རླངས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་སོགས་གཤེར་བའི་རིགས་རྣམས་ལས་ཐོན་པའི་དབུགས་གཟུགས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 水气,蒸汽

དབྱིན་ཡིག steam, vapor

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཆུ་སོགས་གཤེར་བའི་རིགས་རྣམས་ལས་ཐོན་པའི་དབུགས་གཟུགས་ཀྱི་མིང་སྟེ། ཆུའི་རླངས་པ། ཆུ་རླངས། ཁ་རླངས་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཆུ་བསྐོལ་བའི་རླངས་པའམ་དྲོད་སྐྱེས་པའི་སྤྲིན་ལྟ་བུ་དང་ཁ་རླངས། ①水蒸气,如沸水之气或因热而生之云。②口中呵气。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。①ཚ་དྲོད་ལས་ཐོན་པའི་རླངས་པ། 水气、蒸汽。དྲོད་རླངས། 暖气。ས་རླངས། 地下水气。ཁ་རླངས། 呼吸的水气。རླངས་པ་ཐུལ་ལེ་བ། 蒸汽喷涌。མེ་དུ་བ་མེད་པ་གཏོང་མི་ཤེས། ཆུ་རླངས་པ་མེད་པ་སྐོལ་མི་ཤེས། 不会生无烟的火,不会烧无汽的水。喻势有所不能。②〔བཤྱཿ〕འཁོར་ལྔ་སྡེའི་ཡ་གྱལ། 起气。梵音译作婆沙波。五比丘之一。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ཆུ་ཐིགས་ཕྲ་མོ་མང་པོ་མཁའ་དབུགས་ཀྱི་ནང་དུ་འདྲེས་ནས་དུ་ཞག་ལྟར་གྱུར་པ། དཔེར་ན། ནམ་ཟླ་གྲང་དུས་ཆུ་ཚན་གྱི་ཁ་ནས་རླངས་པ་འཕྱུར་འཕྱུར་བྱེད་ཀྱི་འདུག་ལྟ་བུ། ②བཤྱཿ་སྟེ། འཁོར་ལྔ་སྡེ་བཟང་པོའི་ཡ་གྱལ་ཞིག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-05

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།