རྒྱལ་བོ་གོ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་བོ་གོ་ཆེན་ཞེས་པ་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཁོ་རྒན་སྡེ་བའི་ལྷོ་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད་ཅིང༌། མཐོ་ཚད་ལ་མཚོ་ངོས་ལས་སྨི3925ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加吾果乾
ལ་ཏིང་གི་མིང་།
rgyal bo go chen
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ།
མཚོ་འཕགས།
སྨི3925
གནས་ཡུལ།
རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཁོ་རྒན་སྡེ་བའི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

རྒྱལ་བོ་གོ་ཆེན་ཞེས་པ་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཁོ་རྒན་སྡེ་བའི་ལྷོ་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད་ཅིང་།  མཐོ་ཚད་ལ་མཚོ་ངོས་ལས་སྨི3925ཡོད། འདི་ནི་འབའ་ཡི་མཐོན་པོ་བཅུ་གསུམ་གྱི་གྲས་ཡིན། རི་བོ་འདིའི་གནས་བདག་གི་མཚན་ལ་རྒྱལ་བོ་གོ་ཆེན་ཟེར་བས་མིང་ཡང་དེ་ལྟར་དུ་ཐོགས། རི་འདིའི་སྟེང་དུ་རྒྱལ་བོ་གོ་ཆེན་གྱི་ལབ་ཙེ་བསྟད་ཡོད་ཅིང་།   གནས་བདག་འདི་ནི་འབའ་རྫོང་ཁོངས་རོལ་གྱི་མང་ཚོགས་ཕལ་ཆེ་བས་མཆོད་ཀྱིན་ཡོད། དེ་ལས་ཤ་སྦྲང་ཚོ་དྲུག་གིས་ལོ་རེའི་བོད་ཟླ་ལྔ་བའི་ཚེས་བཞི་ཉིན་དང་།  དགོན་གོང་འོག་བར་གསུམ་གྱིས་ལོ་རེའི་བོད་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ལ་སོ་སོར་ལབ་ཙེ་འདི་བསྟོད་པའི་སྲོལ་ཡོད། རྒྱལ་བོ་གོ་ཆེན་སྒང་གི་མདུན་ཕྱོགས་ན་བདེ་ཆེན་དགོན་པ་ཆགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-23

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།