མལ་ལྡིང་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མལ་ལྡིང་ལུས་རྩལ།
མལ་ལྡིང་ལུས་རྩལ་ནི་ལུས་སྦྱོང་ལུས་རྩལ་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ལུས་རྩལ་པས་ལྡེམ་ཁྲིའི་ལྡེམ་ཤུགས་བཀོལ་སྤྱོད་བྱས་ཏེ་རྩལ་རྩེད་སྣ་ཚོགས་ཀྱི་འཁྲབ་རྩལ་མངོན་པའི་རྩལ་འགྲན་ལུས་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蹦床
ཕྱི་ཡིག་གི་མིང་།
trampoline
མིང་གཞན།
མཁའ་ཡི་པཱ་ལེ།
བྱུང་དུས།
དུས་རབས19བའི་དུས་དཀྱིལ།
1 ངོ་སྤྲོད།

མལ་ལྡིང་ལུས་རྩལ་ནི་ལུས་སྦྱོང་ལུས་རྩལ་གྱི་ཁོངས་སུ་གཏོགས་ཤིང་།   དེ་ནི་ལུས་རྩལ་པས་ལྡེམ་ཁྲིའི་ལྡེམ་ཤུགས་བཀོལ་སྤྱོད་བྱས་ཏེ་རྩལ་རྩེད་སྣ་ཚོགས་ཀྱི་འཁྲབ་རྩལ་མངོན་པའི་རྩལ་འགྲན་ལུས་རྩལ་ཞིག་ཡིན།  མལ་ལྡིང་ལུས་རྩལ་འདི་ལ་མི་གཞན་དག་གིས་མཁའ་ཡི་པཱ་ལེ་ཞེས་ཀྱང་འབོད་དེ།   ལྡེམ་ཤུགས་ཅུང་ཆེ་བའི་དྲ་རྒྱ་ཆུང་ཆུང་ཞིག་གི་སྟེང་དུ་ལུས་རྩལ་པ་ཡར་ལྡིང་མར་ལྡིང་བྱེད་པ་ནི་བྱེའུ་འཇོལ་མོ་ཞིག་དང་འདྲ་ཞིང་།   ལུས་རྩལ་པའི་ཚུགས་ཀ་ནི་ལུས་སྦྱོང་དང་ཆུར་མཆོང་ལ་སོགས་པའི་ཚུགས་ཀ་དང་འདྲ།   ལུས་རྩལ་པར་ངེས་པར་དུ་ཚད་མཐོ་བའི་སྙོམ་སྒྲིག་གི་ནུས་པ་དང་སྐད་ཅིག་མའི་བརྡར་གཅོད་ཀྱི་ནུས་པ་ལྡན་དགོས་པ་དང་།   དེ་མིན།   མལ་ལྡིང་ལུས་རྩལ་ལ་ཉེན་ཁའི་རང་བཞིན་ཆེ་སྟབས་ལུས་རྩལ་པར་སྤོབས་པ་ངེས་ཅན་ཞིག་ཀྱང་ཡོད་དགོས་པ་ཡིན།

2 ལོ་རྒྱུས། 

དེང་རབས་མལ་ལྡིང་གསར་གཏོད་བྱེད་མཁན་ནི་ཧྥ་རན་སེའི་རྩལ་རྩེད་པ་ཐེ་ལང་པོ་ལན་ཡིན།   འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ།   ཨ་རིས་ལྡེམ་ཁྲི་བཀོལ་སྤྱོད་བྱས་ཏེ་མཁའ་བསྐྱོད་པ་དག་གི་གནས་གཏན་ནུས་རྩལ་སྦྱོང་བརྡར་བྱས་ཏེ་འབྲས་བུ་མི་དམན་པ་བླངས།   དེ་ལྟ་བུའི་བསམ་མེད་ཀྱི་ལག་ཐབས་འདིས་མལ་ལྡིང་འདི་ཉིད་ཆེད་གཉེར་གྱི་ལུས་རྩལ་བྱ་འགུལ་ཞིག་ཏུ་བསྒྱུར་བ་རེད།   སྤྱི་ལོ1947ལོར་ཨ་རིས་ཐོག་དང་པོའི་རྒྱལ་ཡོངས་མལ་ལྡིང་འཁྲབ་སྟོན་འགྲན་སྡུར་སྤེལ་ཞིང་།   སྤྱི་ལོ1948ལོར་འཁྲབ་སྟོན་རྣམ་གྲངས་འདི་དངོས་སུ་འགྲན་སྡུར་རྣམ་གྲངས་སུ་གྱུར་བ་དང་།   རྗེས་སུ་ཡོ་རོབ་གླིང་དུ་དར་ཁྱབ་བྱུང་།   སྤྱི་ལོ1958ལོར་དབྱིན་ཇིས་རྒྱལ་ཡོངས་མལ་ལྡིང་སྐྱེས་འབུལ་འགྲན་སྡུར་སྤེལ་ཞིང་།   སྤྱི་ལོ1964ལོར་དབྱིན་ཇི་ནས་ཐོག་དང་པོའི་འཛམ་གླིང་མལ་ལྡིང་སྐྱེས་འབུལ་འགྲན་སྡུར་སྤེལ་བ་དང་།   སྤྱི་ལོ1969ལོར་ཧྥ་རན་སེ་ནས་ཐོག་དང་པོའི་ཡོ་རོབ་གླིང་གི་མལ་ལྡིང་སྐྱེས་འབུལ་འགྲན་སྡུར་སྤེལ།   སྤྱི་ལོ1999ལོར་རྒྱལ་སྤྱིའི་མལ་ལྡིང་མཉམ་འབྲེལ་ལྷན་ཚོགས་ནི་རྒྱལ་སྤྱིའི་ལུས་སྦྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་ཚོགས་ཤིག་ཏུ་གྱུར་བ་མ་ཟད།   མལ་ལྡིང་ལུས་རྩལ་དེ་སྤྱི་ལོ2000ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བདུན་པར་དངོས་སུ་འགྲན་སྡུར་རྣམ་གྲངས་སུ་གྱུར་བ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-25

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།