གཡོར་པང་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡོར་པང་ལུས་རྩལ།
གཡོར་པང་ལུས་རྩལ་ནི་གཡོར་གྲུ་དང་རླབས་ཤུད་གཉིས་ཀྱི་བར་ན་གནས་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ལུས་རྩལ་བས་གྲུ་གཡོར་ལ་ཐེབས་པའི་རླུང་ཤུགས་བེད་སྤྱོད་བྱས་ནས་པང་ལེབ་སྟེང་ནས་ལངས་ཏེ་གཡོར་པང་ལ་ཁ་ལོ་བསྒྱུར་བའི་ལུས་རྩལ་འགུལ་སྐྱོད་ཀྱི་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帆板运动
རིགས་དབྱེ།
ལུས་རྩལ།
1 ངོ་སྤྲོད།

གཡོར་པང་ལུས་རྩལ་ནི་གཡོར་གྲུ་དང་རླབས་ཤུད་གཉིས་ཀྱི་བར་ན་གནས་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་།   ལུས་རྩལ་བས་གྲུ་གཡོར་ལ་ཐེབས་པའི་རླུང་ཤུགས་བེད་སྤྱོད་བྱས་ནས་པང་ལེབ་སྟེང་ནས་ལངས་ཏེ་གཡོར་པང་ལ་ཁ་ལོ་བསྒྱུར་བའི་ལུས་རྩལ་འགུལ་སྐྱོད་ཀྱི་རྣམ་གྲངས་ཤིག་ཡིན།  ལུས་རྩལ་པས་གྲུ་གཡོར་གྱི་རླུང་ཤུགས་ཐེབས་གནས་དང་པང་ལེབ་ཀྱི་ལྗིད་ལྟེ་ལ་ཚོད་འཛིན་བྱས་པ་ལ་བརྟེན་ནས་ཁ་ལོ་བསྒྱུར་བ་ཡིན།

2 ལོ་རྒྱུས།

གཡོར་པང་ལུས་རྩལ་ནི་དུས་རབས20བའི་ལོ་རབས60བའི་མཇུག་ཏུ་ཨ་རི་ནས་དར་འགོ་ཚུགས།   སྤྱི་ལོ1967ལོར་ཨ་རིའི་ཅཱ་ལི་ཧྥུ་ཉི་ཡའི་མཱ་ལི་ན་ཏེ་གྲུ་ཁར་རླབས་ཤུད་ཤིང་ལེབ་རིང་བོ་ཅན་བྱུང་།   དེར་འགུལ་སྐྱོད་ནུས་པའི་དར་ཤིང་ཡོད་པས་ན་གཞོན་རྣམས་ཀྱི་དགའ་བསུ་ཆེན་པོ་འཐོབ།   དེའི་རྗེས་སུ་ལུས་རྩལ་བྱ་འགུལ་ཞིག་ཏུ་གྱུར་ཏེ་ཡོ་རོབ་གླིང་དང་ཨ་རི་སོགས་སུ་དར་འགོ་ཚུགས།   ཐེངས་དང་པོའི་གཡོར་པང་འགྲན་སྡུར་ནི་སྤྱི་ལོ1974ལོར་འཚོགས།   སྤྱི་ལོ1984ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་གྱི་སྟེང་གཡོར་པང་ལུས་རྩལ་དངོས་སུ་འགྲན་སྡུར་རྣམ་གྲངས་ཀྱི་ཁོངས་སུ་ཚུད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-23

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།