རང་སྦྱོང་རྒྱུགས་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་སྦྱོང་རྒྱུགས་ལེན།
མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་བསྡུས་མིང་ཡིན་ལ། 1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་སྟེ་བཙུགས་པ་ཡིན་ལ། རང་སྦྱོང་བྱེད་མཁན་དག་ལ་བསླབས་རིམ་རྒྱུགས་ལེན་གཙོ་བོ་བྱས་པའི་མཐོ་རིམ་སློབ་གསོའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཡིན། སྒེར་གྱི་རང་སྦྱོང་དང་སྤྱི་ཚོགས་སློབ་སྐྱོར། རྒྱལ་ཁབ་ཀྱི་རྒྱུགས་ལེན་མཉམ་འབྲེལ་བྱས་པའི་མཐོ་རིམ་སློབ་གསོའི་རྣམ་པ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་མཐོ་རིམ་སློབ་གསོའི་མ་ལག་གི་གྲུབ་ཆ་གཙོ་བོ་ཁག་ཡིན། རྒྱལ་ཁབ་ཀྱི་རྒྱུགས་ལེན་ལས་སྒེར་གྱི་རང་སྦྱོང་དང་སྤྱི་ཚོགས་སློབ་སྐྱོར་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་ཞིག་དང་། རྩ་ཁྲིམས་གཞིར་བཟུང་ནས་རང་སྦྱོང་ཤེས་ལྡན་ཅན་དུ་འགྱུར་བའི་གཏན་འཁེལ་ལྟར། སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་འདེམས་པ་དང་གསོ་སྐྱོང་བྱེད་པ་ཡིན། མི་རིགས་སོ་སོའི་བསམ་བློའི་ཀུན་སྤྱོད་སྤུས་ཚད་དང་ཚན་རིག་རིག་གནས་སྤུས་ཚད་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱེད་དགོས། སློབ་སྦྱོང་མཐར་ཕྱིན་ཏེ་དཔྱད་རྩོམ་བགྲོ་གླེང་དང་ཕྱི་ཡིག་བསླབ་གནས་ཞིབ་དཔྱད་ཚད་གཞི་ལ་ཐོན་པ་ཡིན་ན། དར་མའི་ཤེས་རམས་བསླབ་གནས་རེ་ཞུ་བྱས་ཆོག་ལ། ད་དུང་མུ་མཐུད་དུ་རམ་འབྱམས་དང་འབུམ་རམས་པའི་བསླབ་གནས་སློབ་སྦྱོང་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高等教育自学考试
ཕྱི་ཡིག་གི་མིང་།
Self-taught higher education examinations
མགོ་ཁྲིད་ལས་ཁུངས།
རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་མཛུབ་སྟོན་ཨུ་ཡོན་ཚོགས་པ།
རྒྱུགས་ལེན་རྣམ་པ།
རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞི།
སློབ་གསོའི་རྣམ་པ།
མཐོ་རིམ་སློབ་གསོའི་དངོས་གཞི་དང་ཆེད་སྦྱོང་བསླབས་རིམ་སློབ་གསོ།
མིང་ཆ་ཚང་།
མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན།
1 རྒྱལ་ཁབ་རྒྱུགས་ལེན་ལས་ཁུངས།

1 རྒྱལ་ཡོངས་རྒྱུགས་ལེན་ཨུ་ཡོན་ཚོགས་པ། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་མགོ་ཁྲིད་འོག་རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བྱ་བར་འགན་འཁུར་ཡོད་ལ། རྒྱལ་ཡོངས་རྒྱུགས་ལེན་ཨུ་ཡོན་ལྷན་ཚོགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་དང་འཆར་གཞི། ནོར་སྲིད། ངལ་རྩོལ་མི་དོན་སྡེ་ཁག་གིས་འགན་འཁུར་མི་སྣ་དང་། དམག་ཁུལ་དང་འབྲེལ་ཡོད་དམངས་ཚོགས་ཀྱི་འགན་འཁུར་མི་སྣ། ད་དུང་མཐོ་རིམ་སློབ་གྲྭ་ཁག་གིས་སློབ་གཙོ་དང་ཆེད་མཁས། ཤེས་ཡོན་པ་བཅས་ཀྱིས་གྲུབ་པ་ཡིན། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཚོགས་སུ་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བྱ་བའི་དོ་དམ་ལས་ཁུངས་བཙུགས་ཡོད་ལ། དེ་ནི་རྒྱལ་ཡོངས་རྒྱུགས་ལེན་ཨུ་ཡོན་ཚོགས་པའི་རྒྱུན་ལས་ལས་ཁུངས་ཡིན།

2 ཆེད་ལས་ཨུ་ཡོན་ཚོགས་པ། རྒྱལ་ཡོངས་རྒྱུགས་ལེན་ཨུ་ཡོན་ཚོགས་པས་བྱ་བའི་དགོས་མཁོའི་དབང་གིས་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་ལ། ཆེད་ལས་རྒྱུགས་ལེན་འཆར་གཞི་དང་བསླབ་ཚན་རང་སྦྱོང་རྒྱུགས་ལེན་རྩ་འཛིན་བསྒྲིགས་པ།རང་སྦྱོང་རྒྱུགས་ལེན་མཐོ་རིམ་སློབ་གསོའི་བསླབ་དེབ་རྩོམ་སྒྲིག་དང་འོས་སྦྱོར་བྱེད་པ། ཆེད་ལས་རྒྱུགས་ལེན་གྱི་བྱ་བའི་ལས་ཀར་མཛུབ་སྟོན་དང་སྤུས་ཚད་དཔྱད་འཇོག་བྱེད་པ།

3 ཞིང་ཆེན་རྒྱུགས་ལེན་ཨུ་ཡོན་ཚོགས་པ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་སོ་སོར་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད།

4 ཞིང་ཆེན་རྒྱུགས་ལེན་གཞུང་དོན་ཁང་། ཞིང་ཆེན་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་ཏུ་ཞིང་ཆེན་རྒྱུགས་ལེན་ཨུ་ཡོན་ཚོགས་པའི་བྱ་བའི་དོ་དམ་ལས་ཁུངས་བཙུགས་ཡོད་ལ། དེ་ནི་ཞིང་ཆེན་རྒྱུགས་ལེན་ཨུ་ཡོན་ཚོགས་པའི་རྒྱུན་ལས་ལས་ཁུངས་ཡིན།

5 ས་གནས་གྲོང་ཁྱེར་རྒྱུགས་ལེན་ཨུ་ཡོན་ལྷན་ཚོགས། ཞིང་ཆེན་དང་རང་སྐྱོང་ས་ཁུལ་གྱི་མངགས་གཏོང་ལས་ཁུངས་ཀྱི་དོ་དམ་ས་ཁུལ་དང་གྲོང་ཁྱེར། ཐད་གཏོགས་གྲོང་ཁྱེར་གྱི་ཐད་གཏོགས་ས་ཁུལ་ཏུ་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བྱ་བའི་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད།

6 རྒྱུགས་ལེན་གཙོ་བོའི་སློབ་གྲྭ། ཞིང་ཆེན་རྒྱུགས་ལེན་ཨུ་ཡོན་ལྷན་ཚོགས་ཀྱིས་འདེམས་གསེས་བྱས་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དཀྱུས་མའི་མཐོ་རིམ་སློབ་གྲྭར་འགན་འཁུར་དུ་འཇུག་པ་ཡིན་ལ། རྒྱུགས་ལེན་གཙོ་བོའི་སློབ་གྲྭས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བྱ་བའི་སྟེང་དུ་ཞིང་ཆེན་རྒྱུགས་ལེན་ཨུ་ཡོན་ཚོགས་པའི་འགོ་ཁྲིད་ལ་ཉན་དགོས། འདྲི་གཞི་དང་རྒྱུགས་དཔྱད་དུ་ཞུགས་པ་དང་། ལག་ལེན་རང་བཞིན་གྱི་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་དཔྱད་ཞིབ་ལ་འགན་འཁུར།

2 སྒྲིག་སྲོལ།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་མགོར། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བྱིན་པ་དང་བསྟུན་ནས། སྤྱི་ཚོགས་སུ་ཆེད་ལས་ཤེས་ལྡན་མང་པོ་དགོས་མཁོ་བྱུང་ལ། སློབ་སྦྱོང་བྱེད་པའི་འདུན་པ་དྲག་པོ་ཡིན་ལ། ད་ཡོད་ཀྱི་མཐོ་རིམ་སློབ་གསོའི་རྣམ་པས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ། བློ་མཐུན་ཏང་ཞོ་ཕིན་གྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་མཛུབ་སྟོན་འོག་ཏུ། སློབ་གསོ་པུའུ་ཡིས་རྩ་འཛུགས་ཞིབ་འཇུག་བྱས་ཏེ་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་སྒྲིག་སྲོལ་གཏན་འཁེལ་བྱས། 1980ལོའི་ཟླ10བར་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་དཔྱད་ཞིབ་སྒྲིག་སྲོལ་འཛུགས་པའི་ཐག་གཅོད་ཞེས་པ་བཀྲམ་པ་དང་། 1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར་ཆེད་སྦྱོང་དང་དངོས་གཞི་སོགས་བསླབས་རིམ་གྱི་རིམ་པ་འཛུགས་སྐྲུན་བྱས་ཆོག་ལ། དཀྱུས་མའི་མཐོ་རིམ་སློབ་གླིང་གི་བསླབས་རིམ་རིམ་པའི་ཆུ་ཚད་དང་གཅིག་འདྲ་ཡིན་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོ་བཅའ་ཁྲིམས》ཨང་ཉེར་གཅིག་པར་རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་སྒྲིག་སྲོལ་ལག་བསྟར་དང་། རྒྱུགས་ལེན་ལས་ཚད་གཞི་ལོངས་ན། དེ་མཐུན་གྱི་བསླབས་རིམ་དཔང་ཡིག་གམ་སྦྱོང་ཚན་དཔང་ཡིག་སྤྲད་ཆོག་ཞེས་བསྟན་ཡོད་ལ། ཁྲིམས་ལུགས་ཀྱི་རྣམ་པས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་སྒྲིག་སྲོལ་གྱི་ངོ་བོ་གཏན་འཁེལ་བྱས་ལ། རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་རྩ་བའི་སྒྲིག་སྲོལ་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པར་བྱས་ཡོད།

རྒྱུགས་གཞི་ནི་རྒྱལ་ཡོངས་རྒྱུགས་ལེན་ཨུ་ཡོན་ཚོགས་པས་གཅིག་གྱུར་བཀོད་སྒྲིག་བྱེད་པ་ཡིན་ལ། དེ་ཡང་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞི་དང་ས་ཁོངས་རྒྱུགས་གཞི། ཞིང་ཆེན་རིམ་པའི་རྒྱུགས་གཞི་བཅས་བྱེད་ཐབས་གསུམ་ཡོད་ལ། འདྲི་གཞི་དང་ཟུར་བལྟའི་དྲིས་ལན། སྐར་གྲངས་ཚད་གཞི་བཅས་བཀོལ་སྤྱོད་མ་བྱས་སྔོན་ལ་གསང་རྒྱ་དམ་པོ་བྱེད་དགོས།

ཆེད་ལས་སོ་སོའི་རྒྱུགས་ལེན་གྱི་འཆར་གཞི་ལྟར། ཆེད་སྦྱོང་ལ་སྤྱིར་བཏང་ལོ3-4བར། དངོས་གཞི་ལ་སྤྱིར་བཏང་དུ་ལོ4-5ཡིན།

ཆེད་ལས་རྒྱུགས་ལེན་གྱི་འཆར་གཞིའི་རེ་བ་ལྟར། བསླབ་ཚན་རེ་རེའི་ཐེངས་གཅིག་རྒྱུགས་ལེན་དང་། བསླབ་ཚན་རྒྱུགས་ལེན་ཚད་གཞི་ལོངས་པ་དག་ལ་བསླབ་ཚན་རྐྱང་བའི་ཚད་ལྡན་འཛིན་ཡིག་སྤྲོད་དགོས། ད་དུང་སློབ་སྐར་ལྟར་རྩིས་ཏེ་ཚད་གཞི་མ་ལོངས་པ་དག་ཐེངས་རྗེས་མའི་རྒྱུགས་ལ་ཞུགས་དགོས།

3 རྒྱུགས་ལེན་དུས་ཚོད།

རྒྱལ་ཡོངས་རང་སྦྱོང་རྒྱུགས་ལེན་གྱི་དུས་ཚོད་གཤམ་ལྟར། ཞིང་ཆེན་སོ་སོ་ནས་ཅུང་ཙམ་བསྣུར་ཆོག་ལ། སློབ་མ་དག་ནས་ས་གནས་རྒྱུགས་ལེན་གཞུང་དོན་ཁང་དུ་འདྲི་དགོས།

ཟླ་དང་པོའི་རང་སྦྱོང་རྒྱུགས་ལེན། མེད་པར་བཟོས་ཟིན།





སྔ་དྲོ (9:00-11:30)

ཕྱི་དྲོ (14:30-17:00)
མེད་པར་བཟོས་ཟིན།
ཟླ་བཞི་བའི་རང་སྦྱོང་རྒྱུགས་ལེན། ལོ་རེའི་ཟླ་བཞི་བའི་གཟའ་འཁོར་གསུམ་པའི་རེས་གཟའ་སྤེན་པ།
ལོ་རེའི་ཟླ་བཞི་བའི་གཟའ་འཁོར་གསུམ་པའི་རེས་གཟའ་ཉི་མ།
ཟླ་བདུན་པའི་རང་སྦྱོང་རྒྱུགས་ལེན། མེད་པར་བཟོས་ཟིན།
མེད་པར་བཟོས་ཟིན།
ཟླ་བཅུ་བའི་རང་སྦྱོང་རྒྱུགས་ལེན། ལོ་རེའི་ཟླ་བཅུ་བའི་གཟའ་འཁོར་གསུམ་པའི་རེས་གཟའ་སྤེན་པ།
ལོ་རེའི་ཟླ་བཅུ་བའི་གཟའ་འཁོར་གསུམ་པའི་རེས་གཟའ་ཉི་མ། 
4 ​མཐར་ཕྱིན་རེ་ཞུ།

1 རང་སྦྱོང་རྒྱུགས་ལེན་ལ་རིག་ཚན་དགར་བ་དང་སློབ་སྐར་གྱི་བསྡོམས་རྩིས་ལྟར་རིམ་གྱིས་སྦྱང་ཚན་མཇུག་རྫོགས་པ་ཡིན་ལ། ཆེད་ལས་རྒྱུགས་ལེན་གྱི་འཆར་གཞིའི་རེ་བ་ལྟར། བསླབ་ཚན་དགར་ཏེ་རྒྱུགས་ལེན་པ་དང་། བསླབ་ཚན་རྒྱུགས་ལེན་ཚད་གཞི་ལོངས་པ་དག་ལ་སློབ་སྐར་རྩིས་པ་ལྟར་གཏན་འཁེལ་བྱེད་ལ། ཚད་གཞི་མ་ལོངས་པ་དག་ཐེངས་རྗེས་མའི་བསླབ་ཚན་འདིའི་རྒྱུགས་ལེན་ལ་ཞུགས་དགོས། ཆེད་ལས་རྒྱུགས་ལེན་བྱས་ཚར་རྗེས་འཆར་གཞིའི་གཏན་འཁེལ་ལྟར་བསླབ་ཚན་ཡོངས་སུ་རྫོགས་པར་རྒྱུགས་འབྲས་ཚད་གཞི་ལོངས་རྗེས། མཐར་ཕྱིན་དཔྱད་རྩོམ་མམ་སློབ་ཁྲིད་ལག་ལེན་ལས་འགན་གཞན་དག་བྱེད་དགོས་ལ། བསམ་བློའི་ཀུན་སྤྱོད་བཤེར་ཚད་ལོངས་ན་ད་གཟོད་མཐར་ཕྱིན་པར་ཆོག་མཆན་ཐོབ་ལ་མཐར་ཕྱིན་དཔང་ཡིག་སྤྲོད་པ་ཡིན།

2 རང་སྦྱོང་རྒྱུགས་ལེན་གྱི་མཐར་ཕྱིན་རེ་ཞུ་ནི་ལོ་སྟོད་ཀྱི་ཟླ6པའི་ཚེས15-20བར་དང་། ལོ་སྨད་ཀྱི་ཟླ12བའི་ཚེས15-20བར་ཡིན། ལོ་སྟོད་ལ་རེ་ཞུ་བྱེད་མཁན་གྱི་ཟླ5བའི་ཚེས1ཉིན་གྱི་སྔོན་ལ་རྒྱུགས་ལེན་དཔང་རྟགས་དང་འགྲོས་རྒྱུགས། རྒྱུགས་ལེན་མེད་པར་བཟོ་བ། རྒྱུགས་ཐོ་གྲངས་འཛིན་བརྗེ་བའི་འགྲོ་ལུགས་དག་བསྒྲུབ་དགོས། ལོ་སྨད་དུ་མཐར་རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ་ཟླ11བའི་ཚེས1ཉིན་གྱི་སྔོན་ལ་འགྲོ་ལུགས་འདི་དག་བསྒྲུབ་ཚར་དགོས། དུས་འགྱངས་བྱས་ཏེ་འགྲོ་ལུགས་མ་བསྒྲུབས་མཁན་དག་གིས་མཐར་ཕྱིན་རེ་ཞུ་བྱས་མི་ཆོག

3 དངོས་གཞིའི་མཐར་ཕྱིན་རེ་ཞུ་བསྒྲུབ་མཁན་དག་གིས་སྔོན་ནས་བསླབས་རིམ་གསལ་འབྱེད་བྱེད་དགོས་པ་དང་། རེ་ཞུ་མཐར་ཕྱིན་བྱེད་དུས་མཉམ་དུ་ཡར་སྤྲོད་དགོས། ལོ་སྟོད་དུ་རེ་ཞུ་བྱེད་མཁན་ལ་ཟླ8པའི་ཚེས5ཉིན་སྔོན་ལ་གསལ་འབྱེད་ཡར་སྤྲོད་དགོས། དུས་ཚོད་འགོར་འགྱངས་བྱས་པའི་བསླབས་རིམ་གསལ་འབྱེད་བྱེད་མཁན་ལ། སློབ་མ་རང་ཉིད་ནས་གསལ་འབྱེད་དཔང་ཡིག་བསྐྱར་དཔར་དང་དེའི་སྟེང་དུ་རྒྱུགས་ལེན་དཔང་ཨང་། ཁོངས་གཏོགས་གྲོང་ཁྱེར། མཐར་ཕྱིན་ཆེད་ལས་སོགས་གནས་ཚུལ་ཞིང་ཆེན་རྒྱུགས་ལེན་གཞུང་དོན་ཁང་དུ་བསྐུར་དགོས།

4 སྲིད་འཛིན་དོན་དམ་རིག་པའི་ཆེད་ལས་མཐར་ཕྱིན་རེ་ཞུ་བྱེད་མཁན་གྱིས་ཆེད་སྦྱོང་རྒྱུགས་འབྲས་མཁོ་སྤྲོད་བྱེད་དགོས།

5 ནད་གཡོག་རིག་པ(ཆེད་སྦྱོང་། སྒེར་ཚུགས་ཀྱིས་དངོས་གཞི་རིམ་པ)དང་ཀྲུང་ལུགས་ནད་གཡོག་རིག་པ(ཆེད་སྦྱོང)། སྡོད་ཁུལ་ནད་གཡོག་རིག་པ(ཆེད་སྦྱོང་། སྒེར་ཚུགས་ཀྱིས་དངོས་གཞི་རིམ་པ)། སྨན་རིག་པ(སྒེར་ཚུགས་ཀྱིས་དངོས་གཞི་རིམ་པ)པའི་ཆེད་ལས་མཐར་ཕྱིན་སློབ་མས་རེ་ཞུ་བྱེད་དུས་ཆེད་ལས་ལྟར་དུ་ཐོང་ཐང་དཔང་ཡིག་མཁོ་སྤྲོད་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-29

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།