དངུལ་མདོག་འདོན་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངུལ་གྱི་མེ་དྲེག་ལེན་པའམ་མདོག་འདོན་བྱེད་པ་ནི། རྫ་སྣོད་དམ་ཡང་ན་ཟངས་རག་གི་སྣོད་དཔྱད་ཀྱང་རུང་སྟེ། སོལ་མེར་ལེགས་པར་བསྲེགས་ནས་དུ་དྲེག་དང་སྣུམ་ཞག་མ་འགོས་པར་བྱས་པའི་ནང་དུ། མདོག་འདོན་བྱ་རྒྱུའི་བཟོས་དངོས་དེ་ནུབ་ངེས་ཀྱི་ཆུ་གྲང་གཙང་མ་བླུགས། བཟོས་དངོས་དེ་ཉིད་དུ་བ་མེད་པའི་སོལ་མེར་མེ་སྟག་ཤར་ཙམ་དུ་རན་པར་བསྲེགས་རྗེས་ཆུ་དེའི་ནང་བཅུག་ཐོག་མེ་ལ་བསྲོས་པས། ཆུ་དྲོ་འཇམ་རླངས་པ་འཕྱུར་ཙམ་བྱུང་རྗེས་མཚུར་བླུགས་ཤིང་། ཟངས་རག་གི་ཐུར་མས་འདྲེས་པར་དཀྲུགས་ཐོག་མེ་ཚ་པོས་བསྐོལ་བས་རིམ་གྱིས་མེ་དྲེག་དག་ནས་ཁ་དོག་སྐྱ་བོར་གྱུར་པ་དང་ཕྱིར་ཕྱུང་ལ་ཆུ་གཙང་གྲང་མོའི་ནང་ཟངས་ཀྱི་ཕག་ཏོས(ཟངས་ཀྱི་ཕག་ཟེ)ཤེད་སྙོམས་པར་བཀྲུ། ཡང་མེ་ལ་བསྲེགས་ཤིང་སྔར་གྱི་མཚུར་ཁུ་དེ་ཉིད་ཀྱི་ནང་དུ་བཅུག་ལ་སླར་ཡང་བསྐོལ་བ་བཅས་དེ་འདྲ་ཐེངས་ཁ་ཤས་བསྐྱར་ན་མདོག་ལེགས་པར་ཐོན་འོང་།
1 ངོ་སྤྲོད།

དངུལ་གྱི་མེ་དྲེག་ལེན་པའམ་མདོག་འདོན་བྱེད་པ་ནི། རྫ་སྣོད་དམ་ཡང་ན་ཟངས་རག་གི་སྣོད་དཔྱད་ཀྱང་རུང་སྟེ། སོལ་མེར་ལེགས་པར་བསྲེགས་ནས་དུ་དྲེག་དང་སྣུམ་ཞག་མ་འགོས་པར་བྱས་པའི་ནང་དུ། མདོག་འདོན་བྱ་རྒྱུའི་བཟོས་དངོས་དེ་ནུབ་ངེས་ཀྱི་ཆུ་གྲང་གཙང་མ་བླུགས། བཟོས་དངོས་དེ་ཉིད་དུ་བ་མེད་པའི་སོལ་མེར་མེ་སྟག་ཤར་ཙམ་དུ་རན་པར་བསྲེགས་རྗེས་ཆུ་དེའི་ནང་བཅུག་ཐོག་མེ་ལ་བསྲོས་པས། ཆུ་དྲོ་འཇམ་རླངས་པ་འཕྱུར་ཙམ་བྱུང་རྗེས་མཚུར་བླུགས་ཤིང་། ཟངས་རག་གི་ཐུར་མས་འདྲེས་པར་དཀྲུགས་ཐོག་མེ་ཚ་པོས་བསྐོལ་བས་རིམ་གྱིས་མེ་དྲེག་དག་ནས་ཁ་དོག་སྐྱ་བོར་གྱུར་པ་དང་ཕྱིར་ཕྱུང་ལ་ཆུ་གཙང་གྲང་མོའི་ནང་ཟངས་ཀྱི་ཕག་ཏོས(ཟངས་ཀྱི་ཕག་ཟེ)ཤེད་སྙོམས་པར་བཀྲུ། ཡང་མེ་ལ་བསྲེགས་ཤིང་སྔར་གྱི་མཚུར་ཁུ་དེ་ཉིད་ཀྱི་ནང་དུ་བཅུག་ལ་སླར་ཡང་བསྐོལ་བ་བཅས་དེ་འདྲ་ཐེངས་ཁ་ཤས་བསྐྱར་ན་མདོག་ལེགས་པར་ཐོན་འོང་། འདིར་བཤད་པའི་མཚུར་ནི་རང་རེ་བོད་ཀྱི་ཞིང་འབྲོག་ས་ཁུལ་གང་སར་ཡོད་པའི་མཚུར་དཀར་སེར་ལ་ཟེར་བ་ཡིན་ལ། དེ་མིན་དེང་སྐབས་སྐྱུར་ཅན་ཚོས་ཀྱི་ཤོག་ཆག་ནང་དུ་མཉམ་པོར་ཡོད་པའི་རྫས་འགྱུར་ཕྱེ་མ་སྐྱུར་པོ་དེས་ཀྱང་གོ་ཆོད་པས་བྱ་ཐབས་གཅིག་མཚུངས་ཡིན།

2 གཟབ་བྱ།

འདིར་དོ་སྣང་བྱེད་དགོས་པ་ནི། དངུལ་གྱི་སྤུས་ཚད་བཟང་ངན་དང་། མཚུར་གྱི་ནུས་པ་ཆེ་ཆུང་བཅས་ཀྱི་བར་ལ་ཧེ་བག་ཆེན་པོ་ཡོད་པས། དེའི་ཁྱུད་པར་ལ་གཞིགས་ནས་ཚོད་ཐིག་པར་བྱ་དགོས་པ་དེ་ཡིན། དེའང་མཚུར་ནུས་ཆེ་བ་དང་། རྒྱ་དངུལ་སྤུས་ལེགས་ལྟ་བུ་ཡིན་ན་མཚུར་ཕྲན་བ་མ་གཏོགས་བླུགས་མི་དགོས་ཤིང་། དེ་ལས་ལྡོག་པ་ལ་ནི་མཚུར་ཕོན་ཆེ་ཙམ་མ་བླུགས་ན་མི་འགྲིག་པས། མཚར་མང་དྲགས་པ་མདོག་ཐོན་མི་ཐུབ་པ་མ་ཟད་སྐྱར་དུ་མཚུར་དྲེག་ནག་པོ་ཆགས་ཏེ་ལས་སླ་པོར་མེད་པ་བཟོ་མི་ཐུབ་པ་དང་། མཚུར་བླུགས་པ་ཉུང་དྲགས་ནའང་མེ་དྲེག་དག་མི་ཐུབ་པས་ངེས་པར་ཚོད་ཐིག་པ་བྱ་དགོས། གཞན་ཡང་མཚུར་ཆུ་སྐོལ་བའི་སྣོད་ལྕགས་དང་། འཁར་བ། ཧ་ཡང་། ཁྲོ་སོགས་ཀྱིས་བྱ་མི་རུང་ཞིང་། ཟངས་རག་ལའང་དཀར་ཡ་བྱུགས་ཡོད་པ་ཡིན་ན་སྤྱོད་དུ་མི་རུང་། དེ་བཞིན་ལྕགས་ཐུར་གྱིས་དཀྲུག་པ་དང་། མཚུར་ཆུའི་ནང་ལྕགས་རིགས་དང་། ཧ་ཡང་། ཞ་ཉེ། གཤའ་དཀར། ཏི་ཚ་སོགས་ཅུང་ཟད་ཙམ་རེ་ཡོད་ནའང་དངུལ་ཚང་མར་གཡང་དྲེག་དམར་པོ་ཆགས་པར་འགྱུར་བས་དེའི་རིགས་ལ་དོ་སནང་ཆེན་པོ་བྱ་བ་གལ་ཆེའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།