བརྩོན་བསྲི་སློབ་གཉེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྩོན་བསྲི་སློབ་གཉེར།
བརྩོན་བསྲི་སློབ་གཉེར་ནི་ཕྱོགས་གཅིག་ནས་སློབ་གཉེར་བྱེད་པ་དང་ཕྱོགས་གཅིག་ནས་བྱ་བའམ་ངལ་རྩོལ་བྱེད་པ་ལ་ཟེར། སློབ་གྲྭའི་ངལ་རྩོལ་སློབ་གསོའི་བྱ་འགུལ་ལག་བསྟར་གྱི་རྣམ་པ་གཅིག་ཡིན། དེ་ནི་སློབ་གསོའི་བྱ་འགུལ་དང་ཚན་རྩལ་བྱ་འགུལ། རིག་རྩལ་བྱ་འགུལ། སྤྱི་ཕན་ངལ་རྩོལ་དང་འདྲ་བ་ཡིན་ལ་ཚང་མ་སློབ་གྲྭའི་སློབ་གསོའི་བྱ་འགུལ་གྱི་རིགས་ཡིན། བརྩོན་བསྲི་སློབ་གཉེར་ནི་རང་རྒྱལ་ན་གཞོན་སློབ་མ་དག་གི་སྲོལ་བཟང་གི་གསར་བརྗེའི་སྲོལ་རྒྱུན་ཡིན། སློབ་གྲྭས་བརྩོན་བསྲི་སློབ་གཉེར་བྱ་འགུལ་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་བསམ་བློའི་སློབ་གསོ་དང་བདེ་འཇགས་སློབ་ལ་མཉམ་འཇོག་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
勤工俭学
ཕྱི་ཡིག་གི་མིང་།
Work-Study Program
རྣམ་པ།
ཁྱིམ་ཚང་དགེ་རྒན་དང་ལས་ཞོར། ལས་ཀ་ཙག་ཙིག
1 སྤྱི་ཚོགས་སྣང་ཚུལ།

སྒྲ་ཡངས་འཇུག་གི་བརྩོན་བསྲི་སློབ་གཉེར་ནི་སློབ་ཁྲིད་དུས་ཚོད་ཕུད་པའི་ངལ་རྩོལ་ལ་ཞུགས་པར་བཤད་པ་དང་། སྤྱིར་བཏང་དུ་འབྱོར་བ་ཞན་པའི་སློབ་ཆེན་སློབ་མས་ལས་ཞོར་གྱི་དུས་ཚོད་བཀོལ་སྤྱོད་བྱས་ཏེ་ལས་ཀ་བསྒྲུབ་སྟེ་རྔན་པ་ཉུང་ཙམ་ལ་བརྟེན་ནས་འཚོ་བ་རོལ་བ་དང་། ཡང་མི་ལ་ལ་ཞིག་རྔན་པ་ལ་མི་བརྟེན་པར་སྤྱི་ཚོགས་ལག་ལེན་གྱི་ཉམས་མྱོང་མང་དུ་གསོག་འཇོག་བྱེད་པ་ཙམ་ཡིན།

ལོ་འདི་འགའི་རིང་ལ། རྒྱལ་ཡོངས་ས་གནས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདྲ་མཉམ་མིན་པ་དེ་སློབ་ཆེན་གྱི་བསྡུ་ལེན་དངུལ་དང་མཉམ་སྦྲེལ་བྱས་རྗེས་སློབ་ཡོན་ཚད་མཐོན་པོའི་ཇེ་མཐོར་སོང་བ་དང་། སློབ་ཆེན་གྱི་དཀའ་ངལ་ཅན་དང་དཀའ་ངལ་ཧ་ཅང་ཆེ་བའི་སློབ་མ་ཇེ་མང་དུ་སོང་ལ། སློབ་གྲྭས་སྐར་གྲངས་ཀྱིས་ལོངས་ན་གཏན་ནས་སློབ་གྲྭ་ལས་ཕྱིར་འབུད་དུ་མི་འཇུག་པའི་དམ་བཅའ་མངོན་འགྱུར་བྱེད་ཆེད། སློབ་དངུལ་བྱ་དགའ་དང་དངུལ་བུན་སློབ་དངུལ། སྤྱི་ཚོགས་སློབ་སྐྱོར་རོགས་དངུལ། སློབ་ཡོན་ཙག་ཙིག་ཇེ་ཉུང་། དཀའ་ངལ་ཧ་ཅང་ཆེ་བའི་ཁ་གསབ་དང་བརྩོན་བསྲི་སློབ་གཉེར་སོགས་ཕྱོགས་ཀྱི་བྱ་བ་མང་པོ་བསྒྲུབས་པ་ལ། ཁྱབ་རྒྱ་ཆེས་ཆེ་བའི་བྱེད་ཐབས་ནི་བརྩོན་བསྲི་སློབ་གཉེར་ཡིན། ཡིན་ཡང་གནད་དོན་ཀྱང་འགའ་ཤས་ཡོད།

2 དམིགས་ཡུལ།

1 ལ་ཤས(47%)ཀྱིས་སྒོར་མོའི་ཆེད་དུ་ཡིན་ལ། ཡང་སྒོར་མོར་བཟུང་བའི་ཀུན་སློང་མི་འདྲ་སྟེ། ལ་ལས་ནི་ཁྱིམ་ཚང་དཔལ་འབྱོར་དཀའ་ཁག་ཆེ་བའི་རྐྱེན་གྱིས་ཁྱིམ་ནང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། ལ་ལས་ནི་རང་ཉམས་དོད་པོ་ཡོངས་ཆེད། ལ་ལས་རང་གི་འཚོ་བར་ཁ་གསབ་བྱེད་པ་སོགས་ཡིན།

2 ལ་ཤས(29%)ཀྱིས་ནུས་པ་གསོ་སྐྱོང་གཙོ་བོ་ཡིན་ལ། སྤྱི་ཚོགས་ལ་རྒྱུས་ལོན་དང་རང་གི་མི་ཚེའི་ཉམས་མྱོང་ཇེ་མང་དུ་གཏོང་བ། རང་གི་འདོད་བློ་སྦྱོང་བརྡར། རང་ཚུགས་བརྟག་དཔྱད་བྱེད་པ་སོགས་ལས་སྒོར་མོ་ནི་ཞོར་དུ་ཡིན། སློབ་མས་སྤྱིར་བཏང་དུ། བརྩོན་བསྲི་སློབ་གཉེར་བྱེད་པ་ནི་བསམ་གཟས་ཏེ་ཡིན་ཡང་ཆོག་མིན་ཡང་རུང་གང་ལྟར་ནུས་པ་སྦྱོང་བརྡར་བྱེད་ཐུབ། ཡང་ནུས་པ་གང་དག་ལ་སྦྱོང་བརྡར་ཐོབ་པར་འདོད་ཚུལ་མི་འདྲ།

3 དམིགས་ཡུལ་གཞན་དག ལ་ཤས་ཀྱིས་སློབ་མར་དབུལ་སྐྱོར་བྱེད་པའམ་ནད་པར་གཟིགས་སྐྱོང་བྱེད་པ། ཡང་ལ་ཤས་ཀྱིས་སློབ་གསེང་འཚོ་བ་ཕུན་ཚོགས་སུ་གཏོང་བ། སྒོར་མོ་བཙལ་བ་དང་སྔ་ས་ནས་སྤྱི་ཚོགས་ལ་རྒྱུས་ལོན་དང་ལོབས་པ། ནུས་པ་སྦྱོང་བརྡར་ནི་སློབ་ཆེན་སློབ་མའི་བརྩོན་བསྲི་སློབ་གཉེར་གྱི་དམིགས་ཡུལ་གཙོ་བོ་ཡིན།

3 ནུས་པ།

རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་གཞི་བཅོས་སྒྱུར་དང་སྤུས་ཚད་སློབ་གསོའི་ཕྱོགས་ཡོངས་ནས་ཁྱབ་བརྡལ་དུ་བཏང་བ་ལས། བརྩོན་བསྲི་སློབ་གཉེར་ནི་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་བྱ་འགུལ་གྱི་བརྒྱུད་རིམ་གཙོ་བོ་ཡིན། དེའི་སློབ་ཆེན་སློབ་མས་བདེ་ལེགས་ངང་ལས་རིམ་འགྲུབ་པར་བྱེད་པ་དང་། དུས་ཐོག་ཏུ་ལས་ཞུགས་བྱེད་པའམ་ལས་གཏོད་བྱེད་པའི་འདོད་བློ་སྐོང་ཆེད་ཡིན། ད་སྔའི་བརྩོན་བསྲི་སློབ་གཉེར་གྱི་གནས་བབ་དེ་འདྲ་ལེགས་པོ་མིན།

བརྩོན་བསྲི་སློབ་གཉེར་ནི་རྒྱལ་ཁབ་སློབ་གསོ་སྒྲིག་གཞིའི་བཅོས་སྒྱུར་དང་སྤུས་ཚད་སློབ་གསོའི་ཕྱོགས་ཡོངས་ནས་ཁྱབ་བརྡལ་དང་ཚོང་རའི་དཔལ་འབྱོར་གྱི་ཐོན་དངོས་རེད། སློབ་རིམ་སློབ་གྲྭའི་སློབ་མའི་སློབ་ཡོན་དང་བྱ་བ་རྒྱལ་ཁབ་ཀྱིས་སྟེར་བ་ནས་རང་ཉིད་ཀྱིས་སྤྲོད་པའི་བར་བརྒལ་ཡིན། སློབ་ཆེན་པ་མང་ཆེ་ཤོས་ཞིག་ནས་སྒྲིག་གཞི་བཅོས་སྒྱུར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་མངོན་ཡོང་བའི་ཛ་དྲག་གི་གནད་དོན་ལ་གདོང་གཏོད་དགོས་འདུག

4 བྱ་ཡུལ།

བརྩོན་བསྲི་སློབ་གཉེར་གྱི་སློབ་ཆེན་སློབ་མ་མང་ཆེ་ཤོས་ནི་ཁྱིམ་ཚང་འབྱོར་བ་ཞན་པའི་སློབ་མ་སྐོར་ཞིག་ཡིན་ལ། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་སེལ་ཆེད་ཡིན། རང་འགུལ་སྒོས་བྱ་བ་བཙལ་ཏེ་འཚོ་བ་གཉེར་བ་ཡིན། ཡང་ཁྱིམ་ཚང་ལ་དཀའ་ཁག་མེད་པའི་སློབ་མ་དག་གིས་བརྩོན་བསྲི་སློབ་གཉེར་བྱེད་པ་ནི་རང་གི་སྤྱི་ཚོགས་ཉམས་མྱོང་དང་བརྒྱུད་རིམ་ཇེ་མང་དུ་གཏོང་བ་ཡིན།

2002ལོའི་ཐེངས་དྲུག་པའི《ཀྲུང་གོའི་ན་གཞོན་ཞིབ་འཇུག》ལས་བསྟན་པ་ལྟར་ན། སློབ་མ52%ནི་བརྩོན་བསྲི་སློབ་གཉེར་ལ་ཞུགས་ཀྱིན་ཡོད་པ་དང་། དེའི་ནང་སློབ་རིམ་དང་པོའི་སློབ་མས53%ཟིན་ཡོད་ལ། བརྩོན་བསྲི་སློབ་གཉེར་བྱེད་པའི་སློབ་མར་དཀའ་ཁག་ཆེ་བའི་སློབ་མ་ཡོད་ལ་ཡང་ཁྱིམ་ཚང་གི་ཆ་རྐྱེན་བཟང་བའི་སློབ་མ་ཡང་ཡོད། དཀའ་ཁག་ཆེ་བའི་སློབ་མའི་ཁྲོད་དུ་སློབ་སྦྱོང་ལ་ཞན་པ་དང་འབྲིང་ཙམ་གྱི་སློབ་མས64%ཟིན་ཡོད།

5 བརྒྱུད་ལམ།

1 སློབ་གྲྭའི་རྩ་འཛུགས་དང་ཚོང་རར་གླེང་མོས་བྱས་ཏེ་བརྩོན་བསྲི་སློབ་གཉེར་བྱེད་ཀྱིན་ཡོད་ལ། འདི་དག་གིས་བརྩོན་བསྲི་སློབ་གཉེར་གྱི་མི་གྲངས་ཀྱི26%ཟིན་ཡོད།

2 ཁྱིམ་ཚང་དགེ་རྒན་ལྟེ་གནས་ཀྱི་རོགས་སྐྱོར་ལས་ཁྱིམ་ཚང་དགེ་རྒན་གྱི་ཐོང་ཐང་ཡོད་པར་བྱས་ལ། རིགས་འདིའི་སློབ་མའི་མི་གྲངས་ཀྱི21%ཟིན་ཡོད།

3 སློབ་གྲྭའི་བརྩོན་བསྲི་སློབ་གཉེར་ལྟེ་གནས་ཀྱིས་བཀོད་སྒྲིག་ལས་ཐོབ་པ་དང་། དེ་ནི་གཅིག་གྱུར་རྩ་འཛུགས་དང་དོ་དམ། མཐུན་སྦྱོར་བཅས་བྱེད་པའི་སློབ་ཆེན་པའི་རྩ་འཛུགས་ཀྱི་སྒྲིག་གཞི་ཡིན། ལོ་རེར་མི་གྲངས་ངེས་ཅན་གྱི་དཀའ་ངལ་ཡོད་པའི་སློབ་ཆེན་པ་བརྩོན་བསྲི་སློབ་གཉེར་ལ་བཀོད་སྒྲིག་བྱས་ཏེ། སློབ་སྦྱོང་གི་ལས་ཀ་འགྲུབ་པའི་ཆེད་དུ་ཡིན། རྒྱུ་རྐྱེན་གཞན་དག་གི་ཚད་བཀག་རང་བཞིན་གྱིས་དབང་གིས་སློབ་ཆེན་བརྩོན་བསྲི་སློབ་གཉེར་ལྟེ་གནས་ནི་ད་དུང་དམའ་རིམ་དུས་སྐབས་སུ་ཡོད།

4 བསྡུ་ལེན་བརྡ་ཁྱབ་དང་གཞན་གྱིས་ངོ་སྤྲོད་ལས། ཐད་ཀར་དུ་བཀོལ་མི་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཞོར་ལས་མཁན་དུ་གྱུར་བ་རེད། བརྩོན་བསྲི་སློབ་གཉེར་ནི་སློབ་ཆེན་ནང་ནས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་ཚོང་ལམ་ཡོད་པ་རྟོགས་ཏེ་སློབ་ཆེན་པར་དམིགས་པའི་ངོ་སྤྲོད་བྱེད་གནས་དང་། སྒེར་དང་གཞུང་གི་ཁེ་ལས་ཆེ་མ་ཆུང་གསུམ་གྱིས་སློབ་ཆེན་སློབ་མ་བཀོལ་བར་འཐད་པ་བྱུང་ཡོད་ལ། བརྡ་ཁྱབ་ཀྱང་སློབ་རའི་ནང་གང་སར་མཐོང་ཐུབ།

6 ད་ལྟའི་གནས་བབ།

1 བརྩོན་བསྲི་སློབ་གཉེར་གྱི་ནང་དོན་རྒྱ་ཆེ་ཞིང་རྙོག་འཛིང་ཆེ་ལ། རིམ་པ་ཀྱང་མི་འདྲ་བ་ཡོད།

2 བརྩོན་བསྲི་སློབ་གཉེར་གྱི་སྒྲིག་གཞི་འཐུས་ཚང་མིན་པ་དང་ཚད་ལྡན་མིན་པ།

3 བརྩོན་བསྲི་སློབ་གཉེར་གྱི་སྒྲིག་སྲོལ་མེད་པ།

7 ​རེ་འདུན།

1 སློབ་སྐར་ལམ་ལུགས་ཀྱི་སློབ་ལོ་ཇེ་རིང་དུ་གཏོང་བར་བརྩོན་བསྲི་སློབ་གཉེར་གྱི་དངོས་ཡོད་དོན་སྙིང་ལ་ཤེས་པ་དང་རྒྱུས་ལོན་འབྱུང་བར་དྲིལ་བསྒྲགས་བཟང་བོ་བྱེད་དགོས།

2 ཁ་ཚང་བ་དང་ནུས་པ་ལྡན་པའི་བརྩོན་བསྲི་སློབ་གཉེར་གྱི་སྒྲིག་གཞི་འཛུགས་པ།

3 སློབ་གྲྭ་ནས་རྐང་བཙུགས་ཏེ་ཕྱི་འབྲེལ་ལ་ཤུགས་སྣོན་བྱས་ཏེ་བརྩོན་བསྲི་སློབ་གཉེར་གྱི་བརྒྱུད་ལམ་མང་དུ་གཏོང་བ།

4 སློབ་མས་ཚོང་གཉེར་བ་དང་བརྩོན་བསྲི་སློབ་གསོའི་བར་ཁྱད་གསལ་བོ་འབྱེད་ཤེས་པར་བྱེད་པ།

5 ཆང་ཁང་དང་གླུ་གར་ཁང་སོགས་རོལ་རྩེད་བྱེད་སའི་ས་ནས་བརྩོན་བསྲི་སློབ་གཉེར་བྱེད་པ་གཏན་འགོག

6 ཁྲིམས་བརྩི་སྲུང་བྱས་ཏེ་དྲང་བདེན་ངང་གླ་ཕོགས་ལེན་པ།

7 ལོ་རིམ་མི་འདྲ་བ་དང་སློབ་སྦྱོང་གི་ཆ་ཚད་ལ་བལྟས་ཏེ་སློབ་སྦྱོང་དང་ལས་ཀ་གཉིས་ཀ་ལེགས་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-27

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།