དྲ་གྲུག་གི་ཏཱ་མན་ཀོན་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་གྲུག་གི་ཏཱ་མན་ཀོན་འགྲན་སྡུར།
དྲ་གྲུག་ལུས་རྩལ་ཁྲོད་དུ་མི་ཚོས་རྒྱུན་དུ་ཏཱ་མན་ཀོན་ཟེར་བའི་མིང་འདི་གླེང་གིན་ཡོད་ཅིང་། ཏཱ་མན་ཀོན་ཟེར་བ་འདི་ནི་དྲ་གྲུག་ལུས་རྩལ་གྱི་བྱ་དགའ་ཨང་དང་པོའི་མཚན་སྙན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网球大满贯赛
བསྡུས་མིང་།
ཏཱ་མན་ཀོན་གྱི་འགྲན་སྡུར་ཆེན་པོ་བཞི།
1 ​ངོ་སྤྲོད།

དྲ་གྲུག་ལུས་རྩལ་པ་གཅིག་གམ་གཉིས་ཀྱིས་ལོ་གཅིག་གི་ནང་ཝུན་པུའུ་ཨེར་ཏེང་དྲ་གྲུག་སྐྱེས་འབུལ་འགྲན་སྡུར་དང་ཨ་མེ་རི་ཁའི་དྲུ་གྲུག་ཡོངས་བསྒྲགས་འགྲན་སྡུར།   ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར།   ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་བཅས་འགྲན་སྡུར་ཆེན་པོ་བཞིའི་ཨང་དང་པོ་བླངས་ན།   ད་གཟོད་ཏཱ་མན་ཀོན་གྱི་མཚན་སྙན་ཐོབ་ཐུབ་པ་ཡིན།   ཏཱ་མན་ཀོན་གྱི་འགྲན་སྡུར་ཆེན་པོ་བཞི་ནི་རྒྱལ་སྤྱིའི་དྲ་གྲུག་འགྲན་སྟེགས་སུ་རིམ་པ་ཆེས་མཐོའི་འགྲན་སྡུར་ཡིན་ལ།   འགྲན་སྡུར་ནི་འགྲན་སྡུར་སྤེལ་སའི་རྒྱལ་ཁབ་ཀྱི་དྲ་གྲུག་མཐུན་ཚོགས་ཀྱིས་རྩ་འཛུགས་བྱ་བ་ཡིན།

2 ཏཱ་མན་ཀོན་གྱི་འགྲན་སྡུར་ཆེན་པོ་བཞི།
2_1 ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར།

ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་ནི་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ལུས་རྩལ་ལྟེ་གནས་ཀྱིས་དོ་དམ་བྱ་ཞིང་།   ལོ་རེའི་ཨོ་སི་ཁྲུ་ལི་ཡའི་ཡོངས་བསྒྲགས་འགྲན་སྡུར་ནི་ཏཱ་མན་ཀོན་གྱི་འགྲན་སྡུར་ཆེན་པོ་བཞིའི་ཁྲོད་ཆེས་སྔོན་ལ་འགོ་རྩོམ་པའི་འགྲན་སྡུར་ཡིན་ལ།   ལོ་རེའི་ཟླ་དང་པོ་དང་གཉིས་པའི་ནང་བཀོད་སྒྲིག་བྱ་བ་ཡིན།   ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་ནི་འགྲན་སྡུར་ཆེན་པོ་བཞིའི་ཁྲོད་གསར་འཛུགས་བྱས་པ་ཆེས་འཕྱི་བ་ཡིན་ལ།   ཐོག་དང་པོའི་འགྲན་སྡུར་ནི་སྤྱི་ལོ1905ལོར་མོ་ཨེར་པུན་གྱི་ཝེ་ཨེར་ཧུའོ་སི་མན་པན་སྤོ་ལོ་ར་བ་ནས་སྤེལ་བ་ཡིན།

2_2 ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར།

ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་ནི་སྤྱི་ལོ1891ལོ་ནས་བཟུང་འགྲན་སྡུར་བྱེད་འགོ་བརྩམས་ཤིང་།   དེ་དུས་ཧྥ་རན་སེའི་ལུས་རྩལ་པ་མ་གཏོགས་ཞུགས་མི་ཆོག་པ་ཡིན་ལ།   སྤྱི་ལོ1925ལོ་ནས་བཟུང་ཕྱིའི་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཞུགས་ཆོག་པ་ཡིན།   སྤྱི་ལོ1928ལོ་ནས་བཟུང་།   ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་ནི་ལོ་རེའི་ཟླ་ལྔ་བའི་ཟླ་མཇུག་དང་ཟླ་དྲུག་པའི་ཟླ་སྟོད་ལ་ཕ་རི་སི་ནས་སྤེལ་བ་ཡིན།  

2_3 ཝུན་པུའུ་ཨེར་ཏེང་དྲ་གྲུག་སྐྱེས་འབུལ་འགྲན་སྡུར།

ཝུན་པུའུ་ཨེར་ཏེང་དྲ་གྲུག་སྐྱེས་འབུལ་འགྲན་སྡུར་ནི་ལོ་རེའི་ཟླ་དྲུག་པའི་ཟླ་མཇུག་དང་ཟླ་བདུན་པའི་ཟླ་སྟོད་ལ་སྤེལ་བ་ཡིན་ཞིང་།   དེ་སྲོལ་རྒྱུན་ཞིག་ཏུ་ཆོགས་ཡོད།   ཝུན་པུའུ་ཨེར་ཏེང་དྲ་གྲུག་སྐྱེས་འབུལ་འགྲན་སྡུར་ནི་དེང་རབས་དྲ་གྲུག་ལོ་རྒྱུག་ཐོག་ཆེས་སྔ་མོར་བྱུང་བའི་འགྲན་སྡུར་ཡིན་ལ།   དེ་སྤྱི་ལོ1877ལོར་གསར་འཛུགས་བྱས་པ་ཡིན།

2_4 ཨ་རིའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར།

ཨ་རིའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་ནི་སྤྱི་ལོ1881ལོ་ནས་བཟུང་འཚོག་འགོ་བརྩམས་ཤིང་།   སྐབས་རེ་རེའི་འགྲན་སྡུར་དེ་ལོ་རེའི་ཟླ་བརྒྱད་པའི་ཟླ་མཇུག་དང་ཟླ་དགུ་བའི་ཟླ་སྟོད་ལ་ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་གྱི་དྲ་གྲུག་སྤྱི་ཁྱབ་ལྷན་ཚོགས་ཀྱི་རྒྱལ་བཙུགས་དྲ་གྲུག་ལྟེ་གནས་ནས་སྤེལ་བ་ཡིན་ལ།   སྤྱི་ལོ1997ལོ་ནས་བཟུང་ཨ་སི·ཨ་ཧྲེ་དྲ་གྲུག་ལྟེ་གནས་ནས་སྤེལ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།