མི་རིགས་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་རིགས་སློབ་གསོ།
མི་རིགས་སློབ་གསོ་ནི་གྲངས་ཉུང་མི་རིགས་སློབ་གསོའི་བསྡུས་མིང་ཡིན། དེ་ནི་རྒྱ་རིགས་ལས་གཞན་པའི་གྲངས་ཉུང་མི་རིགས55ཡི་ལག་བསྟར་བྱས་པའི་མི་རིགས་སློབ་གསོ་ཡིན་ལ། དེ་ནི་ཀྲུང་གོ་ཡོངས་ཀྱི་སློབ་གསོའི་གྲུབ་ཆ་གཙོ་བོའི་ཁག་ཅིག་ཡིན། 2015ལོའི་ཟླ8པར《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་ཐག་གཅོད》ཁྱབ་བསྒྲགས་བྱས་པའི་རེ་བ་ལས་ཁྲིམས་ལུགས་ཀྱི་གཞི་རྩ་ཡོད་ལ། སྒྲིག་སྲོལ་བརྩི་སྲུང་དང་དངོས་ཡོད་ལ་བསྟུན་པ། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་གྱུར་སྐད་ཡིག་གི་སློབ་གསོ་ཁྱབ་བརྡལ་དུ་གཏོང་དགོས་ལ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་ཡིག་ལ་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། གྲངས་ཉུང་མི་རིགས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རྒྱལ་ཁབ་གཅིག་གྱུར་སྐད་ཡིག་ལ་རྒྱུས་ལོན་ཟབ་མོ་དང་བཀོལ་སྤྱོད་བྱེད་པར་ཐོགས་པ་མེད་དགོས། རྒྱལ་ཁབ་གཅིག་གྱུར་སྐད་ཡིག་སློབ་གསོའི་རྨང་གཞི་ཞན་པའི་ས་ཁུལ་ནས་སློབ་སྔོན་སློབ་གསོའི་རིམ་པའི་རྩ་བར་ལོ་གཉིས་ཀྱི་སྐད་གཉིས་སློབ་གསོའི་ཁྱབ་བརྡལ་དང་འོས་འགན་སློབ་གསོར་སྐད་གཉིས་སློབ་གསོ་ཁྱབ་བརྡལ་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民族教育
ཕྱི་ཡིག་གི་མིང་།
National education
1 ​ངོ་སྤྲོད།

སྒྲ་ཡངས་འཇུག་གི་མི་རིགས་སློབ་གསོ་ནི་རང་གི་མི་རིགས་རིག་གནས་ཀྱི་རྒྱུད་འཛིན་དང་ཕྱིའི་རིག་གནས་ཀྱི་ནང་འདྲེན་དང་དེའི་སློབ་སྦྱོང་། བསྡུ་ལེན་གྱི་གོ་རིམ་ཡིན། སྒྲ་དོག་འཇུག་གི་མི་རིགས་སློབ་གསོ་ནི་གྲངས་ཉུང་མི་རིགས་སློབ་གསོའི་ཤེས་བྱའི་སློབ་གསོ་རྐྱང་བར་གོ་དགོས།

མི་རིགས་སློབ་གསོ་ནི་མདོར་དེད་ན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་ལ། སློབ་གསོ་འདྲ་མཉམ་ཡིན་པའི་དབང་ཆའི་གནད་དོན་ཡིན། དེ་དང་བསྟུན་ནས། མི་རིགས་སློབ་གསོ་ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་ཡིན་པར་མ་ཟད། གཏིང་ཟབ་མོའི་སྒོ་ནས་དཔྱད་ན་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན། ཀྲུང་གོར་མི་རིགས56ཡོད་ལ། མི་རིགས་ཀྱི་སློབ་གསོ་ནི་རྒྱལ་ཁབ་ཀྱི་བརྟན་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཡིན། མི་རིགས་སློབ་གསོའི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་གཙོ་རྒྱུགས་སྤྱི་ཚོགས་སུ་འགྲོ་བ་ཙམ་མ་ཡིན་པར། དེ་ནི་མི་རིགས་ཀྱི་ཤེས་ལྡན་ཚོགས་པ་གསོ་སྐྱོང་བྱེད་པའི་སློབ་གསོ་ཡིན་ལ། ཁོ་ཚོ་བརྒྱུད་དེ་ཏང་གི་ལམ་ཕྱོགས་ལག་བསྟར་དང་ཚན་རིག་ལག་རྩལ་ཤེས་བྱ་བརྒྱུད་བསྒྲགས། མི་རིགས་རིག་གནས་རྒྱུད་འཛིན་བྱས་ཏེ་མཐའ་མཚམས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བ་བསྒྲུབ་རྒྱུ་དེ་ཡིན།

ལོ་རྒྱུས་དང་དངོས་ཡོད་ཀྱི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས། མིག་སྔའི་ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོ་ལ་ཁྱད་ཆོས་འདི་དག་ཡོད་དེ། 1 མི་རིགས་སོ་སོའི་སློབ་གསོའི་འཕེལ་རྒྱས་ཧ་ཅང་དོ་མཉམ་མིན་པ། 2 སློབ་གྲྭ་ཉུང་བ་དང་བསླབ་ཚན་བཀོད་སྒྲིག་དང་སློབ་ལོའི་དོ་དམ་ཡོད་ཚད་གཅིག་གྱུར་མིན་པ། 3 སློབ་སྒྲུབ་རྣམ་པ་དང་སློབ་ཁྲིད་བཀོལ་སྤྱོད་ཀྱི་སྐད་ཡིག་ལ་བར་ཁྱད་ཡོད་པ་བཅས་སོ།།

2 སྐད་ཡིག

སྐད་ཡིག་ནི་རིག་གནས་ཀྱི་རྟེན་གཞི་ཡིན་ལ། མི་རིགས་སྐད་ཡིག་གི་རྒྱུད་སྤྲོད་མེད་པ་ལས། མི་རིགས་ཀྱི་རིག་གནས་ཉམས་མེད་འགྲོ་བ་ཡིན། .jpgདེའི་སྟབས་ཀྱིས་ངེས་པར་དུ་མི་རིགས་སློབ་གསོའི་ཁྲིམས་འཛུགས་གཙིགས་སུ་བཟུང་ཏེ། མི་རིགས་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ནུས་པར་ཁག་ཐེག་དང་སྐུལ་འདེད་བྱེད་དགོས། ཕྱོགས་གཞན་ཞིག་ནས། གྲངས་ཉུང་མི་རིགས་འདྲ་མཉམ་སྒོས་སློབ་གསོ་མྱངས་པའི་དབང་ཆ་ལ་སྲུང་སྐྱོང་བྱེད་པ་ནས། ཀྲུང་གོའི་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་སློབ་འཕེར་དང་གཟིགས་སྐྱོང་གཙོ་གནད་དུ་འཛིན་པ་ལས། སློབ་འཕེར་རྗེས་ཀྱི་སློབ་སྦྱོང་གི་ཟུར་ཁྲིད་དང་རོགས་སྐྱོར་གྱི་ཚད་ལྡན་སྣང་མེད་དུ་བཞག་པ་དང་། མི་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་གཉིས་ཀྱི་སྤུས་ཚད་འདྲ་མཉམ་གྱི་རེ་བའི་བསམ་བློ་གཏན་འཁེལ་བྱས་མེད། གནད་དོན་འདིའི་ཚད་ངེས་ཅན་ཞིག་གི་སྟེང་ནས་གྲངས་ཉུང་མི་རིགས་སློབ་མའི་སྦྱོང་ཚན་གྲུབ་འབྲས་ཞན་པར་བཏང་བ་དང་། དེ་ལས་སློབ་གསོའི་འདྲ་མཉམ་དབང་ཆའང་དངོས་ཡོད་ཐོག་ལག་བསྟར་བྱེད་མི་ཐུབ་པར་གྱུར་བ་ཡིན།

3 གནས་བབ།
3_1 འཕེལ་རྒྱས།

ཀྲུང་གོའི་མི་རིགས་སློབ་གསོའི་ལོ་བཅུ་ལྷག་གི་འཕེལ་རྒྱས་གོ་རིམ་ལ་ཞིབ་ལྟ་བྱས་ན། མི་རིགས་སློབ་གསོའི་ཁྲིམས་སྲོལ་སྒྲིག་འཛུགས་དེ་མི་རིགས་སློབ་གསོའི་རང་སྟེང་གི་འཕེལ་རྒྱས་ལས་རྗེས་སུ་ལུས་འདུག མི་རིགས་སློབ་གསོའི་ཁྲིམས་ལུགས་འཐུས་ཚང་མ་ཡིན་པ་ལས། མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་གཏན་འབེབས་བྱས་པའི་ཁེ་ཕན་བྱ་བ་དོན་འཁྱོལ་བྱེད་དཀའ་བ་དང་། མི་རིགས་སློབ་གསོར་དགོས་མཁོ་བྱུང་བའི་ཐོན་ཁུངས་ལ་ཁག་ཐེག་བྱེད་མི་ཐུབ་པར་གྱུར་བ་ཡིན། ལྷག་ཏུ་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞིའི་འཛུགས་སྐྲུན་དང་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། 2001ལོའི་ཟླ12བར་ཀྲུང་གོWTOནང་དུ་ཞུགས་པ་བཅས་ལས། མི་རིགས་སློབ་གསོའི་ཁྲིམས་ལུགས་འཛུགས་སྐྲུན་དེས་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་རྩ་བ་ནས་སྐོང་ཐབས་བྲལ་བར་གྱུར་བ་དང་འདི་ལྟ་བུའི་འགལ་བ་དེ་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད།

3_2 མངོན་ཐབས།

དང་པོ། མི་རིགས་སློབ་གསོའི་ཁྲིམས་སྲོལ་མ་ལག་འཐུས་ཚང་མིན་པ་དང་ཁྲིམས་སྲོལ་གྱི་རིམ་པ་ཆེས་དམའ་བ། ད་སྔའི་མི་རིགས་སློབ་གསོའི་ཁྲིམས་སྲོལ་ལས། མི་རིགས་སློབ་གསོའི་སྲིད་འཛིན་སྒྲིག་སྲོལ་དང་སྒྲིག་སྲོལ་རང་བཞིན་གྱི་ཡིག་ཆ། ཁྲིམས་ལུགས་ཧ་ཅང་ཉུང་བ་དང་། ད་བར་དུ་མི་རིགས་སློབ་གསོ་རྐྱང་བའི་ཁྲིམས་མེད་པ་དང་། ལྷག་ཏུ《རྩ་ཁྲིམས》དང《སློབ་གསོའི་བཅའ་ཁྲིམས》འོག་ཏུ་མི་རིགས་སློབ་གསོའི་ཁྲིམས་ལུགས་སྒྲིག་སྲོལ་གྱི་རྩ་བའི་ཁྲིམས་དང་མི་རིགས་སློབ་གསོའི་ཁྲིམས་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱས་མེད། མི་རིགས་སློབ་གསོའི་ཁྲིམས་སྲོལ་མ་ལག་གི་འཐུས་ཚང་མིན་པ་དང་རིམ་པ་དམའ་དྲག་པའི་རྐྱེན་གྱིས། ཁྲིམས་ཀྱི་ཤུགས་མི་འདང་བར་བྱུང་བ་དང་། དེ་ལས་ནུས་པའི་བཀོལ་སྤྱོད་ལ་ཤུགས་རྐྱེན་ཐེབས་ཏེ། མི་རིགས་སློབ་གསོ་ལ་ཐོབ་འོས་པའི་ཁག་ཐེག་དང་སྐུལ་འདེད་ནུས་པ་ཡང་ཐོན་དཀའ་བ་ཡིན། 2002ལོར། རྒྱལ་ཁབ་ཀྱིས《གྲངས་ཉུང་མི་རིགས་སློབ་གསོའི་སྒྲིག་ཡིག》གི་མ་ཡིག་ཞིབ་འཇུག་བྱ་བ་འགོ་བརྩམས་ལ། སྲིད་འཛིན་ཁྲིམས་སྲོལ་རིམ་པ་ལས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སློབ་གསོའི་ཁྲོད་ཀྱི་རྩ་བའི་གནད་དོན་གཙོ་བོ་མངོན་གསལ་ཚད་ལྡན་བྱེད་པར་ཚོད་ལྟ་བྱས་ལ། “བཅུ་ལྔ”བར་སྐབས་སུ་ཁྱབ་བསྒྲགས་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་མོད། འོན་ཀྱང་ད་བར་དུ་ད་དུང་དངོས་སུ་བཏོན་མེད། མིག་སྔར། ཀྲུང་གོའི་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལ་བརྟེན་ནས་སློབ་གསོ་སྐྱོང་བའི་དགོས་མཁོ་དང་འཚམ་པར་བྱེད་ཆེད་དང་། མི་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཆེད་དུ། རེ་བ་ནན་མོ་བཏོན་ཏེ《གྲངས་ཉུང་མི་རིགས་སློབ་གསོའི་སྒྲིག་ཡིག》གཏན་འཁེལ་གྱི་བྱ་བ་ཚོགས་འདུའི་བྱ་བའི་གོ་རིམ་ཁྲོད་བཀོད་སྒྲིག་བྱེད་དགོས་ལ། མྱུར་དུ་གསལ་འདོན་བྱེད་དགོས་པ་ཡིན། དེ་དང་མཉམ་དུ། ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་རྩ་བའི་ཁྲིམས་ཟིན་ཐོར་བཏབ་ཏེ། 《གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས》ཕྱིར་འདོན་བྱེད་པར་མགྱོགས་མྱུར་ངང་ཆ་རྐྱེན་བཟོ་དགོས། 《གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས》ཟིན་ཐོར་བཀོད་པ་དེས། ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་པ་དང་། ཀྲུང་གོའི་མི་རིགས་སློབ་གསོའི་ལས་དོན་ཁྲིམས་ལུགས་ཅན་གྱི་ལམ་དུ་འགྲོ་བར་སྐུལ་འདེད་བྱས་པ་ཡིན།

གཉིས་པ། མི་རིགས་སློབ་གསོའི་ཁྲིམས་འཛུགས་མཛུབ་སྟོན་བསམ་བློ་ལ་ཕྱོགས་ཞེན་ཤོར་བ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ཁྲིམས་འཛུགས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་ཞིབ་དཔྱོད་བྱས་པ་བརྒྱུད་དེ་ང་ཚོས་ཤེས་གསལ་ལྟར་དུ། ཀྲུང་གོའི་མི་རིགས་སློབ་གསོའི་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་སློབ་གསོར་བརྩི་མཐོང་བྱས་ཡོད་ལ། ལྷག་ཏུ་གཙོ་རྒྱུགས་སྤྱི་ཚོགས་སུ་འཛུལ་བར་སློབ་གསོའི་དབང་ཆའི་སྲུང་སྐྱོབ་ཐོབ་པ་ཡིན་པ་ལས། མི་རིགས་སློབ་གསོའི་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ནུས་པ་དང་ཆ་བྱད་ཚད་ལྡན་སྣང་མེད་དུ་བཞག་པ་ཡིན། ཀྲུང་གོའི་ད་ཡོད་མི་རིགས་སློབ་གསོའི་ཁྲིམས་ལས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལ་སྲུང་སྐྱོང་དང་འཕེལ་རྒྱས་དང་འབྲེལ་བ་ཅན་ཧ་ཅང་ཉུང་ལ། འདི་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཁྲོད་དོ་སྣང་བྱས་མེད་པའི་ནང་དོན་གཙོ་བོ་ཞིག་ཡིན་ལ། ཡང་ཀྲུང་གོའི་མི་རིགས་སློབ་གསོའི་ཁྲིམས་འཛུགས་མཛུབ་སྟོན་བསམ་བློའི་ཕྱོགས་ཞེན་ཡང་ཡིན། .jpgའདིའི་སྟེང་ནས་ཀྲུང་གོའི་སྐད་གཉིས་སློབ་ཁྲིད་སྲིད་ཇུས་ཀྱི་འགྱུར་ལྡོག་ཁྲོད་ཀྱི་གཅིག་ཡིན། ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་པའི་དུས་མགོར་གྲངས་ཉུང་མི་རིགས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཧ་ཅང་གཙིགས་ཆེན་དུ་འཛིན་ལ། འོན་ཀྱང་ད་ལྟའི་རིམ་པར་གྲངས་ཉུང་མི་རིགས་ཀྱི་སློབ་མར་རྒྱ་ཡིག་སློབ་སྦྱོང་དང་རྒྱུས་ལོན་ལ་དོ་སྣང་བྱེད་པ་སྟེ། དཔེར་ན་མི་རིགས་སྐད་ཀྱི་སློབ་ཁྲིད་བྱེད་པའི་མི་རིགས་སློབ་ཆུང་དུའང་རིམ་གྱིས་སློབ་ཆུང་ལོ་རིམ་དང་པོ་ནས་རྒྱ་ཡིག་བསླབ་ཚན་བཀོད་སྒྲིག་དང་། 《ཉིན་ཧྲིལ་བོའི་མི་རིགས་ཆུང་འབྲིང་སློབ་གྲྭའི་རྒྱ་ཡིག་སློབ་ཁྲིད་ཀྱི་རྩ་འཛིན(ཚོད་ལྟ)》དང《འབྲེལ་ཡོད་ཞིང་ཆེན་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་རྒྱ་ཡིག་ཆུ་ཚད་རིམ་པའི་རྒྱུགས་ལེན་སྐོར་གྱི་བརྡ་སྦྱོར(ཚོད་ལྟ)》སོགས་ལྟ་བུ་ལས། གྲངས་ཉུང་མི་རིགས་སློབ་མས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་གཏན་འཁེལ་ཐད་ནས་ཆད་ལྷག་ཆེན་པོ་བྱུང་ཡོད།

གསུམ་པ། མི་རིགས་སློབ་གསོའི་ཁྲིམས་འཛུགས་ནང་དོན་འཐུས་ཚང་མིན་པ་དང་གཙོ་གནད་འབུར་ཐོན་མིན་པ། སྔོན་ནས་བཤད་པ་ལྟར་དུ་ཀྲུང་གོའི་ད་ལྟའི་མི་རིགས་སློབ་གསོའི་ཁྲིམས་སྲོལ་ཐད་དུ་གྲངས་ཉུང་མི་རིགས་སྲོལ་རིག་གནས་ཀྱི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ནང་དོན་ཧ་ཅང་ཉུང་བ་དང་། གྲངས་ཉུང་མི་རིགས་སློབ་མ་སློབ་འཕེར་བྱས་རྗེས་ཀྱི་སློབ་སྦྱོང་གི་ཟབ་སྦྱོང་དང་རོགས་རམ་སོགས་དང་འབྲེལ་བའི་གཏན་འཁེལ་སྣང་མེད་དུ་བཞག་པ་ལས་གཞན། ད་དུང་མི་རིགས་སློབ་གསོའི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཆེན་པོ་གཞན་དག་སྟེ། དཔེར་ན། གྲངས་ཉུང་མི་རིགས་སློབ་གསོའི་འཕེལ་རྒྱས་ཁྲོད་ཀྱི་སྲིད་གཞུང་གི་ལས་འགན་དང་མི་རིགས་སློབ་གསོའི་གྲོན་དངུལ། དགེ་རྒན་གྱི་དཔུང་ཁག གྲངས་ཉུང་མི་རིགས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་དང་དམིགས་བསལ་ཆེད་ལས་ཤེས་ལྡན་ཀྱི་གསོ་སྐྱོང་། མི་རིགས་སློབ་གསོའི་ཚན་རིག་ཞིབ་འཇུག་སོགས་གཏན་འཁེལ་སྣང་མེད་དུ་བཞག་པའམ་ཡང་ན་མངོན་གསལ་གྱི་གཏན་འཁེལ་མི་འདུག མིག་སྔར། མི་རིགས་སློབ་གསོའི་རྩ་བའི་གནད་དོན་ཆེན་པོའི་གཏན་འཁེལ་དེ་གཙོ་བོ2002ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་སྤེལ་བྱས་པའི《མགྱོགས་མྱུར་ངང་མི་རིགས་སློབ་གསོའི་གཏིང་ཟབ་བཅོས་སྒྱུར་གྱི་འབྲེལ་ཡོད་ཐག་གཅོད》ཁྲོད་དུ། ནང་དོན་ཐད་དུ་ཅུང་སྤྱི་ཁོག་ལྡན་མོད། ཁ་གཏད་རྣམ་པ་དང་སྤྱོད་ཐབས་རྣམ་པ་གསལ་བོ་མ་རེད། འདི་དག་ནི་རྒྱལ་ཁབ་དབུ་བརྙེས་པའི་སྐབས་སུ། ཀྲུང་གོ་སྲིད་གཞུང་གིས《གྲངས་ཉུང་མི་རིགས་སློབ་གསོའི་ལས་དོན་ཐད་དང་འབྲེལ་བའི་མཛུབ་སྟོན》དང《གྲངས་ཉུང་མི་རིགས་དགེ་རྒན་དཔུང་ཁག་གསོ་སྐྱོང་གི་ཚོད་ལྟའི་འཆར་གཞི》སོགས་ཆེད་དོན་ཁྲིམས་སྲོལ་གཏན་འབེབས་བྱས་མོད། འོན་ཀྱང་ཁྲིམས་སྲོལ་འདི་དག་དུས་ཚོད་ཀྱི་འགྲོས་དང་ཀྲུང་གོའི་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལས། ནང་དོན་མང་ཤོས་ཤིག་བཀོལ་སྤྱོད་བྱེད་མི་འཚམ་པར་གྱུར་འདུག དེའི་རྐྱེན། མི་རིགས་སློབ་གསོའི་ཁྲིམས་སྲོལ་ལ་ཤུགས་སྣོན་བྱས་ཏེ་དག་བཅོས་དང་མེད་པར་བཟོ་དགོས་པ་དག་མེད་པར་བཟོ་བའམ་ཡང་ན་ཁྲིམས་སྲོལ་གསར་བ་སྒྲིག་བཟོ་བྱེད་དགོས་ལ། དེ་ལས་ཀྲུང་གོའི་མི་རིགས་སློབ་གསོའི་ཁྲོད་ཀྱི་གནད་དོན་ཆེ་བ་དག་གི་གཙོ་གནད་དང་འབུར་དུ་ཐོན་པའི་གནད་དོན་ལ་ཁྲིམས་ཡོད་པ་དང་ཁྲིམས་ལ་བརྟེན་ཐུབ་པ། ལྷག་ཏུ་བཀོལ་སྤྱོད་རང་བཞིན་དང་ཉེར་སྤྱོད་རང་བཞིན་ལྡན་པར་བྱེད་དགོས།

བཞི་བ། ས་གནས་མི་རིགས་སློབ་གསོའི་ཁྲིམས་འཛུགས་རྗེས་ལུས་ཚབས་ཆེན་ཡིན་པ། ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས154ཁྲོད་དུ། ས་གནས་བཅུ་ལྷག་ལ་མི་རིགས་སློབ་གསོའི་ཁྲིམས་སྲོལ་གཏན་འབེབས་བྱས་ཡོད་ལ། ས་ཁུལ་མང་ཆེ་བར་ད་དུང་མི་རིགས་སློབ་གསོའི་ཁྲིམས་སྲོལ་གཏན་འབེབས་བྱས་མེད། འདི་ནི་ཀྲུང་དབྱང་གི་སློབ་གསོའི་ཁྲིམས་འཛུགས་ཀྱི་འཕེལ་རྒྱས་དང་མི་མཐུན་ལ། མི་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་བའི་རེ་བ་དང་ཡང་མི་མཐུན་པ་དང་། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་བར་དུ་མཐུན་སྦྱོར་བྱེད་མི་ཐུབ།.jpg གཞན་ཡང་བསྡོམས་རྩིས་བྱས་པ་ལྟར་ན1985ལོར་ཀྲུང་གོའི་ཐེངས་དང་པོའི་མི་རིགས་རང་སྐྱོང་ས་གནས་རང་སྐྱོང་སྲོལ་ཡིག《ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》ཅི་ལིན་མི་དམངས་ཚོགས་ཆེན་ནས་ཆོག་མཆན་ཐོབ་རྗེས་ནས2000ལོའི་ལོ་མཇུག་བར། མི་རིགས་རང་སྐྱོང་ས་ཁུལ་ལ་སྤྱི་བསྡོམས་པས་རང་སྐྱོང་སྲོལ་ཡིག133གཏན་འབེབས་དང་། སྲོལ་ཡིག་རྐྱང་བ280། བབ་བསྟུན་ནམ་ཁ་གསབ་གཏན་འཁེལ64ལྷག་བྱུང་ལ། དེ་དག་དང་བསྡུར་ན། ས་གནས་མི་རིགས་སློབ་གསོའི་ཁྲིམས་འཛུགས་མངོན་གསལ་གྱིས་རྗེས་སུ་ལུས་འདུག

ལྔ་བ། ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་རིགས་སློབ་གསོའི་ཁྲིམས་སྲོལ་ལ་ཁྲིམས་ལུགས་ཀྱི་རྣམ་པ་དང་ཁྲིམས་ལུགས་སྐད་ཆའི་ཚད་ལྡན་མིན་པ་བྱུང་ཡོད་ལ། མི་རིགས་སློབ་གསོའི་ཁྲིམས་འཛུགས་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་སོགས་ཀྱི་གནད་དོན་ཡོད།

4 འཕེལ་རྒྱས་ཐབས་ཇུས།

ཀྲུང་གོའི་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཀྱི་གནས་བབ་དང་གནད་དོན་ལ་དམིགས་ཏེ། གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་བྱེད་ཆེད། མགྱོགས་མྱུར་ངང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཀྱི་མི་འཚམ་པའི་རྣམ་པ་བཅོས་སྒྱུར་བྱེད་དགོས་ཏེ། ཐོག་མར་ངེས་པར་དུ་ཚན་རིག་དང་ཡང་དག་པའི་མི་རིགས་སློབ་གསོའི་ཁྲིམས་འཛུགས་མཛུབ་སྟོན་བསམ་བློ་ཆགས་དགོས་ལ། གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཀྱི་རྩ་བའི་རྩ་དོན་མངོན་གསལ་བྱེད་དགོས། དེའི་རྨང་གཞིའི་སྟེང་དུ། ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ནང་དོན་ལ་ཞིབ་འཇུག་ཐག་གཅོད་བྱེད་དགོས་པར་མ་ཟད། གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་མ་ལག་གི་ཟུར་ངོས་ནས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་གོ་རིམ་ཡོད་པར་མི་རིགས་སློབ་གསོའི་ཁྲིམས་འཛུགས་བྱ་བ་སྐུལ་འདེད་བྱེད་དགོས། འདི་ལྟར་བྱས་ན། ད་གཟོད་གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཀྱི་སྤུས་ཀ་དང་ནུས་པ་མཐོར་འདེགས་གཏོང་ཐུབ་པ་ལས། ཁྲིམས་འཛུགས་བྱ་བའི་མུན་འཐོམས་རང་བཞིན་དང་རང་འདོད་རང་བཞིན་གཏན་འགོག་དང་ཁྲིམས་སྲོལ་བར་དུ་མི་དགོས་པའི་བསྣོལ་དྲ་དང་བསྐྱར་ཟློས་འབྱུང་བར་བཀག་འགོག་བྱེད་པ་ལས། གྲངས་ཉུང་མི་རིགས་སློབ་གསོའི་ཁྲིམས་འཛུགས་ཏེ་ཡོངས་ཁྱབ་ཀྱིས་མི་རིགས་སློབ་གསོར་སྲུང་སྐྱོབ་ཐོབ་པའི་ནུས་པ་ཐོན་པར་འབད་བརྩོན་བྱེད་དགོས།

5 དཀའ་གནད་ཚད་བརྒལ།

གཅིག མ་དངུལ་གཏོང་བར་ཁ་སྣོན། ཀྲུང་དབྱང་གིས་བརྒྱུད་སྤྲོད་བྱས་པའི་ནོར་སྲིད་མ་དངུལ་དེ་ནུབ་ཕྱོགས་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོའི་འགྲོ་གྲོན་གྱི80%ཡན་ཟིན་ཡོད་ལ། “བཅུ་ལྔ”འི་དུས་སྐབས་སུ་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར50ཡིས་ཐེངས་གཉིས་པའི་རྒྱལ་ཁབ་དབུལ་སྐྱོར་ས་ཁུལ་གྱི་འོས་འགན་སློབ་གསོའི་ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་ཏེ་ལྷག་ཏུ་མི་གྲངས་ཉུང་བའི་མི་རིགས་ས་ཁུལ་དུ་མ་དངུལ་གཏོང་ས་གཙོ་བོར་བྱས་ཡོད་ལ། ཐེངས་གཉིས་པའི“ཞིང་སྡེའི་ཆུང་འབྲིང་སློབ་གྲྭའི་ཉེན་ཁ་ཅན་གྱི་ཁང་པ་ཞིག་གསོའི་ལས་གཞི”ལག་བསྟར་ལ་ཀྲུང་དབྱང་གིས་སྒོར་དུང་ཕྱུར60བཏང་ལ། དེའི་ཁྲོད་དུ་དུང་ཕྱུར40ནང་གི57%ནུས་ཕྱོགས་ས་ཁུལ་དང་མི་རིགས་ས་ཁུལ་དུ་བཏང་། “བཅུ་ལྔ”འི་སྐབས་སུ་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར0.4ཡིས་ཡིག་རྨོངས་སེལ་བའི་རོགས་སྐྱོར་མ་དངུལ་དེ་ཡང་གཙོ་བོ་ནུབ་ཕྱོགས་ཀྱི་མི་རིགས་ས་ཁུལ་དུ་བཏང་བ་ཡིན།

གཉིས། སྔར་ལས་ལྷག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་མི་རིགས་ས་ཁུལ་དུ“རྨང་གཉིས”བར་བརྒལ་དམིགས་འབེན་མངོན་འགྱུར་ལ་ཁག་ཐེག་བྱེད་དགོས། 2004ལོར། རྒྱལ་ཁབ་ཀྱི་ཐག་གཅོད་བྱས་ཏེ“རྨང་གཉིས”བར་བརྒལ་འཆར་གཞི་ལག་བསྟར་བྱས་ལ། ལོ་བཞིའི་ནང་མ་དངུལ་སྒོར་དུང་ཕྱུར100བཏང་སྟེ། ནུབ་ཕྱོགས་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་ཞིང་སྡེའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཞག་སྡོད་སློབ་མའི་གྲངས་ཀ་ཁྲི203ལ་འཕེར།

གསུམ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་དགོས། 2005ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་། ནུབ་དབུས་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོའི་རིམ་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཁྲི3000ལྷག་ལ་རིན་མེད་བསླབ་དེབ་ཐོབ་པར་བྱས་ལ། དེའི་ནང་ནས་ཞིན་ཅིང་དང་བོད་ལྗོངས། ཉིན་ཞ། མཚོ་སྔོན་སོགས་ཞིང་ཆེན་དང་ས་ཁུལ་གྱི་སློབ་མས་གོ་སྐབས་ཐོབ་ཚད80%ལས་བརྒལ་བ་དང་། ལྷག་ཏུ་བོད་ལྗོངས་ཞིང་འབྲོག་སྡེའི་ས་ཁུལ་གྱི་འོས་འགན་སློབ་གསོའི་རིམ་པའི་སློབ་མར“འགན་ལེན་གསུམ” (ཟ་མ་དང་ཞག་སྡོད། སློབ་སྦྱོང་གི་རིན་པ)ལག་བསྟར་བྱས། ཞིན་ཅིང་གི་རྫོང56གི་འོས་འགན་སློབ་གསོའི་རིམ་པའི་སློབ་མར་རིན་མེད་བསླབ་དེབ་མཁོ་སྤྲོད་བྱས་པ་ཡིན།

བཞི། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་ངལ་རྩོལ་པ་དང་ནུས་རྩལ་ཅན་གྱི་ཆད་ལྷག་ལྡན་པའི་ཤེས་ལྡན་གསོ་སྐྱོང་བྱེད་དགོས། ནུབ་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་བར་ཤུགས་སྣོན་དགོས་པ་དང་། མི་རིགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུ་གཞི་ཁྱོན་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་ངལ་རྩོལ་ནུས་ཤུགས་བརྗེ་སྤོའི་གསོ་སྦྱོང་འཆར་གཞི་དང་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན། རྫོང་རིམ་པའི་ལས་རིགས་སློབ་གསོ་ལྟེ་གནས་འཛུགས་སྐྲུན་སོགས་ནུབ་ཁུལ་དང་མི་རིགས་ས་ཁུལ་དུ་ཕྱོགས་དགོས།

ལྔ། གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་དགེ་རྒན་དཔུང་ཁག་དང་རྒྱལ་ཡོངས་ཀྱི་མི་རིགས་དང་དབུལ་ཕོངས་ས་ཁུལ་གྱི་དགེ་རྒན་གྱི་ཕྱོགས་བསྡུས་སྤུས་ཚད་གསོ་སྦྱོང་བྱ་བ་ནན་མོ་བཟུང་དགོས་ལ། སྐད་གཉིས་སློབ་གསོའི་སྒྲིག་གཞི་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། སློབ་གསོ་པུའུ་ཡིས་གསར་དུ་མི་རིགས་དབུལ་ཕོངས་ས་ཁུལ་གྱི་ཆུང་འབྲིང་སློབ་གྲྭའི་དགེ་རྒན་གྱི་ཕྱོགས་བསྡུས་སྤུས་ཚད་གསོ་སྦྱོང་རྣམ་གྲངས་དང་བསླབ་ཚན་གསར་བའི་དགེ་རྒན་དཔུང་ཁག་གི་གསོ་སྦྱོང་འཆར་གཞི (2004—2008)བྱེད་མགོ་བརྩམས་ལ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས20ཡིས་ཆུང་འབྲིང་སློབ་གྲྭའི་དགེ་རྒན་ཁྲི་བརྒྱ་ལྷག་གིས་བྱ་འགུལ་འདིའི་ཁྲོད་ནས་གསོ་སྦྱོང་བྱ་བ་མཐོར་འདེགས་སུ་བཏང་།

དྲུག གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་རྐང་འཛིན་ཤེས་ལྡན་གསོ་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། 2000ལོ་ནས2004བར་གྱི་ལོ་ལྔའི་རིང་ལ། .jpgནུབ་ཁུལ་དངོས་གཞི་སློབ་མ་བསྡུ་ཁུངས་འཆར་གཞི་བཀོད་སྒྲིག་ཚད་རྒྱལ་ཡོངས་ནས་ཇེ་མཐོར་སོང་ལ། 2005ལོར་མུ་མཐུད་དུ་ཇེ་མཐོར་སོང་། དེ་དང་མཉམ་དུ་ནང་ལོགས་ས་ཁུལ་གྱི་དཀྱུས་མའི་མཐོ་རིམ་སློབ་གླིང་གི་གྲངས་ཉུང་མི་རིགས་གྲ་སྒྲིག་འཛིན་གྲྭ་དང་། མི་རིགས་འཛིན་གྲྭ་བསྡུ་ལེན་གྱི་གཞི་ཁྱོན་མུ་མཐུད་ཇེ་མཐོར་བཏང་། 2006ལོར་ནས་བཟུང་། “ཁ་ཕྱོགས་གཏན་འཁེལ་གྱི་སློབ་བསྡུ་དང་གསོ་སྐྱོང་། ལས་ཞུགས”ཀྱི་བྱེད་ཐབས་ལས་གྲངས་ཉུང་མི་རིགས་ཤེས་རམས་པ་དང་འབུམ་རམས་པ་བསྡུ་ལེན་བྱས་ལ། 2007ལོར་ལོ་གཅིག་གི་བསྡུ་ལེན་གཞི་ཁྱོན་མི5000ལྷག་ལ་ཐོན།

6 འཕེལ་རྒྱས་དམིགས་འབེན།

1 རིམ་གྱིས་རྩ་བའི་ཆ་ནས་སྤྱི་པའི་སློབ་གསོའི་ཞབས་ཞུ་འདྲ་མཉམ་ཅན་མངོན་འགྱུར་བྱེད་དུ་འཇུག་པ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་ཐག་གཅོད》(གཤམ་ནས་བསྡུས་ཏེ《ཐག་གཅོད》ཟེར་རྒྱུ)གཞིར་བཟུང་ཏེ། 2020ལོར་བར་དུ། མི་རིགས་ས་ཁུལ་སློབ་གསོ་ཡོངས་ཁྱབ་ཀྱི་འཕེལ་རྒྱས་ཆུ་ཚད་དང་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལ་ཉེ་བར་བྱེད་པའམ་ཐོན་པར་བྱས་ཏེ། རིམ་བཞིན་རྩ་བའི་ཆ་ནས་སྤྱི་པའི་སློབ་གསོའི་ཞབས་ཞུ་འདྲ་མཉམ་ཅན་དུ་མངོན་འགྱུར་བྱེད་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་སློབ་སྔོན་ལོ་གཉིས་དང་གསུམ་གྱི་སློབ་ཞུགས་ཚད་རྐྱང་རྐྱང80%དང70%ལ་ཐོན་འདུག འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་རྩ་བའི་ཆ་ནས་ཚད་ལྡན་ཅན་དུ་གྱུར་ཡོད། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་ཚད95%ཐོན་པ་དང་། ཧུར་ཐག་སྒོས་སློབ་གྲྭར་མི་འགྲོ་བའི་སྣང་ཚུལ་མེད་པར་གཏོང་བ་དང་། རྩ་བའི་ཆ་ནས་རྫོང་ནང་ཁུལ་གྱི་ཆ་སྙོམས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། མཐོ་འབྲིང་རིམ་པའི་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་བརྡལ་དང་དཀྱུས་མའི་ལས་རིགས་ཀྱང་ཕལ་ཆེར་འདྲ་མཚུངས་སུ་སྣང་། འབྲིང་རིམ་ལས་རིགས་སློབ་གསོ་རྩ་བའི་ཆ་ནས་རིན་མེད་མངོན་འགྱུར་བྱས་ཟིན། མཐོ་རིམ་སློབ་གསོའི་སློབ་ཞུགས་གོ་སྐབས་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་བསྟུན་ནས། མཐོ་རྒྱུགས་བསྡུ་ལེན་ཚད་ཀྱང་མུ་མཐུད་དུ་ཇེ་མཐོར་འགྲོ་བ་དང་། རིག་ཚན་ཆེད་ལས་སྒྲིག་གཞི་ཡང་རྩ་བའི་ཆ་ནས་འོས་འཚམས་དང་ཉེར་སྤྱོད་རྣམ་པ། མཉམ་འདུས་རྣམ་པ། ལག་རྩལ་ནུས་རྩལ་རྣམ་པའི་ཤེས་ལྡན་གསོ་སྐྱོང་གི་ཚད་ཀྱང་མངོན་གསལ་གྱིས་མཐོར་འདེགས་ཐོན་འདུག

2 སློབ་གསོ་དང་ཆོས་ལུགས་ཕན་ཚུན་དབྱེ་བ་རྒྱུན་འཁྱོངས།  《ཐག་གཅོད》ལས་ཁྲིམས་ལ་བརྟེན་ནས་སློབ་གསོ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ཀྱིས་གཏིང་ཟབ་སྒོས་མི་རིགས་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པ། སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཁྲིམས་སྐྱོང་སྲིད་འཛིན་དང་སློབ་གྲྭས་ཁྲིམས་ཀྱིས་སློབ་གྲྭ་སྐྱོང་བ་ལ་བློ་བརྟན་པོས་ངང་སྐུལ་འདེད་བྱེད་པ་དང་།  མི་རིགས་དགེ་སློབ་ཡོངས་ཀྱིས་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་གཏོང་དགོས། སློབ་གསོ་དང་ཆོས་ལུགས་ཕན་ཚུན་དབྱེ་བ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་ཁ་ཕྱོགས་དང་ཆོས་ལུགས་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱས་ཏེ། རྩ་འཛུགས་དང་མི་སྒེར་གང་རུང་ཞིག་གིས་ཀྱང་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་སྲོལ་གྱི་བྱ་འགུལ་ལ་བཀག་འགོག་དང་། སློབ་གྲྭའི་ནང་ནས་ཆོས་སྤེལ་བའམ་དགེ་ཕྲུག་སྐྱོང་བ། ཆོས་ལུགས་བྱ་འགུལ་ཁང་། ཆོས་ལུགས་བྱ་འགུལ་སྤེལ་བ། ཆོས་ལུགས་རྩ་འཛུགས་འཛུགས་པ་སོགས་གཏན་ནས་བྱས་མི་ཆོག

3 མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྒྱུན་ལྡན་རྣམ་པའི་སྒྲིག་གཞི་འཛུགས་པ། 《ཐག་གཅོད》ལས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྒྱུན་ལྡན་རྣམ་པའི་སྒྲིག་གཞི་འཛུགས་པར་རེ་བ་བཏོན་ཡོད་ལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་ཏེ། རིགས་སོ་སོའི་སློབ་མར“འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཡིད་ལ་བརྟན་པོར་འཛིན་དུ་འཇུག་དགོས་པ་དང་། མུ་མཐུད་དུ་རླབས་ཆེ་བའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་ཐོབ་ཏུ་འཇུག་དགོས། མི་རིགས་མཐུན་སྒྲིལ་སློབ་གསོ་གཏིང་ཟབ་པའི་སྒོ་ནས་སློབ་གྲྭ་དང་སློབ་ཐུན། ཀླད་པ་བཅས་ཀྱི་ནང་དུ་སྐུལ་བ་དང་། རྒྱལ་ཡོངས་ཀྱི་སློབ་ཆུང་གི་ལོ་རིམ་མཐོ་ཤོས་དང་དམའ་འབྲིང་དུ་མི་རིགས་མཐུན་སྒྲིལ་སློབ་གསོའི་ཆེད་དོན་སློབ་ཁྲིད་བཀོད་སྒྲིག་བྱེད་དགོས་པ་དང་། དཀྱུས་མའི་མཐོ་འབྲིང་གི་བསམ་བློའི་ཆབ་སྲིད་བསླབ་ཚན་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནང་དོན་ལ་ཤུགས་སྣོན་བྱེད་དགོས། དཀྱུས་མའི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་ནང་དུ་ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱི་བསླབ་ཚན་བཀོད་སྒྲིག་བྱེད་དགོས།

4 སྔར་ལས་ལྷག་པའི་སྒོ་ནས་སྔར་ཡོད་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་མར་མཐོ་རྒྱུགས་ཁྲོད་སྐར་མ་སྣོན་པ་གཞི་བཞག་དང་འཐུས་ཚང་དུ་གཏོང་དགོས། 《ཐག་གཅོད》ལས་རྒྱུགས་ལེན་སློབ་བསྡུ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་རེ་བ་བཏོན་ཡོད་ལ། རྒྱལ་ཁབ་ཀྱི་རྒྱུགས་ལེན་སློབ་བསྡུ་བཅོས་སྒྱུར་གྱི་གཅིག་གྱུར་རེ་བ་གཞིར་བཟུང་ནས། སྔར་ཡོད་ཀྱི་སྟེང་དུ་མཐའ་མཚམས་དང་རི་ཁུལ། འབྲོག་ཁུལ། གྲངས་ཉུང་མི་རིགས་འདུས་སྡོད་ཆེ་བའི་ས་ཁུལ་གྱི་སློབ་མར་མཐོ་རྒྱུགས་སྐབས་སུ་སྐར་མ་སྣོན་པའི་སྲིད་ཇུས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གཏོང་དགོས་ལ། མི་རིགས་ས་ཁུལ་དང་ནང་ལོགས་ཀྱི་ཞིན་ཅིང་དང་བོད་ལྗོངས་འཛིན་གྲྭའི་སློབ་མའི་བསྡུ་ལེན་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། རིམ་བཞིན་འཚོལ་ཞིབ་བྱས་ཏེ་མཐོ་རྒྱུགས་གཅིག་གྱུར་དང་མཐོ་འབྲིང་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་རྒྱུགས་འབྲས་དང་། ཕྱོགས་བསྡུས་སྤུས་ཚད་དཔྱད་འཇོག་གི་དྲང་བདེན། སྣ་མང་གི་བསྡུ་ལེན་སྒྲིག་གཞི་བཅས་འཛུགས་སྐྲུན་བྱེད་དགོས། མཐོ་རིམ་སློབ་གྲྭའི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་མ་བསྡུ་ལེན་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་མི་རིགས་འཛིན་གྲྭའི་གྲ་སྒྲིག་རིམ་པའི་སྐབས་སུ་བསླབ་རྫོགས་ལྷན་རྒྱུགས་སྒྲིག་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། མུ་མཐུད་དུ་གསོ་སྐྱོང་གི་སྤུས་ཚད་མཐོར་འདེགས་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-09

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།