དར་མའི་མཐོ་རྒྱུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་མའི་མཐོ་རྒྱུགས།
དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་གཅིག་གྱུར་རྒྱུགས་ལེན་གྱི་བསྡུས་མིང་ཡིན། དེ་ནི་རང་རྒྱལ་དར་མའི་མཐོ་རིམ་སློབ་གྲྭས་ཚད་ལྡན་གྱི་མཐར་ཕྱིན་སློབ་མ་འདེམས་ཏེ་རིམ་པ་མཐོ་བའི་བསླབས་རིམ་སློབ་གསོའི་སློབ་ཞུགས་རྒྱུགས་ལེན་ཡིན། རྒྱལ་དམངས་སློབ་གསོའི་མ་ལག་ཁོངས་གཏོགས་ཡིན་ལ་རྒྱལ་ཁབ་ཀྱི་སློབ་བསྡུ་འཆར་གཞི་ནང་བཅུག་ཡོད་ལ། རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་རྗེས་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་གྱིས་གཅིག་གྱུར་རྩ་འཛུགས་སྒོས་སྡུད་ལེན་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成人高考
ཕྱི་ཡིག་གི་མིང་།
Adult the university entrance exam
མིང་ཆ་ཚང་།
དར་མའི་མཐོ་ རིམ་སློབ་གྲྭའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན།
རིགས།
ཆེད་སྦྱོང་དངོས་གཞིར་འཕེར་བ། མཐོ་འབྲིང་འགོ་ཚུགས་སའི་ཆེད་སྦྱོང་། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི།
རྣམ་པ།
ལས་ཞོར། སྦྲག་ཁྲིད། ལས་བྲལ།
ཁོངས།
དར་མའི་སློབ་གསོ།
1 ངོ་སྤྲོད།

དང་ཐོག་འཛུགས་སྐབས། དེ་ནི་ལས་གནས་སྟེང་དུ་ཡོད་པའི་མིའི་བསླབས་རིམ་སློབ་གསོ་དང་རྒྱུན་མཐུད་སློབ་གསོའི་གནད་དོན་ཐག་གཅོད་ཆེད་ཡིན་ལ། མང་ཆེ་ཤོས་ནི་མི་དར་མ་དག་ཡིན། རྒྱལ་ཁབ་མཐོ་རིམ་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དར་མའི་མཐོ་རིམ་བསླབས་རིམ་སློབ་གསོ་དང་དཀྱུས་མའི་མཐོ་རིམ་སློབ་གསོ། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་གཅིག་གྱུར་ལ་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པའི་རྒྱལ་དམངས་སློབ་གསོའི་རིམ་པའི་མཐོ་རིམ་བསླབས་རིམ་གྱི་སློབ་གསོ་ཡིན།

དར་མའི་མཐོ་རྒྱུགས་ལ་ཆེད་སྦྱོང་དངོས་གཞིར་འཕེར་བ་དང་མཐོ་འབྲིང་འགོ་ཚུགས་སའི་ཆེད་སྦྱོང་། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི་རིམ་པ་གསུམ་ཡོད། སློབ་སྦྱོང་གི་རྣམ་པ་ལ་སྦྲག་ཁྲིད་དང་ལས་ཞོར། ལས་བྲལ་གྱི་རྣམ་པ་གསུམ་ཡོད། དེ་སྔ་སྔ་མའི་རྣམ་པ་གཉིས་ཡོད་ལ་ལས་བྲལ་སློབ་སྦྱོང་ཧ་ཅང་ཉུང་ཉུང་ཡིན།

2 རྒྱུགས་སྤྲོད་བརྒྱུད་རིམ།
2_1 མིང་ཐོ་འགོད་པའི་དུས་ཚོད།

སྤྱིར་བཏང་དུ་ལོ་རེའི་ཟླ8-9བར།18d8bc3eb13533fa71061a5da8d3fd1f41345b15_副本.jpg.jpg

2_2 རྒྱུགས་སྤྲོད་ཆ་རྐྱེན།

1 ཐོབ་ཐང་བདེན་དཔང་། ཐོབ་ཐང་དཔང་ཡིག་དང་དཔར་མ། གལ་ཏེ་ཐོབ་ཐང་དཔང་ཡིག་བོར་ན་གང་མགྱོགས་སྒོས་མངགས་གཏོང་ཁང་དུ་རང་གི་འདྲ་པར་ཡོད་པའི་ཁྱིམ་ཐོ་བདེན་དཔང་དང་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་གསལ་བོར་འགོད་དགོས་པར་མ་ཟད། གང་མགྱོགས་སྒོས་ཐོབ་ཐང་དཔང་ཡིག་གསབ་དགོས་ཏེ་རྒྱུགས་སྤྲོད་ལ་འགོར་འགྱངས་བྱེད་མི་རུང་།

2 བསླབས་རིམ་བདེན་དཔང་། རང་གི་ཆེས་མཐོ་བའི་བསླབས་རིམ་མཐར་ཕྱིན་འཛིན་ཡིག་དང་དཔར་མ། སློབ་གསོ་པུའུ་ཡིས་གཏན་འཁེལ་ལྟར། ཆེད་སྦྱོང་དངོས་གཞིར་འཕེར་བའི་སློབ་མ་ཡིན་ན་རྒྱལ་དམངས་སློབ་གསོའི་མ་ལག་གི་ཆེད་སྦྱོང་དང་དེའི་ཡན་གྱི་ཡིག་ཚད་དགོས།

3 བྱ་བའི་ལས་ཁུངས་ཀྱི་བདེན་དཔང་། དར་མའི་མཐོ་རིམ་སློབ་གྲྭའི་ཆེད་ལས་ཁག་ཅིག་གི་དམིགས་བསལ་རེ་བ་ལྟར། ལས་བྲལ་ཆེད་ལས་ཀྱི་སློབ་མ་ཡིན་ན་བྱ་བའི་ལས་ཁུངས་ཀྱི་འཐད་པ་ཡིན་པའི་བདེན་དཔང་ཡིན་དགོས། དེའི་རྐྱེན་སློབ་མས་དམིགས་བསལ་གྱི་ཆེད་ལས་དག་ལ་སྤྲོད་ན་ངེས་པར་དུ་སྔོན་ལ་བྱ་བའི་བདེན་དཔང་ཡི་གེ་གྲ་སྒྲིག་བྱེད་དགོས།

2_3 རྒྱུགས་སྤྲོད་འགྲོ་གྲོན།

ས་ཁུལ་སོ་སོའི་དར་མའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་རིན་ཡང་མི་གཅིག འདས་ལོའི་ནང་དུ་འགྱུར་བ་བྱུང་མྱོང་ལ་སློབ་མ་རང་ཉིད་ཞིང་ཆེན་སློབ་བསྡུ་དྲ་བའི་སྟེགས་བུ་ནས་གསལ་བོར་བརྩད་གཅོད་བྱས་ཆོག

2_4 རྒྱུགས་ལེན་བསླབ་གཞི།

སྤྱིར་བཏང་དུ་བཤད་ན། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི་དང་མཐོ་འབྲིང་འགོ་ཚུགས་སའི་ཆེད་སྦྱོང་གི་བསླབ་གཞི་ལ་མི་དམངས་སློབ་གསོ་པར་སྐྲུན་ཁང་། མཐོ་རིམ་སློབ་གསོ་པར་སྐྲུན་ཁང་། ཧའེ་ནན་པར་སྐྲུན་ཁང་། ད་དུང་མི་དམངས་འཐུས་ཚོགས་པར་སྐྲུན་ཁང་། དར་མའི་སློབ་གསོ་པར་སྐྲུན་ཁང་སོགས་ཡོད། ཆེད་སྦྱོང་དངོས་གཞིར་འཕེར་བའི་བསླབ་གཞི་ནི་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་པར་སྐྲུན་ཁང་། མི་དམངས་སློབ་གསོ་པར་སྐྲུན་ཁང་། མཐོ་རིམ་སློབ་གསོ་པར་སྐྲུན་ཁང་། ཧའེ་ནན་པར་སྐྲུན་ཁང་སོགས་ཡོད་ལ། སྤྱིའི་ཆ་ནས་བཤད་ན། མཐོ་འབྲིང་འགོ་ཚུགས་སའི་བསླབ་གཞི་ལ་མི་དམངས་སློབ་གསོ་པར་སྐྲུན་ཁང་དང་ཧའེ་ནན་པར་སྐྲུན་ཁང་། ཆེད་སྦྱོང་དངོས་གཞིར་འཕེར་བའི་བསླབ་གཞི་ལ་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱི་མཐོ་རིམ་སློབ་གསོའི་པར་གཞི་བཀོལ་མཁན་མང་བ་ཡིན།

2_5 ནུས་པ།

དར་མའི་མཐོ་རྒྱུགས་དང་རང་སྦྱོང་རྒྱུགས་ལེན། རྒྱང་བསྲིང་། རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ནི་གཅིག་གྱུར་སྡུད་ལེན་མ་ཡིན་པའི་བསླབས་རིམ་ཡིན་སྟབས་སྤྱི་ཚོགས་སྟེང་གི་ཁེ་ལས་མང་ཆེ་ཤོས་ཀྱིས་ཁས་ལེན་མི་བྱེད་པ་དང་འཕྱ་དམོད་ཆེན་པོ་ཐོབ་མྱོང་། ཡིག་ཚད་དེ་ལོ་སུམ་ཅུའི་སྔོན་ནས་བཟུང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྤྱི་ཚོགས་སྟེང་གི་མི་ཡོད་ཚད་རྒྱལ་ཡོངས་དར་མའི་མཐོ་རྒྱུགས་ལ་ཞུགས་ཆོག་པར་ཁྱབ་བསྒྲགས་བྱས་པ་ནས་སྤྱི་ཚོགས་སྟེང་གི་ལས་གནས་སུ་ཡོད་པ་དང་འབྲིང་རིམ་སློབ་མའི་མཐོ་རིམ་སློབ་གསོ་མྱངས་པའི་གོ་སྐབས་སྐྲུན་པ་ཡིན།

དར་མའི་མཐོ་རྒྱུགས་ཡིག་ཚད་ནི་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་བསླབས་རིམ་གཅིག་ཡིན་ལ། དར་མའི་མཐོ་རྒྱུགས་སློབ་སྦྱོང་གི་ངོ་བོའི་སྟེང་ནས་བཤད་ན། དར་མའི་མཐོ་རྒྱུགས་དང་རང་སྦྱོང་མཐོ་རྒྱུགས། དཀྱུས་མའི་མཐོ་རྒྱུགས་དང་འདྲ་བར་ཤེས་ལྡན་འདེམས་གསེས་བྱེད་པའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཡིན། དེ་ནི་སློབ་གསོའི་དགོས་མཁོ་དང་སློབ་སྦྱོང་གི་རྣམ་པ་སོགས་ཀྱི་བར་ཁྱད་ཀྱི་སྟེང་ནས་རིགས་དགར་བ་ཡིན།

དར་མའི་མཐོ་རྒྱུགས་བསླབས་རིམ་ནི་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པ་དང་ཞིབ་འཇུག་ལ་རྒྱུགས་སྤྲོད་པ། གཞུང་ཞབས་པར་རྒྱུགས་སྤྲོད་པ། ཕྱི་འགྲིམས་བྱེད་པ། མིང་བཏགས་འདེམས་པ་སོགས་ལ་ཆོག་པ་ཡིན།

2_6 བརྒྱུད་རིམ།

རིམ་པ་འདེམས་པ།

གསབ་སྦྱོང་འཛིན་གྲྭར་ཞུགས་པ།

ཟླ8པའི་ཟླ་སྨད་དུ་དྲ་ཐོག་ནས་མིང་ཐོ་འགོད་པ།

ཟླ9བའི་ཟླ་མགོར་ཐག་ཆོད་བྱེད་པ།

ཟླ9བའི་ཟླ་མཇུག་ཏུ་རྒྱུགས་སྤྲོད་ཡི་གེ་སྟེར་པ།

ཟླ10བའི་གཟའ་འཁོར་གསུམ་པའི་གཟའ་སྤེན་པ་དང་ཉི་མར་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་ལ་ཞུགས་པ།

ཟླ11བར་དྲ་ངོས་སུ་སྐར་འབྲས་བསྒྲགས་པ།

ཟླ12པར་དྲ་ངོས་ནས་སྐར་མའི་བརྟག་ཚད་དང་སྡུད་ལེན་མཇུག་འབྲས་བསྒྲགས་པ།

ཟླ12པའི་ཟླ་མཇུག་གམ་ཟླ1པོའི་ཟླ་མགོར་སྡུད་ལེན་བརྡ་ཐོ་ལེན་པ།

ལོ་གཉིས་པའི་ཟླ3པའི་ཟླ་དཀྱིལ་དུ་བསླབ་གཞི་དང་བསླབ་ཚན་བཀོད་སྒྲིག་རེའུ་མིག་བླངས་རྗེས་དངོས་སུ་སློབ་ཁྲིད་དུ་ཞུགས་པ།

3 སློབ་སྦྱོང་གི་རྣམ་པ།

དར་མའི་མཐོ་རྒྱུགས་ཀྱི་སྡུད་ལེན་བྱས་རྗེས་སློབ་སྦྱོང་གི་རྣམ་པ་ལ་སྦྲག་ཁྲིད་དང་ལས་ཞོར། ལས་བྲལ་གསུམ་ཡོད་དེ།

སྦྲག་ཁྲིད་ཀྱི་སློབ་སྦྱོང་གི་རྣམ་པ་ནི་ལས་ཞུགས་བྱས་ཡོད་པའི་མི་དང་ལས་ཞོར་གྱི་དུས་ཚོད་ཉུང་བ་དག་ལ་འཚམ་པོར་ཡོད་ལ། སློབ་གྲྭས་སྦྲག་ཁང་བརྒྱུད་ནས་སློབ་སྦྱོང་གི་རྒྱུ་ཆ་བསྐུར་ཡོང་བ་དང་རང་ཉིད་ཀྱིས་རང་ཁྱིམ་ནས་སློབ་སྦྱོང་བྱས་ཆོག སློབ་སྐབས་ཀྱི་མཇུག་ཏུ་ཁ་གཏད་སློབ་ཁྲིད་ཐེངས་ཁ་ཤས་ཡོད། དེ་རྗེས་ཐད་ཀར་རྒྱུགས་ལེན་ལ་ཞུགས་དགོས།

ལས་ཞོར་ནི་སློབ་གླིང་གནས་སར་སློབ་མ་བསྡུ་ལེན་བྱས་ཏེ་མཚན་མོ་དང་གཟའ་མཇུག་གི་ངལ་གསོའི་ཉིན་མོར་སློབ་ཁྲིད་བྱེད་པ་ཡིན་ལ། ལས་གནས་སུ་ཡོད་པའི་སློབ་མར་འཚམ་པ་ཡིན།

ལས་བྲལ་ནི་བྱ་བའི་ལས་གནས་སུ་ཞུགས་རྗེས་ཡང་བསྐྱར་སློབ་གྲྭར་འཛུལ་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་སྦྱོང་བྱེད་པ་ལ་ཟེར། དོ་དམ་བྱེད་ལུགས་ནི་དཀྱུས་མའི་མཐོ་རིམ་སློབ་གྲྭ་དང་འདྲ་འདྲ་ཡིན་ལ། གཟའ་མཇུག་གི་ངལ་གསོ་ཉིན་མོར་སློབ་ཁྲིད་མེད། སློབ་མར་རྒྱུན་ལྡན་ངང་གཏན་འཇགས་རང་བཞིན་གྱི་སློབ་ཁང་དང་དོ་དམ་རེ་བ། ད་དུང་དབྱར་དགུན་གྱི་གནང་བའང་ཡོད།

4 མཐར་ཕྱིན་རྗེས་ཀྱི་ཐོབ་ཐང་།

1 ལས་ཞུགས། དར་མའི་མཐོ་རྒྱུགས་དང་རང་སྦྱོང་རྒྱུགས་ལེན། རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ནི་གཅིག་གྱུར་བསྡུ་ལེན་བསླབས་རིམ་མ་ཡིན་པས། སྤྱི་ཚོགས་སྟེང་གི་ཁེ་ལས་མང་ཤོས་ནས་ཁས་ལེན་མི་ཐོབ་པར་མ་ཟད་རྒྱུན་དུ་དམའ་འབེབས་ཡང་ཐེབས་སྲིད་པ་ལ་ལས་ཁུངས་མང་ཆེ་ཤོས་དང་ལྷག་ཏུ་རྒྱལ་ཁབ་སྡེ་ཁག་དང་ལས་དོན་སྡེ་ཁག གཞན་སྡེ་ཁག་མང་ཤོས་ནས་བསྡུ་ལེན་གྱི་བསླབས་རིམ་ལ་དངོས་གཞིའི་ཡན་ཡིན་སྟབས་ཕུགས་བསམ་དང་ལྡན་པའི་བྱ་བའི་གོ་སྐབས་མང་པོ་ཞིག་འཆོར་སྲིད།

2 གླ་ཕོགས། རང་རྒྱལ་གྱི་རྒྱལ་ཁབ་ལས་ཁུངས་དང་ལས་དོན་སྡེ་ཁག་གི་རྩ་བའི་ཆ་ནས་བསླབས་རིམ་གཞིར་བཟུང་ཏེ་གླ་ཕོགས་གཏན་འཁེལ་བྱེད་པ་ཡིན་ལ། དངོས་གཞིའི་གླ་ཕོགས་ཆེད་སྦྱོང་ལས་རིམ་པ་གཅིག་གི་མཐོ་བ་ཡིན། ཅུང་ཚད་ལྡན་ཡིན་པའི་ཁེ་ལས་ཀྱིས་ཀྱང་བསླབས་རིམ་ལས་གླ་ཕོགས་གཏན་འཁེལ་བྱིན་གྱིན་ཡོད་པར་མ་ཟད། དངོས་གཞི་ཡན་གྱི་བྱ་དགའ་དང་གོ་གནས་ཡར་འཕེར་གྱི་གོ་སྐབས་ཆེད་སྦྱོང་ལས་བལྟས་བཅོས་ཀྱིས་མང་པོ་ཡོད།

3 མི་དོན་བཅོས་སྒྱུར། སྡེ་ཁག་མང་ཆེ་ཤོས་ཏེ་ལྷག་པར་རྒྱལ་ཁབ་ལས་ཁུངས་དང་ལས་དོན་སྡེ་ཁག་ནས་ལས་བྱེད་བསྐོ་བཞག་དང་འགྲན་རྩོད་བྱེད་དགོས་ན་དངོས་གཞིའི་ཡན་ཡིན་པ་ནི་རྩ་བའི་རེ་འདུན་ཡིན། ཆེད་སྦྱོང་གིས་ལས་ཀ་ཡོངས་སུ་འགྲུབ་ཡང་བསླབས་རིམ་གྱིས་དབང་གིས་འགྲན་རྩོད་ཀྱི་ཐོབ་ཐང་མེད་པ་ཡིན། དཀྱུས་མའི་མཐོ་རིམ་སློབ་གསོའི་ཆེད་སྦྱོང་མན་གྱིས་ལས་གནས་རེག་ཀྱང་རྗེས་སུ་ལས་ཤོར་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།

4.4 མིང་བཏགས་དཔྱད་འདེམས། ད་ལྟ་མིང་བཏགས་དཔྱད་འདེམས་ཡོད་ཚད་ཕལ་ཆེར་བསླབས་རིམ་དང་འབྲེལ་ཡོད་དེ། མཐོ་རིམ་མིང་བཏགས་དཔྱད་འདེམས་བྱེད་སྐབས་ཆེད་སྦྱོང་མན་གྱི་བསླབས་རིམ་ལ་ཕལ་ཆེར་གོ་སྐབས་མེད། དེའི་རྐྱེན་སྡེ་ཁག་མང་ཆེ་ཤོས་ཀྱི་མགོ་ཁྲིད་ནི་མཐོ་རིམ་མིང་བཏགས་ཡིན་ལ། མཐོ་རིམ་མིང་བཏགས་མེད་ན་མགོ་ཁྲིད་རེག་པའི་གོ་སྐབས་ཤོར་འགྲོ་བ་ཡིན། དེ་བཞིན་དུ་དངོས་གཞི་མིན་ན་མཐོ་རིམ་མིང་བཏགས་ལ་དཔྱད་འདེམས་བྱེད་པའི་གོ་སྐབས་ཤོར་འགྲོ་བ་ཡིན།

5 ཞིབ་འཇུག་སློབ་མའི་རྒྱུགས་ལེན། དངོས་གཞིའི་བསླབས་རིམ་ཡོད་ན་བསླབ་གནས་དཔང་ཡིག་མེད་ཀྱང་ཐད་ཀར་དུ་རྒྱལ་ཡོངས་གཅིག་གྱུར་གྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཆོག ཡིན་ཡང་ཆེད་སྦྱོང་གིས་མཐར་ཕྱིན་རྗེས་ཀྱི་ལོ་གཉིས་རྗེས་སུ་བསླབས་རིམ་འདྲ་མཉམ་ཡིན་ན་ད་གཟོད་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཆོག

6 ལས་འཛིན་དཔང་ཡིག་གི་རྒྱུགས་ལེན། རྒྱལ་ཁབ་མང་ཆེ་ཤོས་ཀྱི་ལས་རིགས་ཐོབ་ཐང་དཔང་ཡིག་ལ་ཆེད་སྦྱོང་ཡན་གྱི་བསླབས་རིམ་དགོས་ལ། དཔེར་ན་ཁྲིམས་རྩོད་པ་དང་ཕྱུགས་ཀྱི་སྨན་པ། སྨན་གཉེར་བ་སོགས་ཀྱི་རྒྱུགས་ལེན་ཆ་རྐྱེན་ངེས་པར་དུ་འབྲེལ་ཡོད་ཆེད་ལས་ཀྱི་ཆེད་སྦྱོང་ཡན་གྱི་བསླབས་རིམ་ཡིན་དགོས།

7 ཕྱི་འགྲིམས། 2015ལོར་ཁ་ན་ཏའི་ཝེ་པེ་ཁུའེ་རུ་ཕྱི་འགྲིམས་བྱེད་དུས། དར་མའི་བསླབས་རིམ་གྱིས་ཐད་ཀར་དེ་ལས་མཐོ་བའི་བསླབས་རིམ་ལ་ཞུགས་ཆོག་ལ། དུས་ཚོད་དང་འགྲོ་སོང་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ།

5 ​ཁས་ལེན།
5_1 བསླབས་རིམ།

2005ལོར་དར་མའི་སློབ་གྲྭས་སྔར་བཞིན་རྒྱུགས་མེད་པར་ཆེད་ལས་གཉིས་པའི་སློབ་མ་བསྡུ་མཚམས་བཞག་པ་དང་། ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་དགོས། སྡུད་ལེན་བྱས་པའི་སློབ་མ་ལོ་དེའི་སློབ་བསྡུ་འཆར་གཞིའི་ནང་དུ་བཞག་ཡོད།

རང་རྒྱལ་སློབ་གསོ་པུའུ་དང་ཁ་ན་ཏ་ཝེ་པེ་ཁུའེ་ཞིང་ཆེན་ནང་མཉམ་དུ《ཕན་ཚུན་བསླབས་རིམ་དང་བསླབ་གནས། ཡིག་ཚད་ཁས་ལེན་བྱེད་པའི་མཉམ་འབྲེལ་ཆོད་ཡིག》སྟེང་མིང་རྟགས་བཀོད་པར་མ་ཟད་ནུས་པ་ཡང་ཐོན། འདི་ནི་རང་རྒྱལ་གྱིས་ཀྲུང་གོ་དང་མེ་གླིང་བྱང་མའི་རྒྱལ་ཁབ་ཏུ་མིང་རྟགས་བཀོད་པ་ཐེངས་དང་པོ་ཡིན་ལ། མིང་རྟགས་བཀོད་རྗེས་ཝེ་པེ་ཁུའེ་ནང་སློབ་སྦྱོང་བྱས་ཏེ་ཕྱིར་ཡོང་ན་རང་རྒྱལ་ནས་ཁས་ལེན་ཐོབ་ཐུབ་ལ། སློབ་སྐར་རྩིས་སྟངས་ཡང་རིམ་གྱིས་གཅིག་གྱུར་ཏུ་གྱུར་བ་མ་ཟད། སྔོན་ཆད་རྩ་དོན་སྟེང་ནས་ཁས་ལེན་མི་བྱེད་པའི་དར་མའི་བསླབས་རིམ་དེ་ཡང་ཁ་ན་ཏའི་འབྲེལ་ཡོད་ལས་ཁུངས་ཀྱིས་དཔྱད་འཇོག་ཐོབ་རྗེས་རིམ་གྱིས་ད་ལྟ་ཁས་ལེན་ཐོབ་ཀྱིན་ཡོད།

དར་མའི་བསླབས་རིམ་ལ་ཆེད་སྦྱོང་དང་དངོས་གཞི་གཉིས་ཡོད་ལ། དངོས་གཞིའི་བསླབས་རིམ་གྱིས་ཆ་རྐྱེན་ངེས་ཅན་ཞིག་ལོངས་རྗེས་ཤེས་རམས་བསླབ་གནས་རེ་ཞུ་བྱས་ཆོག

5_2 བསླབ་གནས།

དངོས་གཞི་མཐར་ཕྱིན་སློབ་མ་རང་ཉིད་ཀྱིས་ལོ་དེའི་ཟླ་དང་པོ་དང་བདུན་པར་སློབ་གླིང་དང་སྡེ་ཁག་གི་སྦྲག་ཁྲིད་ས་ཚུགས་དང་སློབ་ཕྱིའི་སློབ་སྦྱོང་成人本科学位_副本.jpg.jpgལྟེ་གནས་སུ་བསླབ་གནས་རེ་ཞུ་རེའུ་མིག་བྲིས་ཏེ་ཡར་སྤྲོད་དགོས་ལ། རྒྱང་བསྲིང་དང་རྒྱུན་མཐུད་སློབ་གསོ་ལ་སློབ་གླིང་ནས་ཐོབ་ཐང་ཞིབ་བཤེར་བྱེད་དགོས་ལ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་བསླབ་གནས་སྤྲོད་པ་ཡིན། ལོ་དེའི་ཟླ་གསུམ་པའི་ཟླ་དཀྱིལ་ཟླ་བརྒྱད་པའི་ཟླ་མགོར་ཞིབ་བཤེར་བྱས་པའི་མིང་ཐོ་སློབ་དོན་ཁང་དུ་སྟེར་བ་དང་དེ་ནས་བསྐྱར་བཤེར་བྱས་རྗེས་བསླབ་གནས་དཔྱད་འདེམས་ཨུ་ཡོན་ཚོགས་པར་སྤྲད་དེ་ཆོག་མཆན་འགོད་པ་དང་། ཆོག་མཆན་བཀོད་རྗེས་མཐོ་རིམ་སློབ་གསོའི་ཤེས་རམས་བསླབ་གནས་དཔང་ཡིག་སྟེར་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-24

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།