རྒྱང་བསྲིང་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱང་བསྲིང་སློབ་གསོ།
སློབ་གསོ་པུའུ་ཡིས་ཡིག་ཆའི་ནང་དུ་དེང་རབས་རྒྱང་བསྲིང་སློབ་གསོའི་ནང་དུ་དྲ་རྒྱའི་སློབ་གསོ་ཟེར་ལ། དེ་ཡང་དར་མའི་སློབ་གསོའི་བསླབས་རིམ་ནང་གི་རིགས་གཅིག་ཡིན། བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་བསྒྲགས་སྨྱན་བྱེད་ཀྱི་སློབ་གསོའི་རྣམ་པ་ཡིན། དེའི་བར་སྟོང་གི་ཚད་བཀག་ལས་བརྒལ་བར་བྱས་པ་ལས་སྲོལ་རྒྱུན་གྱི་སློབ་ཁང་སློབ་གསོའི་རྣམ་པའི་ཁྱད་པར་ཡོད། རྣམ་པ་འདི་ལས་སློབ་སྦྱོང་བྱེད་པའི་སློབ་མ་ནི་ལས་ཞོར་གྱི་སློབ་སྦྱོང་བྱེད་མཁན་ཡིན་ལ། སློབ་ཁྲིད་བྱེད་སའི་གནས་གཏན་འཁེལ་མེད་སྟབས་ག་ས་གང་དུ་སློབ་ཁྲིད་བྱས་ཀྱང་ཆོག སློབ་མས་རྒྱང་བསྒྲགས་བརྙན་འཕྲིན་དང་དྲ་རྒྱ། ཟབ་སྦྱོང་ཆེད་ལམ། སློབ་ཁྲིད་ཞིབ་འཇུག་ཁང་། ཁ་གཏད་སོགས་བརྒྱུད་ལམ་མི་འདྲ་བ་སོ་སོ་ནས་ཕན་ཚུན་ལ་སློབ་སྦྱོང་ལ་བྱེད་པ་ཡིན་ལ། དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་སློབ་གསོའི་རྗེས་ནས་ཐོན་པའི་མཚན་ཉིད་གསར་བའི་སློབ་གསོ་ཡིན་ལ་དེ་ནི་དྲ་རྒྱའི་ལག་རྩལ་དང་ཁོར་ཡུལ་ལས་སྤེལ་བའི་སློབ་གསོ་ཡིན། སློབ་མའི་བསྡུ་ལེན་ལ་ལོ་ཚད་དང་སྔོན་གྱི་བསླབས་རིམ་གྱི་ཚད་བཀག སྤྱི་ཚོགས་སྟེང་དུ་གོམ་པ་སྤོས་ཟིན་པའི་མང་ཚོགས་ཡོད་ཚད་ལ་བསླབས་རིམ་འཕེར་བའི་གོ་སྐབས་བསྐྲུན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
远程教育
མིང་གཞན།
དྲ་རྒྱའི་སློབ་གསོ།
1 འགྲེལ་བ།
1_1 སྒྲ་དོག་འཇུག

རྒྱང་བསྲིང་སློབ་གསོ་ནི་དམིགས་བསལ་གྱིས་གཏན་འཁེལ་བྱས་པའི་སློབ་གསོའི་རྩ་འཛུགས་སྒྲིག་གཞི་ཞིག་ཡིན་ལ། ཕྱོགས་བསྡུས་སྒོས་སྤྱི་ཚོགས་ཞིག་གི་ཚད་ངེས་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱས་པ་དང་། སློབ་གསོ་ཐོན་ཁུངས་སྣ་ཚོགས་བསྡུ་གསོག་དང་འཆར་འགོད། གསར་འབྱེད་དང་བཀོལ་སྤྱོད་སོགས་བྱས་ཏེ་བཙུགས་པའི་སློབ་གསོའི་ཁོར་ཡུག་ཅིག་དང་། སློབ་མར་སློབ་གསོའི་ཞབས་འདེགས་ཞུ་བ། སློབ་ཁྲིད་དང་སྤྱི་ཚོགས་ཅན་གྱི་དམིགས་ཡུལ་ལས་སློབ་མ་རྩ་འཛུགས་སྒོས་གྲུབ་པའི་སྤྱི་བསྡུས་ཀྱི་བགྲོ་གླེང་བྱ་འགུལ་ཞིག་དང་། སློབ་མར་རྒྱང་བསྲིང་སློབ་གསོའི་དམིགས་ཡུལ་ཀྱིས་རོགས་རམ་དང་སྐུལ་འདེད་བྱེད་པའི་ལག་ལེན་བྱ་འགུལ་གྱི་སྤྱི་མིང་ཡིན། བྱ་འགུལ་འདིའི་ཁྲོད་དུ། དགེ་རྒན་ནི་སློབ་གསོའི་ཐོན་ཁུངས་ཀྱི་རྣམ་པའམ་སློབ་སྦྱོང་སྐུལ་འདེད་ཀྱི་ཐོབ་ཐང་དང་སློབ་མའི་རྒྱུན་འཁྱོངས་རང་བཞིན་གྱི་ཁ་བྲལ་རྣམ་པའི་རྣམ་པ་ཡིན། འོན་ཏེ་སློབ་མ་དང་སློབ་གསོའི་རྩ་འཛུགས་སྒྲིག་གཞིའམ་སློབ་མ་དང་སློབ་མའི་བར་དུ་སྣ་མང་རང་བཞིན་གྱིས་བརྡ་བསྐྱེལ་གཏན་འཇགས་ལ་དུས་ཐོག་ཏུ་ཁ་བརྡ་བྱེད་པ་དང་། ཀྲུང་གོའི་དེང་རབས་རྒྱང་བསྲིང་སློབ་གསོ་ལ་ཡང་དྲ་རྒྱའི་སློབ་གསོ་ཟེར་ལ། མཐོ་རིམ་སློབ་གསོའི་རྣམ་པའི་དེང་རབས་རྒྱང་བསྲིང་སློབ་གསོའི་སྒྲིག་གཞིའི་ནི་དཀྱུས་མའི་མཐོ་རིམ་སློབ་གྲྭའི་དྲ་རྒྱའི་སློབ་གླིང་ངམ་དེང་རབས་རྒྱང་བསྲིང་སློབ་གསོའི་སློབ་གླིང་ཟེར། དྲ་རྒྱའི་སློབ་གསོ་ནི་དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་རྗེས་སུ་བྱུང་བའི་མཚན་ཉིད་གསར་བའི་སློབ་གསོ་ཞིག་ཡིན།

1_2 སྒྲ་ཡངས་འཇུག

སློབ་མ་དང་དགེ་རྒན། སློབ་མ་དང་སློབ་གསོའི་རྩ་འཛུགས་བར་དུ་གཙོ་བོ་སྨྱན་བྱེད་ཀྱི་བྱེད་ཐབས་རྣམ་པའི་མ་ལག་སློབ་ཁྲིད་དང་བརྡ་འཕྲིན་འབྲེལ་ལམ་ཀྱིས་སློབ་གསོའི་རྣམ་པ་ཞིག་ཡིན་ལ། དེ་ནི་བསླབ་ཚན་དེ་སློབ་ཕྱིའི་གནས་གཅིག་གམ་གནས་གང་མང་དུ་ཡོད་པའི་སློབ་མར་བརྒྱུད་བསྐུར་བྱེད་པ་ཡིན། དེང་རབས་རྒྱང་བསྲིང་སློབ་གསོ་ནི་སྒྲ་རླབས་དང་གཟུགས་རིས། ད་དུང་དུས་ཐོག་དང་དུས་ཐོག་མ་ཡིན་པིའ་རྩིས་འཁོར་ལག་རྩལ་གྱིས་བསླབ་ཚན་སློབ་ཕྱི་ལ་བརྒྱུད་བསྐུར་བྱེད་པའི་སློབ་གསོ་ཡིན། དེང་རབས་རྒྱང་བསྲིང་སློབ་གསོ་ནི་དེང་རབས་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་བའི་རྣམ་པ་གསར་བའི་སློབ་གསོའི་རྣམ་པ་ཞིག་ཡིན། རྩིས་འཁོར་ལག་རྩལ་དང་སྨྱན་མང་གཟུགས་ཀྱི་ལག་རྩལ། བརྡ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས། ལྷག་ཏུ་དྲ་རྒྱ(internet)འཕེལ་རྒྱས་ལས། རྒྱང་བསྲིང་སློབ་གསོའི་བྱེད་ཐབས་ཀྱི་འཕུར་སྐྱོད་ཆེན་པོ་ཞིག་དང་། ལག་རྩལ་མཐོ་བ་དང་གསར་བའི་ཆ་རྐྱེན་འོག་ཏུ་གྲུབ་པའི་རྒྱང་བསྲིང་སློབ་གསོ་ཡིན། དེང་རབས་རྒྱང་བསྲིང་སློབ་གསོ་ནི་དེང་རབས་རྒྱང་བསྲིང་སློབ་གསོའི་བྱེད་ཐབས་གཙོ་བོར་བཟུང་བ་ཡིན་ལ། དེའི་ནང་དུ་ཁ་གཏད་དང་སྦྲག་ཁྲིད། རང་སྦྱོང་སོགས་སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པ་འདུས་པར་བྱས་ཏེ། སྨྱན་བྱེད་སྣ་མང་གི་ལེགས་སྒྱུར་ཚོ་བསྒྲིགས་ཀྱི་སློབ་གསོའི་རྣམ་པ་ཡིན།

དེང་རབས་རྒྱང་བསྲིང་སློབ་གསོ་ཀྱིས་ནུས་ལྡན་གྱིས་ངང་ནས་རྒྱང་བསྲིང་སློབ་གསོའི་ཁྱད་ཆོས་མངོན་ཐུབ་པ་དང་། དེ་ནི་ཁ་གཏད་སློབ་གསོ་དང་དགེ་སློབ་ཁ་བྲལ། ཁ་གཏད་མ་ཡིན་པའི་རྩ་འཛུགས་ཀྱི་སློབ་གསོའི་བྱ་འགུལ་ཡིན་ལ་དེ་ནི་སློབ་གྲྭ་དང་ས་ཁུལ་བརྒལ་བའི་སློབ་གསོའི་སྒྲིག་གཞི་དང་སློབ་ཁྲིད་ཀྱི་རྣམ་པ་ཡིན། དེའི་ཁྱད་ཆོས་ནི། སློབ་མ་དང་དགེ་རྒན་སོ་སོར་གནས་ཡོད་ལ། དམིགས་བསལ་གྱིས་གཏན་འཁེལ་བྱས་ཡོད་པའི་བརྒྱུད་བསྐུར་མ་ལག་དང་བརྒྱུད་གཏོང་སྨྱན་བྱེད་ཀྱིས་སློབ་ཁྲིད་ཞིག་ཡིན་ལ། ཆ་འཕྲིན་བརྒྱུད་བསྐུར་ལ་རྣམ་པ་སྣ་ཚོགས་ཡོད་ལ། སློབ་སྦྱོང་བྱེད་གནས་དང་རྣམ་པའང་འགྱུར་མེད་སྣ་མང་ཡིན་དགོས། ཁ་གཏད་སློབ་གསོ་དང་བསྡུར་ན། རྒྱང་རིང་བའི་སློབ་གསོའི་ལེགས་ཆ་ནི་དེའི་བར་སྟོང་གི་ཚད་བཀག་གཏོར་ཐུབ། སློབ་སྦྱོང་གི་གོ་སྐབས་མང་པོ་སྤྲོད་ཐུབ་ལ། སློབ་ཁྲིད་ཀྱི་གཞི་རྒྱ་ཇེ་ཆེར་གཏོང་བ། སློབ་ཁྲིད་སྤུས་ཚད་མཐོར་འདེགས། སློབ་ཁྲིད་ཀྱི་འགྲོ་གྲོན་ཇེ་ཆུང་དུ་གཏོང་བ། རྒྱང་བསྲིང་སློབ་གསོའི་ཁྱད་ཆོས་དང་ལེགས་ཆའི་གཞི་རྩ་ལས། འཇོན་ཐང་ཅན་གྱི་མི་སྣ་མང་པོ་ཞིག་གིས་རྒྱང་བསྲིང་འཕེལ་རྒྱས་ཀྱི་དོན་སྙིང་གཙོ་བོ་དང་མ་འོངས་པའི་མདུན་ལྗོངས་ཤེས་ཡོད།

2 རྩ་འཛུགས་རྣམ་པ།

རྒྱང་བསྲིང་སློབ་གསོ་རྩ་འཛུགས་རྣམ་པ་ལ་སྒེར་གྱི་སློབ་སྦྱོང་རྣམ་པ་དང་ཚོགས་པའི་སློབ་སྦྱོང་རྣམ་པ་ཡོད་ལ། ཡང་སོ་སོ་བའི་སློབ་སྦྱོང་དང་འཛིན་གྲྭའི་ཚོགས་པའི་སློབ་སྦྱོང་གི་རྣམ་གཉིས་ཡོད། དེ་གཉིས་ཀྱི་བར་ཁྱད་གཙོ་བོ་ནི། ཚོགས་པ་རྩ་འཛུགས་སློབ་ཁྲིད་ཀྱི་རྣམ་པ་ནི་བརྡ་འཕྲིན་མཉམ་སྤེལ་གྱི་རྨང་གཞིའི་སྟེང་དུ་དགེ་རྒན་དང་སློབ་མས་ངེས་པར་དུ་དུས་ཐོག་འབྲེལ་འདྲིས་བྱེད་དགོས། འོན་ཏེ་སྒེར་གྱིས་སློབ་སྦྱོང་རྣམ་པ་ནི་མཉམ་སྤེལ་བརྡ་འཕྲིན་གྱི་རྨང་གཞིའི་སྟེང་དུ། སློབ་མའི་ཁྱིམ་ནང་དུ་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་པ་ཡིན་ལ། སློབ་མས་དུས་ཚོད་འོས་འཚམ་གྱི་ནང་དུ་སློབ་སྦྱོང་བྱེད་པ་ཡིན། སློབ་སྦྱོང་གི་རྣམ་པ་གཉིས་ཀྱི་ངོ་བོའི་སྟེང་ནས་སློབ་གསོའི་ཐོན་ཁུངས་ཀྱི་བརྒྱུད་བསྐུར་དང་བསྐུར་བའི་རྣམ་པར་འབྲེལ་བ་ཡོད།

3 རྒྱང་བསྲིང་སློབ་གསོའི་ལས་ཁུངས།

ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་པར་སྐྲུན་ཁང་ནི1979ལོར་བཙུགས་པ་ཡིན་ལ། 1992ལོར་ཏིང་ཞའོ་ཕིན་ལྷོ་བསྐྱོད་བྱེད་སྐབས་ཀྱི་གསུངས་བཤད་རྗེས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་འགྲོས་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་པར་སྐྲུན་ཁང་གིས་ཀྱང་འགྲོས་ཚད་མགྱོགས་པའི་དུས་སུ་ཐོན། ད་ལྟ། ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་པར་སྐྲུན་ཁང་དེ་ཕྱི་ཡིག་བསླབ་དེབ་པར་སྐྲུན་ཀུང་ཟི་རྐྱང་བ་ནས་འཕེལ་རྒྱས་སུ་སོང་ཏེ་ཕྱོགས་བསྡུས་གསོ་སྦྱོང་ལས་ཁུངས་དང་རྒྱང་བསྲིང་སློབ་གསོའི་གཅིག་འདུས་ཀྱི་ཕྱོགས་བསྡུས་སློབ་གསོའི་ལས་ཁུངས་ཡིན།21a4462309f79052e0cfb18e0ef3d7ca7acbd5aa_副本.jpg.jpg ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་པར་སྐྲུན་ཁང་དང་ཚན་རྩལ་སློབ་ཆེན་གྱིས་མཉམ་འབྲེལ་སྒོས་མ་དངུལ་མཉམ་སྒྲུབ་ཀྱིས་ཀུང་ཟི་ཞིག་བཙུགས་ལ། སློབ་གསོའི་ཆ་འཕྲིན་ཅན་གྱི་རྣམ་པའི་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་གཞི་ཡིན།

2000ལོར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆོན་ཐོབ་པ་ལྟར་པེ་ཅིང་ཕྱི་ཡིག་སློབ་ཆེན་ནི་དེང་རབས་རྒྱང་བསྲིང་སློབ་གསོའི་ཚོད་ལྟའི་སློབ་གླིང་དུ་གྱུར་ལ། དེ་རྗེས་སུ་པེ་ཅིང་ཕྱི་ཡིག་སློབ་ཆེན་དུ་དྲ་རྒྱའི་སློབ་གསོའི་སློབ་གླིང་བཙུགས་པ་དང་། པེ་ཅིང་ཕྱི་ཡིག་སློབ་ཆེན་གྱི་པེ་ཅིང་དྲ་རྒྱའི་སློབ་གླིང་བཙུགས་པ་ལས་གནའ་ནས་ད་བར་གྱི་གཟབ་ནན་སློབ་སྐྱོང་གི་བྱེད་ཕྱོགས་ལས་ཧུར་ཐག་སྒོས་པེ་ཅིང་ཕྱི་ཡིག་སློབ་ཆེན་གྱི་སློབ་སྦྱོང་གི་ཐོན་ཁུངས་དང་སློབ་ཁྲིད་ལེགས་ཆ་དེ་དེང་རབས་དྲ་རྒྱའི་ལག་རྩལ་གྱི་ལེགས་ཆ་དང་མཉམ་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཆེད་ལས་སྣ་མང་གི་བསླབས་རིམ་བསླབ་གནས་སློབ་གསོ་དང་རིགས་སོ་སོའི་གསོ་སྦྱོང་གི་རྣམ་གྲངས་ལས། བདེ་ལེགས་ངང་བསླབས་རིམ་ཚོགས་པ་དང་བསླབས་རིམ་སློབ་གསོ་མ་ཡིན་པའི་གཅིག་གྱུར་གྱི་རིམ་པ་མང་པོ་དང་རྣམ་པ་མང་པོ། ཕྱོགས་ཡོངས་ཀྱི་དྲ་རྒྱའི་སློབ་གསོའི་མ་ལག་བཙུགས་པ་ཡིན།

4 ​འཕེལ་རྒྱས་བརྒྱུད་རིམ།

རྒྱང་བསྲིང་སློབ་གསོ་དེ་ཀྲུང་གོ་རུ་འཕེལ་རྒྱས་རིམ་པ་གསུམ་ཡོད་ལ། རིམ་པ་དང་པོ་ནི་སྦྲག་ཁྲིད་སློབ་གསོ་ཡིན། རྣམ་པ་འདིའི་རང་རྒྱལ་ལ་ཤེས་ལྡན་མང་པོ་གསོ་སྐྱོང་བྱས་པ་ཡིན། འོན་ཏེ་སྦྲག་ཁྲིད་སློབ་གསོ་ལ་ཚད་བཀག་རང་བཞིན་ཅུང་ཆེ། རིམ་པ་གཉིས་པ་ནི་ལོ་རབས་བརྒྱད་ཅུ་སྐབས་སུ་དར་བའི་རྒྱང་བསྒྲགས་བརྙན་འཕྲིན་སློབ་གསོ་ཡིན་ལ། རང་རྒྱལ་གྱི་རྒྱང་བསྲིང་སློབ་གསོའི་རྣམ་པ་དང་ཀྲུང་དབྱང་བརྙན་འཕྲིན་སློབ་ཆེན་ནི་འཛམ་གླིང་སྟེང་མིང་དུ་གྲགས་པ་ཡིན། ལོ་རབས་དགུ་བཅུ་བར། ཆ་འཕྲིན་དང་དྲ་རྒྱའི་ལག་རྩལ་གྱི་འཕེལ་རྒྱས་ལས། ཆ་འཕྲིན་དང་དྲ་རྒྱའི་ལག་རྩལ་རྨང་གཞི་བྱས་ཏེ་རིམ་པ་གསུམ་པའི་དེང་རབས་རྒྱང་བསྲིང་སློབ་གསོ་བྱུང་བ་ཡིན

1994ལོའི་མཇུག་ཏུ། རྒྱལ་ཁབ་ཀྱི་སློབ་གསོའི་ཨུ་ཡོན་གྱི་མགོ་ཁྲིད་འོག "ཀྲུང་གོའི་སློབ་གསོ་དང་ཚན་རིག་ཞིབ་འཇུག་རྩིས་འཁོར་དྲ་རྒྱ(CERNET)འི་དཔེ་སྟོན་ལས་གྲྭ"ཆིན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་བཅུ་ལྷག་གིས་མཉམ་སྒྲུབ་བྱས་པ་དང་། འདི་ནི་རྒྱལ་ཡོངས་ནསTCP/IPགྲོས་ཡིག་བཀོལ་སྤྱོད་ཀྱི་སྤྱི་སྤྱོད་རྩིས་འཁོར་དྲ་རྒྱ་ཡིན།

1996ལོར་ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་ཝང་ཏ་ཀྲུང་གིས་ཐོག་མར་སྣེ་ཁྲིད་ནས་དེང་རབས་རྒྱང་བསྲིང་སློབ་གསོའི་འཕེལ་རྒྱས་བཏོན་ལ། 1997ལོར། ཧུའུ་ནན་སློབ་ཆེན་གྱིས་ཐོག་མར་ཧུའུ་ནན་གློག་འཕྲིན་དང་མཉམ་འབྲེལ་བྱས་ཏེ། དྲ་རྒྱའི་སློབ་ཆེན་བཙུགས་པ་ཡིན། ཆིན་ཧྭ་སློབ་ཆེན་གྱིས1998ལོར་དྲ་རྒྱའི་ཞིབ་འཇུག་སློབ་མའི་ཟབ་སྦྱོང་བསླབ་ཚན་བསྐྲུན་པ་ཡིན།

1998ལོའི་ཟླ9བར། སློབ་གསོ་པུའུ་ཡིས་དངོས་སུ་ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སྦྲག་ཏར་སློབ་ཆེན། ཀྲེ་ཅིང་སློབ་ཆེན་དང་ཧུའུ་ནན་སློབ་ཆེན་ལ་ཆོག་མཆན་བཀོད་དེ་རྒྱལ་ཁབ་རྒྱང་བསྲིང་སློབ་གསོའི་ཆོག་ཐེངས་དང་པོའི་ཚོད་ལྟའི་སློབ་གླིང་དུ་གཏན་འཁེལ་བྱས།

1999ལོར་སློབ་གསོ་པུའུ་ཡིས《དེང་རབས་རྒྱང་བསྲིང་སློབ་གསོའི་བསམ་འཆར》གཏན་འཁེལ་བྱས་པ་དང་། ཟླ་དགུ་བར"CERNETམགྱོགས་མྱུར་གཙོ་ཐིག་དྲ་རྒྱའི་འཛུགས་སྐྲུན་རྣམ་གྲངས"བཙུགས་པ་དང་། དམིགས་ཡུལ་ནི2000ལོའི་ཟླ12བའི་སྔོན་ལ་འཛུགས་སྐྲུན་མཇུག་རྫོགས་པ་དང་རང་རྒྱལ་དེང་རབས་རྒྱང་བསྲིང་སློབ་གསོའི་དགོས་མཁོ་བསྐང་བ་ཡིན།

2000ལོའི་ཟླ7པར་སློབ་གསོ་པུའུ་ཡིས《སློབ་གསོའི་དྲ་ཚིགས་དང་དྲ་རྒྱའི་སློབ་གྲྭའི་གནས་སྐབས་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ལ། དེ་དང་མཉམ་དུ་དེང་རབས་རྒྱང་བསྲིང་སློབ་གསོའི་ཚོད་ལྟའི་བྱེད་གནས་སློབ་གླིང་སློབ་གྲྭ31དུ་བཏང་ལ། 《མཐོ་རིམ་སློབ་གྲྭའི་དྲ་རྒྱའི་སློབ་གསོའི་སློབ་གླིང་ནས་དེང་རབས་རྒྱང་བསྲིང་སློབ་གསོའི་ཚོད་ལྟའི་གནས་ཀྱི་བྱ་བའི་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ། ཡིག་ཆ་གཞིར་བཟུང་ནས་ཚོད་ལྟའི་སློབ་གླིང31ལ་རང་བདག་གི་དབང་ཆ་ཆེན་པོ་བྱིན་ལ། དཔེར་ན་རང་ཉིད་ཀྱིས་སློབ་བསྡུ་ཚད་གཞི་ཐག་གཅོད་དང་ཆེད་ལས་དཀར་ཆག་ལས་གཞན་གྱི་ཆེད་ལས་བཙུགས་ཆོག་ལ། རྒྱལ་ཁབ་ཀྱི་ཁས་ལེན་བྱེད་པའི་བསླབས་རིམ་ཡིག་ཚད་སོགས་སྤྲད་ཆོག

2000ལོའི་ཟླ7པའི་ཚེས31ཉིན། ཚོད་ལྟ་བྱེད་གནས་སློབ་གླིང31གིས་མཉམ་འབྲེལ་སྒོས་པེ་ཅིང་དུ"མཐོ་རིམ་སློབ་གྲྭའི་དེང་རབས་རྒྱང་བསྲིང་སློབ་གསོའི་མཉམ་འབྲེལ་ཚོགས་པ"བཙུགས་ཏེ་ཚོད་ལྟའི་མཐོ་སློབ་བར་གྱི་འབྲེལ་འདྲིས་དང་མཉམ་འབྲེལ་ལ་ཤུགས་སྣོན་དང་། སློབ་གསོའི་ཐོན་ཁུངས་ཀྱི་འཛུགས་སྐྲུན་དང་མཉམ་སྤྱོད་ལ་སྐུལ་འདེད་བྱས་པ་ཡིན།aa64034f78f0f736632651350955b319ebc4132d_副本.jpg.jpg

2001ལོའི་ཟླ7པར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་མུ་མཐུད་དུ་དེང་རབས་རྒྱང་བསྲིང་སློབ་གསོའི་སློབ་གླིང་གི་ཚོད་ལྟའི་ཁྱབ་ཁོངས་གི་སློབ་གླིང38ནས45རུ་འཕེར།

2012ལོར། དེང་རབས་རྒྱང་བསྲིང་སློབ་གསོའི་སློབ་གླིང68དུ་འཕེར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-24

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།