དོ་གལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་དོན་སོགས་མཁོ་གལ་ཆེ་ཆུང་ངམ་གལ་གནད་ཆེ་ཆུང་གི་དོན།
1 ལོ་ཙཱ།

རྒྱ་ཡིག 关头,关节,要点

དབྱིན་ཡིག emphasis, stress, importance

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།རྒྱན་ཚིག)མཁོ་བའམ་གནད་ཆེ་བའི་དོན་ཏེ། བྱ་བ་དོ་གལ་ཆེ་བ། ལས་དོན་དོ་གལ་ཅན་ཞེས་པ་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། གནད་འགག་གམ་འགན། དགྲ་བཏུལ་སྐབས་རྒྱལ་ཁ་ལེན་ཐུབ་མིན་གྱི་དོ་གལ་ཆེ་སྐབས་གཟབ་ནན་བྱེད་གལ་ཆེ།  ལས་དོན་དོ་གལ་ཆེ་ཆུང་ལ་གཞིགས་ནས་སྔ་རྟིང་གི་གོ་རིམ་སྒྲིག་པ།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   གནད་འགག་གམ་འགན། 关头,关节,要点,关系:དགྲ་བཏུལ་རྒྱལ་ལེན་ཐུབ་མིན་གྱི་དོ་གལ་ཆེ་སྐབས་གཟབ་ནན་བྱེད་གལ་ཆེ། 到了能否克敌制胜的紧要关头,要特别注意。ས་དོན་དོ་གལ་ཆེ་ཆུང་ལ་གཞིགས་ནས་སྔ་རྟིང་གི་གོ་རིམ་སྒྲིག་པ། 根据事情轻重,安排先后次序。

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག  ལས་དོན་སོགས་མཁོ་གལ་ཆེ་ཆུང་ངམ་གལ་གནད་ཆེ་ཆུང་གི་དོན་ཏེ།  དཔེར་ན།  ལས་དོན་དོ་གལ་ཅན་རྣམས་ཤོར་མི་ཉན།  དོ་གལ་མི་ཆེ་བའི་རིག་གནས་སྐབས་བཞག་ཀྱང་འགྲིག་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།