ་གོང་ཡུལ་ནས་མཆེད་པའི་མཆེད་སྐོར་ཅིག་སྦྲུལ་ལྕེའི་གཡག་རི་ཉག་ག་བརྒྱུད་སྐབས། ཕན་ཚུན་ལ་ལམ་མ་གཟུར་བས་མཆེད་སྐོར་དེའི་ནང་གི་མི་ཞིག་གིས་ཁྲི་ཀའི་ཚོང་བའི་གཡག་ཁལ་དང་བཅས་བ་པང་དུ་བཏེགས་ནས་ལམ་འོག་ཏུ་གཡུགས་པས་ཉག་ག་དེར་གཡག་རི་ཉག་ག་ཞེས་ཐོགས་ལ། མཆེད་སྐོར་དེར་གཡག་སྐོར་ཅེས་ཐོགས་པར་གྲགས། སྡེ་བ་དེར་ཁ་རེ་བསེ་རེ་དང་བོན་ཚང་མ་བཅས་ཚོ་བ་གསུམ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།