ཨ་འབྱུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་འབྱུང་།
ཨ་འབྱུང་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安君村
ལ་ཏིང་གི་མིང་།
a vbyung
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ།
མི་གྲངས།
མི520།
གནས་ཡུལ།
གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ་སྲིད་གཞུང་གི་ཤར་བྱང་མཚམས་སུ་ཡོད།
1 ངོ་སྤྲོད།

ཨ་འབྱུང་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ་སྲིད་གཞུང་གི་ཤར་བྱང་མཚམས་སུ་ཡོད་ལ། དེའི་མིང་དུ་ཨ་འབྱུང་ཞེས་ཐོགས་དོན་ནི་སྔོན་གྱི་དུས་ཤིག་ལ་ཡུལ་དེར་དགོན་ཤུལ་ཞིག་ཡོད་པ་ལས་ཨ་ཡིག་རྡོ་བརྐོས་རང་བྱོན་ཞིག་བྱུང་བས་ན་ཨ་འབྱུང་ཞེས་ཐོགས་པར་གྲགས་པ་དང་། དེར་ཨ་འབྱུང་ནང་མགོ་དང་ནང་མདོ་ཞེས་ཚོ་སྐོར་གཉིས་ཡོད་ལ། ནང་མགོ་དེ་ནང་མདོའི་དཔོན་སྐོར་དང་འབུམ་པ་སྐོར་མཆེད་ནས་གྲུབ་པ་ཞིག་ཡིན། སྡེ་བ་དེར་རྩ་ཚང་དང་། དཔོན་སྐོར། འབུམ་པ་སྐོར། རྡོ་སྒང་སྐོར། ར་རྒན་སྐོར། ནང་སོ་བཅས་ཚོ་བ་དྲུག་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།