ས་སྐྱ་དཔོན་ཆེན་ཤཱཀྱ་བཟང་པོ།

ས་སྐྱ་དཔོན་ཆེན་བཟང་པོ་ནི། ས་སྐྱ་པཎྜི་ཏ་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་གོ་དན་གྱི་གདན་ཞུས་ལྟར་རྒྱ་ནག་ཏུ་བྱོན་ཁར་དཔོན་ཆེན་དུ་བསྐོས། ཁོང་ནི་ས་སྐྱ་པས་བོད་ས་གནས་ཡོངས་རྫོགས་ལ་དབང་བསྒྱུར་བའི་སྐབས་དཔོན་ཆེན་དཔོན་རབས་ཉི་ཤུ་བྱུང་བའི་ནང་གི་དང་པོ་དེ་ཡིན། གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་ཁོང་ལ་ཟམ་ཀླུ་གུ་མིན་དབང་ཧུའི་ཞེས་པའི་ཆོ་ལོ་དང་ཐམ་ཀ་གནང་། སྐྱ་པཎྜི་ཏ་གོ་དན་གྱིས་གདན་དྲངས་པའི་ལོ་སྟེ་རབ་བྱུང་བཞི་པའི་ཆུ་ཡོས(སྤྱི་ལོ1243)ལོ་ནས་རབ་བྱུང་ལྔ་པའི་ལྕགས་རྟ(1270)ལོ་བར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་སྐྱའི་དཔོན་ཆེན་མཛད། རབ་བྱུང་བཞི་བའི་ཤིང་གླང(སྤྱི་ལོ1265)ལོར་ས་སྐྱའི་ལྷ་ཁང་ཆེན་མོ་བཞེངས་པའི་འགོ་ཚུགས། རབ་བྱུང་ལྔ་པའི་ལྕགས་རྟ(སྤྱི་ལོ1270)ལོར་འདས།
དང་པོ་ཤཱཀྱ་བཟང་པོ། གཉིས་པ་ཀུན་དགའ་བཟང་པོ། གསུམ་པ་ཞང་བཙུན། བཞི་པ་ཕྱུག་པོ་བན་དཀར་བ། ལྔ་པ་བྱང་རིན། དྲུག་པ་ཀུན་གཞོན། བདུན་པ་གཞོན་དབང༌། བརྒྱད་པ་བྱང་རྡོར། དགུ་པ་ཨང་ལེན། བཅུ་པ་ལེགས་པ་དཔལ། བཅུ་གཅིག་པ་སེང་གེ་དཔལ། བཅུ་གཉིས་པ་འོད་ཟེར་སེང་གེ། བཅུ་གསུམ་པ་ཀུན་རིན། བཅུ་བཞི་པ་དོན་ཡོད་དཔལ། བཅོ་ལྔ་པ་ཡོན་བཙུན། བཅུ་དྲུག་པ་འོད་ཟེར་སེང་གེ། བཅུ་བདུན་པ་རྒྱལ་བ་བཟང་པོ། བཅོ་བརྒྱད་པ་དབང་ཕྱུག་དཔལ། བཅུ་དགུ་པ་བསོད་ནམས་དཔལ། ཉི་ཤུ་པ་ཡང་རྒྱལ་བ་བཟང་པོ།
- 1 བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྲུན་ཚད་ཡོད་ཀུང་སིས་བསྒྲིགས་པའི 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013-9པའི་པར་གཞི་དང་པོ། ཤོག་ངོས103ན་གསལ།
- 2 དུང་དཀར་བློ་བཟང་འཕྲིན་ལས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར་དཔར་ཐེངས་དང་བོ་དཔར། ཤོག་ངོས2016ན་གསལ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-07-04
གསར་སྤེལ་མཁན། :གངསསྨྱུག་སྲས།