གོར་ཧྥོ་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོར་ཧྥོ་སྤོ་ལོ།
གོར་ཧྥོ་སྤོ་ལོ་ནི་དབྱུག་པས་སྤོ་ལོར་བསྣུན་ཏེ་དོང་དུ་སྡུད་པའི་རྩལ་སྦྱོང་གི་རིགས་ཤིག་ཡིན་ཞིང་། ལུས་རྩལ་འདི་ནི་སུའུ་ཀུ་ལན་ནས་དུས་རབས་བཅོ་ལྔ་བའི་ནང་བྱུང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高尔夫球
ཕྱི་ཡིག་གི་མིང་།
GOLF
འབྱུང་ཡུལ།
སུའུ་ཀུ་ལན།
འབྱུང་དུས།
དུས་རབས་བཅོ་ལྔ་བའི་ནང་།
1 ངོ་སྤྲོད།

གོར་ཧྥོ་སྤོ་ལོ་ནི་དབྱུག་པས་སྤོ་ལོར་བསྣུན་ཏེ་དོང་དུ་སྡུད་པའི་རྩལ་སྦྱོང་གི་རིགས་ཤིག་ཡིན།  ཁོད་ཡངས་བའི་རང་བྱུང་གི་ས་ངོས་ཤིག་ཏུ་དོང་ཆུང་དགུའམ་ཡང་ན་བཅོ་བརྒྱད་ལས་ཏེ།   རྩལ་སྦྱོང་བས་སྤོ་ལོ་ལ་རྒྱག་ཐེངས་གཅིག་གིས་དོང་དུ་སྡུད་པའམ་སྤོ་ལོ་ལ་རྒྱག་ཐེངས་ཉུང་བ་དེ་ནི་རྒྱལ་བ་ཡིན།   གོར་ཧྥོ་སྤོ་ལོ་ལ་སྤྱིར་བཏང་དུ་རྐྱང་རྩེད་དང་ཚོགས་འགྲན་གཉིས་ཡོད་ཅིང་།   རྐྱང་རྩེད་ཅེས་པ་ནི་མི་རེས་རང་གི་སྤོ་ལོ་ལ་སྔ་ཕྱི་ལྟར་དོང་ནང་དུ་སྡུད་པ་དང་གཏན་ཁེལ་བྱས་པའི་དོང་གྲངས་ཀྱི་ནང་དུ་གཡུག་ཚར་རྗེས་སྤོ་ལོ་ལ་བརྒྱབ་པའི་སྤྱིའི་བསྡོམས་གྲངས་དམའ་བ་དེ་ལ་རྒྱལ་ཁ་ཐོབ་པ་ཡིན།   ཚོགས་འགྲན་ཞེས་པ་ནི་རུ་ཁག་རེ་ལ་མི་གཉིས་རེའམ་གཉིས་རེའི་ཡན་དང་སྤོ་ལོ་ལ་རྒྱག་ཐེངས་མི་བརྩི་ཞིང་དོང་གྲངས་བརྩི་བ་དང་།   དོང་གྲངས་མང་བ་དེ་ལ་རྒྱལ་ཁ་ཐོབ་པ་ཡིན།   སྤོ་ལོ་ལ་རྒྱག་པའི་དབྱུག་པའི་ཐེངས་ཚད་སྤྱིར་བཏང་དུ72ཡིན་ལ་དབྱུག་ཐེངས་ཉུང་བ་དེ་ལ་རྒྱལ་ཁ་ཐོབ་པ་ཡིན།   འགྲན་སྡུར་བྱེད་ཐབས་ལ་རིགས་གཉིས་ཡོད་དེ།   གཅིག་ནི་དོང་གྲངས་འགྲན་པ་དང་།   གཅིག་ནི་དབྱུག་གྲངས་འགྲན་པ་ཡིན།   དེང་སྐབས་ཀྱི་ཆེད་ལས་འགྲན་སྡུར་སྟེང་དུ་མཐོང་བཞིན་པ་ཕལ་ཆེར་ནི་དབྱུག་ཚད་ཀྱི་ལམ་ལུགས་ཡིན།

2 ལོ་རྒྱུས།

གོར་ཧྥོ་སྤོ་ལོ་ནི་སུའུ་ཀུ་ལན་ནས་དུས་རབས་བཅོ་ལྔ་བའི་ནང་བྱུང་བ་དང་།  སྐབས་དེར་ཕྱུགས་རྫིས་རྒྱུན་དུ་དབྱུག་པས་རྡོ་གོར་མོ་ལ་རྒྱག་ཅིང་།   འདི་བརྒྱུད་ནས་རྗེས་སུ་གོར་ཧྥོ་སྤོ་ལོ་བྱུང་བ་རེད།   དུས་རབས19བའི་ནང་གོར་ཧྥོ་སྤོ་ལོ་ཨ་རིར་དར་བ་དང་།   སྤྱི་ལོ1900ལོ་དང་སྤྱི་ལོ1904ལོའི་ཨོ་རྩལ་འགྲན་ཚོགས་སྟེང་འགྲན་ཞུགས་ལུས་རྩལ་གྱི་སྟེང་དུ་བཞག་ཡོད་མོད་འགྲན་ཞུགས་ལུས་རྩལ་དངོས་མར་བཞག་མེད།   སྤྱི་ལོ1922ལོར་འཛམ་གླིང་གི་རྒྱལ་སྤྱིའི་རང་བཞིན་གྱི་གོར་ཧྥོ་སྤོ་ལོའི་འགྲན་སྡུར་སྤེལ་ཞིང་།   འགྲན་ཞུགས་རྒྱལ་ཁབ་ནི་ཨ་རི་དང་དབྱིན་ཇི་གཉིས་ཡིན།   གོར་ཧྥོ་སྤོ་ལོ་དུས་རབས20བའི་ནང་ཀྲུང་གོར་དར་ཞིང་།   སྤྱི་ལོ1931ལོར་ཧྲང་ཧའེ་རུ་གོར་ཧྥོ་སྤོ་ལོའི་འགྲན་སྡུར་དར་ཁྱབ་ཧ་ཅང་ཆེ།   ལོ་དེར་ཀྲུང་གོ་དང་དབྱིན་ཇི།   ཨ་རིའི་ཚོང་བ་དག་གིས་མཉམ་འབྲེལ་བྱས་ཏེ་གོར་ཧྥོ་སྤོ་ལོའི་ཚོགས་པ་ཞིག་བཙུགས་པ་དང་།   ནན་ཅིང་ལིན་ཡོན་ཀྲུང་དབྱང་རྩལ་སྦྱོང་ར་བའི་འགྲམ་ནས་གོར་ཧྥོ་སྤོ་ལོའི་འགྲན་སྡུར་ར་བ་ཞིག་བསྐྲུན་པ་ཡིན་ཞིང་།   སྤྱི་ལོ1984ལོ་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་འབྲེལ་བྱས་ཏེ་སྔ་རྗེས་སུ་གོར་ཧྥོ་སྤོ་ལོའི་ར་བ་མང་པོ་ཞིག་བསྐྲུན་པ་ཡིན།  སྤྱི་ལོ1986ལོར་ཀྲུང་གོས་ཐེངས་དང་པོར“ཀྲུང་ཧྲན་རྟགས་ཅན”གྱི་གོར་ཧྥོ་སྤོ་ལོའི་འགྲན་སྡུར་སྤེལ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-23

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།