རླན་གཤེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརླན་ཞིང་གཤེར་བ་སྟེ། ཆུའམ་ཆུ་དང་རྣམ་པ་མཚུངས་པའི་དངོས་པོ།
1 ལོ་ཙཱ།

རྒྱ་ཡིག 湿气,潮湿

དབྱིན་ཡིག humidity, moisture, dampness

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བརླན་ཞིང་གཤེར་བ་སྟེ། ཆུའམ་ཆུ་དང་རྣམ་པ་མཚུངས་པའི་དངོས་པོ།

2.དུང་དཀར་ཚིག་མཛོད་ཆེན་མོ་ལས།  རླན་ཞིང་གཤེར་བ་ཞེས་པ་ཆུའི་མིང་ཡིན་པས། མིང་དེ་བསྡུས་ན་རླན་གཤེར་ཟེར།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   ཆུའི་རླན། 湿气,潮湿:མེ་ཤིང་རླན་གཤེར་ཆེ་བ། 木柴很潮湿。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཆུ་དང་། ཆུའི་ཆ་ཤས་མང་པོ་འདྲེས་པའི་དངོས་པོ། དཔེར་ན། ཉ་ནི་རླན་གཤེར་ལ་འཚོ་བའི་སྲོག་ཆགས་ཤིག་རེད། རླན་གཤེར་ཆེ་སར་སྡོད་མི་ཉན་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-05

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།