ཧྥ་སྐོར་ལྕགས་རྟའི་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥ་སྐོར་ལྕགས་རྟའི་འགྲན་སྡུར།
ཧྥ་རན་སེའི་ལྕགས་རྟའི་ལུས་རྩལ་གྱི་ཁྱབ་གདལ་རང་བཞིན་ནི་ཀྲུང་གོའི་འཕེན་འཕངས་སྤོ་ལོའི་ཚད་གཞི་ལྟ་བུ་ཞིག་ཡིན་ཞིང་། དུས་རྟག་ཏུ་ལྕགས་རྟའི་འགྲན་ཚོགས་ཤིག་འདུ་སྐབས་ཧྥ་རན་སེ་རྒྱལ་ཁབ་ཧྲིལ་བོ་དུས་ཆེན་གྱི་ཁ་དབུགས་ཁྲོད་འཐིམ་འདུག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
环法自行车赛
ཕྱི་ཡིག་གི་མིང་།
Tour of France
རིང་ཚད།
སྤྱི་ལེ3500ལས་བརྒལ་བ།
འགྲན་སྡུར་གྱི་དུས་ཚོད།
ལོ་རེའི་ཟླ་བདུན་པ།
1 ངོ་སྤྲོད།

ཧྥ་རན་སེའི་ལྕགས་རྟའི་ལུས་རྩལ་གྱི་ཁྱབ་གདལ་རང་བཞིན་ནི་ཀྲུང་གོའི་འཕེན་འཕངས་སྤོ་ལོའི་ཚད་གཞི་ལྟ་བུ་ཞིག་ཡིན་ཞིང་།   དུས་རྟག་ཏུ་ལྕགས་རྟའི་འགྲན་ཚོགས་ཤིག་འདུ་སྐབས་ཧྥ་རན་སེ་རྒྱལ་ཁབ་ཧྲིལ་བོ་དུས་ཆེན་གྱི་ཁ་དབུགས་ཁྲོད་འཐིམ་འདུག་པ་ཡིན།  ཧྥ་སྐོར་ལྕགས་རྟའི་འགྲན་སྡུར་ནི་ཧྥ་རན་སེའི་མི་རྣམས་ཀྱི་གཟི་བརྗིད་ཅིག་ཡིན།   ཧྥ་སྐོར་ལྕགས་རྟའི་ལུས་རྩལ་འགྲན་ཚོགས་ནི་ཉིན་འགའི་རིང་ལ་སྤེལ་བའི་ལུས་རྩལ་ཞིག་སྟེ།   སྤྱིར་བཤད་ན།  ལོ་རེའི་ཟླ་བདུན་པར་འགོ་ཚུགས་ཤིང་།  ཉིན་རེར་ལམ་ཚད་ངེས་ཅན་ཞིག་འགྲན་དགོས་པ་དང་།   ཁྱོན་བསྡོམས་ལམ་ཚད་ཉེར་གཅིག་བརྒྱུད་དགོས་པ་ཡིན།  ལམ་ཚད་ཁྲོད་དུ་འགྲན་སྡུར་གྱི་རྣམ་པ་ནི་རྐྱང་རྩེད་སྒེར་གྱི་དུས་འཇལ་འགྲན་སྡུར་དང་རུ་ཁག་ཆེ་བའི་འགྲན་སྡུར་བཅས་གཉིས་ཡིན།   བདེ་ཐང་གི་འགྲན་སྡུར་དང་རི་ངོས་ཀྱི་འགྲན་སྡུར་བཅས་འགྲན་སྡུར་གྱི་ལམ་བུར་རིགས་གཉིས་ཡོད།  ལམ་ཚད་ཀྱི་ཨང་དང་པོས་ཁ་དོག་གློ་ཁ་ཡིན་པའི་ལྭ་བ་གྱོན་དགོས་པ་དང་།   སྤྱིའི་སྐར་གྲངས་སྔོན་ཐོན་ཅན་གྱིས་ཁ་དོག་སེར་པོ་ཡིན་པའི་ལྭ་བ་གྱོན་དགོས་ལ།   སྤྱིའི་བསགས་གྲངས་སྔོན་ཐོན་ཅན་གྱིས་ཁ་དོག་ལྗང་ཁུ་ཡིན་པའི་ལྭ་བ་གྱོན་དགོས།   གཞན་ལོ་ཉེར་ལྔའི་མན་གྱི་སྐར་འབྲས་ཆེས་བཟང་བ་ཡིས་ཁ་དོག་དཀར་པོའི་ལྭ་བ་གྱོན་དགོས་པ་ཡིན།   ཧྥ་སྐོར་ལྕགས་རྟའི་འགྲན་སྡུར་ནི་སྤྱི་ལོ1903ལོ་ནས་བཟུང་འགོ་བརྩམས་ཤིང་།   སྤྱི་ལོ2015ལོའི་བར་དུ་སྐབས་བརྒྱ་དང་བཅུ་མེད་གཉིས་ལ་འཚོགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-29

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།