དར་མའི་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་མའི་སློབ་གསོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཁྲིད་རྣམ་པ་དང་མི་འདྲ་བའི་སློབ་གསོའི་རྣམ་པ་ཞིག་ཡིན། དེ་ལ་ལོ་དང་ཕོ་མིའི་ཚད་བཀག་མེད་པར་མ་ཟད། སློབ་གསོའི་རྣམ་པ་འདི་བརྒྱུད་ནས། སྤྱི་ཚོགས་སྟེང་གི་མི་དར་མའི་ནུས་པ་བསྐྱེད་སྲིང་དང་ཤེས་བྱ་ཕུན་སུམ་ཚོགས་པར་བྱེད་པ། ལག་རྩལ་མཐོར་འདེགས། ཆེད་ལས་ཐོབ་ཐང་སོགས་མཐོར་འདེགས་གཏོང་བའམ་ཡང་ན་ཁོ་ཚོ་ཁ་ཕྱོགས་གསར་བར་འཁྲིད་དེ་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་འབྱོར། རིག་གནས་ཀྱི་དོ་མཉམ་སོགས་ཀྱི་འཕེལ་རྒྱས་ཐད་ཀྱི་རྣམ་འགྱུར་དང་སྤྱོད་ལམ་ལ་འགྱུར་བ་གཏོང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成人教育
ཕྱི་ཡིག་གི་མིང་།
Adult Education
སློབ་སྒྲུབ་རྣམ་པ།
དར་མའི་རྒྱུགས་ལེན། རང་སྦྱོང་རྒྱུགས་ལེན། དྲ་རྒྱའི་སློབ་གསོ། རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན།
འགོ་ཚུགས་དུས།
1949ལོར།
བྱ་ཡུལ།
མི་དར་མ།
1 ​སློབ་གསོའི་འདྲ་མཉམ།

སློབ་གསོ་ནི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཡིན་ལ། སློབ་གསོའི་འདྲ་མཉམ་ནི་སྤྱི་ཚོགས་འདྲ་མཉམ་གྱི་རྨང་གཞི་གཙོ་བོ་ཡིན་ལ། འདྲ་མཉམ་གྱི་འགོ་རྩོམ་སའི་དོན་སྙིང་ཡང་འདི་ན་ཡོད། དགེ་རྒན་དུས་ཆེན་སྐབས29བའི་མ་ཐོན་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆིང་གིས་ཏ་ལེན་ནས་བརྟག་དཔྱད་མཛད་སྐབས་གཞི་རིམ་གྱི་དགེ་རྒན་དང་མཉམ་དུ་གླེང་མོལ་བྱེད་སྐབས་གླེང་བ་ཆེས་མང་བ་ནི་སློབ་གསོའི་འདྲ་མཉམ་རེད།

2 སློབ་གསོའི་རྣམ་པ།

རྒྱལ་དམངས་སློབ་གསོ་རིམ་པའི་ཁྲོད་དུ་དར་མའི་རྒྱུན་མཐུད་སློབ་གསོ་ལ་རྣམ་པ་བཞི་ཡོད་དེ། དར་མའི་མཐོ་རྒྱུགས་དང་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན། རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱི་དེང་རབས་རྒྱང་བསྲིང་སྒོ་འབྱེད་སློབ་གསོ། དྲ་རྒྱའི་སློབ་གསོ་བཅས་ཡིན། སློབ་གསོའི་རྣམ་པ་བཞི་བོ་ལ་ཡང་རང་རང་གི་ཁྱད་ཆོས་ཡོད་དེ། དར་མའི་མཐོ་རིམ་སློབ་གསོ་ལས་གཞན་དག་རྒྱལ་ཁབ་གཅིག་གྱུར་གྱི་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་མི་དགོས། སྡུད་ལེན་དང་བསླབ་ཚན་བཀོད་སྒྲིག མཐར་ཕྱིན་ལོ་ཚད། སློབ་ཡོན་ཚད་གཞི། བསླབ་གནས་སྤྲོད་ཐབས། སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཐད་ནས་ཀྱང་ཁྱད་པར་ཅུང་ཆེ།

དར་མའི་མཐོ་རིམ་སློབ་གསོ་ལ་ཆེད་སྦྱོང་དངོས་གཞིར་འཕེར་བ་དང་། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི། ཆེད་སྦྱོང་སོགས་གསུམ་ཡོད། སློབ་གྲྭར་སློབ་སྦྱོང་བྱེད་པའི་རྣམ་པ་ལ་ལས་བྲལ་དང་ལས་ཞོར། སྦྲག་ཁྲིད་བཅས་གསུམ་ཡོད། ལས་བྲལ་གྱི་ཆེས་ཐུང་བའི་སློབ་སྦྱོང་གི་དུས་ཚོད་ནི། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི་ལོ་བཞི། ཆེད་སྦྱོང་དངོས་གཞིར་འཕེར་བ་དང་ཆེད་སྦྱོང་ལ་ལོ་གཉིས། ལས་ཞོར་དང་སྦྲག་ཁྲིད་ཀྱི་ཆེས་ཐུང་བའི་དུས་ཚོད་ནི། མཐོ་འབྲིང་འགོ་ཚུགས་སའི་དངོས་གཞི་ལོ་ལྔ། ཆེད་སྦྱོང་དངོས་གཞིར་འཕེར་བ་དང་ཆེད་སྦྱོང་ལ་ལོ་གཉིས་དང་ཕྱེད་ཀ

2_1 སྒོ་འབྱེད་སློབ་གསོ།

རྒྱང་བསྲིང་སྒོ་འབྱེད་སློབ་གསོ་ཡང་ཟེར་ལ། སྲོལ་རྒྱུན་བསླབས་རིམ་སློབ་གསོ་བལྟས་བཅོས་ཀྱིས་བཤད་པའི་སློབ་གསོའི་རྣམ་པ་ཞིག་ཡིན་ལ། དེ་ནི་སྲོལ་རྒྱུན་གྱི་ཁ་གཏད་སློབ་ཁྲིད་དང་འབྲེལ་ཡོད། སློབ་དེབ་ལས་རང་བདག་སྒོས་སློབ་སྦྱོང་དང་དུས་ཐོག་དྲ་རྒྱའི་བསླབ་ཚན་དང་དྲ་རྒྱའི་སློབ་ཁྲིད་མཉམ་འབྲེལ་བྱས་པའི་རྣམ་པ་གསར་བའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡིན། སྒོ་འབྱེད་སློབ་གསོ་ནི་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱི་གཙོ་འགན་ཁུར་ཡོད་ལ། ཞིང་ཆེན་རིམ་པ་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ནས་ཁག་འགན་ཁུར་ཡོད། གྲོང་ཁྱེར་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་དང་སློབ་སྦྱོང་ལྟེ་གནས་སོ་སོས་སློབ་མ་སྡུད་ལེན་བྱེད་པའི་སློབ་གསོའི་དོ་དམ་ལག་བསྟར་བྱེད་དགོས། ལོ་རེའི་དཔྱིད་སྟོན་དུས་ཚིགས་གཉིས་ལ་སློབ་བསྡུ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱི་སློབ་སྦྱོང་ལྟེ་གནས་ཡོད་པར་མ་ཟད། རྒྱལ་ཡོངས་སློབ་ཐོ་ཡོད་པའི་སློབ་མ་ཆེས་མང་བའི་མཐོ་རིམ་སློབ་གསོའི་སློབ་གྲྭའང་ཡིན། སློབ་མའི་སློབ་སྦྱོང་གི་ཐོན་ཁུངས་སྒོ་འབྱེད་བྱས་ཡོད་ལ། དུས་བཀག་མེད་པ་དང་ས་གནས་གཏན་འཁེལ་མེད་པར་སློབ་སྦྱོང་བྱས་མེད་པར་དེ་ལ་དྲ་རྒྱའི་སློབ་སྦྱོང་སྟེགས་བུ་ཆེན་པོ་ཞིག་ཡིན། སློབ་སྦྱོང་ལྟེ་གནས་སུ་ཡང་ཁ་གཏད་སློབ་ཁྲིད་བྱེད་ས་ཡོད་ལ། ངལ་གསོའི་དུས་ཚོད་གཏན་འཁེལ་མེད་པར་ལས་གནས་སུ་ཡོད་པའི་སློབ་མར་སློབ་སྦྱོང་བྱེད་པའི་འདེམས་ཐབས་ཆེས་བཟང་བོ་ཞིག་ཡིན།

2_2 དར་མའི་མཐོ་རྒྱུགས།

འདི་ནི་རྒྱུན་ལྡན་གྱི་དར་མའི་སློབ་གསོའི་རྣམ་པ་ཞིག་ཡིན་ལ་འདེམས་མཁན་ཆེས་མང་བ་ཞིག་ཀྱང་ཡིན། ལོ་རེར་རྒྱུགས་ལེན་པའི་གོ་སྐབས་གཅིག་མ་གཏོགས་མེད། ཕལ་ཆེར་ལོ་རེའི་ཟླ10བའི་ཟླ་དཀྱིལ་ཡིན། རྒྱུན་ལྡན་གྱི་སློབ་ཁྲིད་ནི་བྱ་བ་སྒྲུབ་དུས་ཀྱི་མཚན་མོ་དང་གཟའ་མཇུག་ཡིན། འདི་ལྟ་བུའི་སློབ་གསོ་ལ་སློབ་མར་ཆུ་ཚད་ངེས་ཅན་ཞིག་ཡོད་དགོས་ལ། རྣམ་པ་གཞན་པ་གསུམ་དང་བསྡུར་ན་སློབ་གྲྭར་འཛུལ་བར་ཅུང་དཀའ།

ལས་ཞོར། ལས་ཞོར་སློབ་ཁྲིད་རྣམ་པ་ནི་སྤྱིར་བཏང་དུ་སློབ་གྲྭ་སྡོད་གནས་སློབ་བསྡུ་བྱེད་ལ། མཚན་མོ་དང་གཟའ་མཇུག་གི་ཉིན་གཉིས་ལ་སློབ་ཁྲིད་བྱེད་དགོས། དེའི་རྐྱེན་ལས་གནས་སུ་ཡོད་པའི་སློབ་མར་འཚམ་པ་ཡིན། རྒྱལ་ནང་གི་སློབ་ཆེན་ལ་ཀྲུང་ནན་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་སོགས་ཡོད།

2_3 དྲ་རྒྱའི་སློབ་གསོ།

དྲ་རྒྱའི་སློབ་གསོའི་སློབ་གྲྭ་ལ་འདེམས་པའི་རིགས་མང་། མང་ཆེ་ཤོས་ནི211གཙོ་གནད་སློབ་ཆེན་ཡིན། རྣམ་པ་འདིར་གཙོ་བོ་ང་ཚོར་སློབ་སྦྱོང་བྱེད་པར་སྟབས་བདེ་བཟོ་བ་ཡིན་ལ། བྱ་བ་བྲེལ་འཚུབ་ཆེ་སྟབས་དུས་གཏན་འཁེལ་མེད་པར་སློབ་ཁྲིད་ལ་ཡོང་པའི་སློབ་མར་འཚམ་པ་དང་། དྲ་རྒྱ་ཡོད་ན་ས་གནས་གང་དང་གང་ནས་རྒྱང་བསྲིང་སློབ་ཁྲིད་བྱས་ཆོག གཞན་ཡང་མིང་ཐོ་འགོད་པའི་དུས་ཚོད་ཀྱང་ཧ་ཅང་མང་པོ་ཡོད། དཔྱིད་སྟོན་དུས་གཉིས་སུ་སློབ་གྲྭར་འཛུལ་བ་ཡིན་ལ། རྒྱུགས་ལེན་པའི་དུས་ཚོད་ཀྱང་མང་ལ་ཟླ་རེ་རེར་སློབ་གྲྭར་འཛུལ་བའི་རྒྱུགས་ལེན་ཡོད།

རྒྱང་སྲིང་སློབ་གསོའི་སློབ་གྲྭ་ལ། ནུབ་བྱང་བཟོ་སྐྲུན་སློབ་ཆེན། ཀྲེན་ཀྲོའུ་སློབ་ཆེན། སི་ཁྲོན་ཞིང་ལས་སློབ་ཆེན། ཐེན་ཅིན་སློབ་ཆེན་སོགས་ཡོད།

2_4 རང་སྦྱོང་རྒྱུགས་ལེན།

འདི་ནི་རང་སྦྱོང་རྒྱུགས་ལེན་ཕྱོགས་ཡོངས་ཀྱི་རྣམ་པ་གསར་བ་ཡིན། ལྷག་པར་དུ་ད་ལྟའི་དུས་རབས་ཀྱི་ཀྲུང་གོའི་རང་སྦྱོང་རྒྱུགས་ལེན་གྱི་འཕྲོད་ཚད་དམའ་བ་དང་། དཀའ་ཁག་ཅུང་ཆེ་བའི་བཅོས་སྒྱུར་གྱི་རང་སྦྱོང་རྒྱུགས་ལེན་གྱི་རྣམ་པ་གསར་བ་ཡིན། སློབ་གྲྭར་འཛུལ་བདེ་སྟེ་དམའ་འབྲིང་མཐར་ཕྱིན་རྗེས་མིང་ཐོ་བཀོད་ཆོག་ལ་འཕྲོད་ཚད་ཀྱང་མཐོ། སྔོན་ཆད་ཀྱི་རང་སྦྱོང་རྒྱུགས་ལེན་ནི་རང་གིས་སློབ་སྦྱོང་བྱེད་དགོས་པ་དང་དཀའ་ཁག་ཅུང་ཆེ། སློབ་གྲྭས་གཅིག་གྱུར་སྒོས་སློབ་ཁྲིད་བྱེད་ལ། གཙོ་བོ་དཀའ་གནད་དང་གཙོ་གནད། རྒྱུགས་ལེན་ཁྲོད་འབྱུང་བ་དག་གསལ་འགྲེལ་བྱེད་པ་དང་། སློབ་སྦྱོང་གི་གནད་གཙོ་བོ་ཕྱིར་ཐོན་ཡོད་ལ། སློབ་གྲྭའི་སྡུད་ལེན་རང་སྦྱོང་རྒྱུགས་ལེན་ནི་རང་སྦྱོང་རྒྱུགས་ལེན་དང་བསྡུར་ན་ཅུང་བདེ་ལ། སློབ་གྲྭར་འཛུལ་བར་སྟབས་བདེ་ལ་མཐར་ཕྱིན་པར་ཡང་རང་སྦྱོང་རྒྱུགས་ལེན་དང་བསྡུར་ན་ཅུང་བདེ་ལ། འོན་ཀྱང་ཡིག་ཚད་ཀྱི་ནུས་ཚད་ཧ་ཅང་ཆེ་བ་ཡིན།

3 སྡུད་ལེན་བྱ་ཡུལ།

1 བྱ་བའི་ལས་གནས་དང་ཐོན་སྐྱེད་ལས་གནས་སྟེང་ཡོད་པའམ། ལས་གནས་བརྗེ་དགོས་པའི་མི་སྣ། ལས་ཞུགས་ལ་བསྒུགས་ཡོད་ལ་ལས་གནས་འགན་ཁུར་ལ་ཚང་དགོས་པའི་ཤེས་བྱའི་རིག་གནས་མེད་པ་དང་ཆེད་ལས་ནུས་རྩལ། དངོས་ཡོད་ནུས་པར་སློབ་གསོ་དང་གསོ་སྦྱོང་བྱེད་མཁན།

2 ཡིག་རྨོངས་པར་ཡིག་རྨོངས་སེལ་བའི་སློབ་གསོ།

3 ཚད་ལྡན་གྱི་སློབ་གྲྭ་ལས་ཁ་བྲལ་ཟིན་པའི་མི་སྣ། ཁོ་ཚོར་མཁོ་བའི་རིག་གནས་རྨང་གཞི་དང་དངོས་ཡོད་དགོས་མཁོ་ལ་གཞིར་བཟུང་ནས། མུ་མཐུད་དུ་རྨང་གཞིའི་སློབ་གསོའམ་མཐོ་རིམ་སློབ་གསོ་མྱངས་མཁན་གྱིས་ཚད་གཞི་ལོངས་མཁན་དག་ལ་དེ་འབྲེལ་གྱི་མཐར་ཕྱིན་འཛིན་ཡིག་སྤྲོད་པ་ཡིན།

4 མཐོ་རིམ་སློབ་གསོ་མྱངས་ཟིན་པའི་ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣའི་ཤེས་བྱ་གསར་སྒྱུར་དང་ཇེ་ཡངས་སུ་གཏོང་བ། ནུས་པ་མཐོར་འདེགས་གཏོང་བའི་རྒྱུན་མཐུད་སློབ་གསོ་ཡིན།

5 ཁྲིམས་ལུགས་རྒྱུན་ཤེས་དང་མ་བུའི་འཕྲོད་བསྟེན། རྒན་པའི་གཉོར་སྐྱོང་། ཁྱིམ་གཞིའི་འཚོ་བ། མཛེས་རྩལ་ཡིག་གཟུགས། མཛེས་བྱད་སྐྲ་བཟོ། ཟས་བཅུད་གཡོ་སྦྱོར། རྩྭ་རྩི་ཤིང་འདེབས་འཛུགས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིག་གནས་འཚོར་བའི་སློབ་གསོ་སོགས་ཁྱབ་སྤེལ་བྱེད་ལ། རྒན་པ་དང་བུད་མེད། མ་ཟད་སྤྱི་དམངས་ཡོངས་ལ་ཤེས་རིག་བདེ་ཐང་དང་ཚན་རིག་གི་འཚོ་བའི་རྣམ་པའི་ཞབས་ཞུའི་སློབ་གསོ་ཡིན།

4 མིང་ཐོ་འགོད་པའི་བརྒྱུད་རིམ།

1 ལོ་རེའི་ཟླ་བརྒྱད་པའི་མགོར་སློབ་གླིང་ཆེ་ཆུང་སོ་སོའི་སློབ་བསྡུ་བརྡ་ཐོ་དང་ཆེད་ལས་བསྡུ་ལེན་མི་གྲངས་སོགས་འགོད་པ་ཡིན། དུས་སྐབས་སུ་ས་གནས་སོ་སོའི་སློབ་གསོའི་རྒྱུགས་ལེན་གླིང་གི་དྲ་རྒྱར་ཁྱབ་བསྒྲགས་བྱེད་པ་ཡིན།

2 ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ་རེ་འདུན་འབྲི་འགོ་རྩོམ་པ་དང་། ཟླ་དགུ་བའི་མགོར་ཡུལ་དངོས་བརྟག་ཆོད་བྱེད་པ་དང་རྫོང་སོ་སོའི་བརྟག་ཆོད་གནས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་ཡིན།

3 ལོ་རེའི་ཟླ་བཅུ་བའི་གཟའ་འཁོར་གཉིས་པའི་གཟའ་མཇུག་ཏུ་རྒྱལ་ཁབ་གཅིག་གྱུར་རྒྱུགས་ལེན་ལ་ཞུགས་དགོས།

4 ལོ་རེའི་རྒྱུགས་འབྲས་ཁྱབ་བསྒྲགས་དུས་ཚོད་ནི། རྒྱུགས་སྤྲད་ཚར་རྗེས་ཀྱི་ཟླ་གཅིག་གི་ཡས་མས་སུ་འདྲི་རྩད་བྱས་ཆོག

སྡུད་ལེན་དུས་ཚོད་ནི། ཟླ11པའི་ཟླ་དཀྱིལ་ནས་ཟླ12ཀྱི་མཇུག་བར།

སློབ་འཛུལ་བརྡ་ཐོ་ནི། ལོ་རྗེས་མའི་ཟླ2པའི་ཟླ་མཇུག་ནས་ཟླ3པའི་ཟླ་མགོ་ཡས་མས་སུ།

5 སློབ་གསོའི་ལེགས་ཆ།

1 སློབ་ཡོན་དམའ་བ། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ནི་དཀྱུས་མའི་མཐོ་སློབ་ཀྱི་ལོ་གཅིག་གི་སློབ་ཡོན་དང་བསྡུར་ན་ཧ་ཅང་དམའ།

2 རང་རྒྱལ་གྱིས་ཁས་ལེན་པའི་བསླབས་རིམ། རང་སྦྱོང་རྒྱུགས་ལེན་གྱི་བསླབས་རིམ་ནི་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པ་དང་། མཐར་ཕྱིན་སློབ་མ་ལ་མཐོ་རིམ་དཀྱུས་མའི་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འདྲ་བའི་ལྟ་སྐྱོང་གི་ཐོབ་ཐང་ཡོད།

3 རྒྱལ་ཁབ་ཀྱིས་ཁས་ལེན་པ། ད་སྔ་ཕྱི་རྒྱལ་གྱི་རྒྱལ་ཁབ43ལྷག་གིས་ཀྲུང་གོའི་རང་སྦྱོང་རྒྱུགས་ལེན་གྱི་ཡིག་ཚད་ཁས་ལེན་བྱེད་པ་དང་། ཁས་ལེན་འདི་ལྟ་བུ་ལ་བསླབས་རིམ་ཕན་ཚུན་ཁས་ལེན་པ་དང་སློབ་སྐར་ཕན་ཚུན་ཁས་ལེན་པ།

4 འཛུལ་སླ་ལ་འབུད་དཀའ། སློབ་འཛུལ་རྒྱུགས་ལེན་ལ་ཞུགས་མི་དགོས་པ་དང་། མཐོ་འབྲིང་མཐར་ཕྱིན་སློབ་མའམ་དེ་འདྲ་འདྲ་བའི་བསླབས་རིམ་ཅན་དག་ཐད་ཀར་དུ་འཛུལ་ཆོག མི་གྲངས་ཐད་ལ་རྒྱལ་ཁབ་ཀྱི་འཆར་གཞིའི་ཚད་བཀག་མེད།

5 ཆེད་ལས་རང་དབང་གིས་འདེམས་པ། སློབ་མས་རང་གི་དགའ་ཕྱོགས་དང་ཁྱད་ཆོས། ནུས་པ་སོགས་ལ་བརྟེན་ནས་ཆེད་ལས་རང་དབང་གིས་འདེམས་ཆོག

6 དར་མའི་སློབ་གསོའི་ཚོགས་པ།
6_1 ཚོགས་པའི་འགན་ཁུར།

ཀྲུང་གོའི་དར་མའི་སློབ་གསོའི་ཚོགས་པ་ནི་རྒྱལ་ཡོངས་རིགས་སོ་སོའི་དར་མའི་སློབ་གསོའི་ཚོགས་པ་དང་དར་མའི་སློབ་གསོའི་བྱ་བ་སྒྲུབ་མཁན་དག་279759ee3d6d55fba116619a6d224f4a21a4ddbd_副本.jpg.jpgགིས་རང་འཐད་སྒོས་རྩ་འཛུགས་བྱས་པའི་མང་ཚོགས་རང་བཞིན་དང་རིག་གཞུང་རང་བཞིན་གྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། ས་གནས་པེ་ཅིང་གྲོང་ཁྱེར་དུ་ཡོད་ལ། 1981ལོའི་ཟླ4བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་ལྟར་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་པུའུ་ནས་ཐོ་འགོད་བྱས། གཙོ་བོ་དར་མའི་སློབ་གསོའི་དོན་སྙིང་དྲིལ་བསྒྲགས་དང་། ཚན་རིག་ཞིབ་འཇུག་དང་རིག་གཞུང་འབྲེལ་འདྲིས་ཀྱི་བྱ་འགུལ་སྤེལ་བ། འགན་ཁུར་བ་དང་གཞུང་ལུགས་ཞིབ་འཇུག་མི་སྣའི་གསོ་སྦྱོང་གི་དོ་དམ། དར་མའི་སློབ་གསོའི་སྲིད་ཇུས་ཐག་གཅོད་ལ་བློ་འདྲི་དང་བསམ་འཆར་འདོན་པ། དར་མའི་སློབ་གསོ་དང་འབྲེལ་བ་ཡོད་པའི་དུས་དེབ་དང་རྒྱུ་ཆ་པར་སྐྲུན་འགྲེམས་སྤེལ་བྱེད་པ། དར་མའི་སློབ་གསོར་སྣ་མང་རང་བཞིན་གྱི་རྒྱུད་མཐུད་སློབ་གསོ་དང་ལས་གནས་གསོ་སྦྱོང་སོགས་ཀྱི་བར་བའི་འགན་ཁུར་དགོས།

6_2 ཚོགས་པའི་དམིགས་ཡུལ།

ཀྲུང་གོའི་དར་མའི་སློབ་གསོ་ཚོགས་པའི་དམིགས་ཡུལ་ནི། རྒྱལ་ཡོངས་རྣམ་པ་སོ་སོའི་དར་མའི་ཚོགས་པ་དང་དར་མའི་བྱ་བ་སྒྲུབ་མཁན་དག་ལ་མཐུན་སྒྲིལ་བྱས་ཏེ། མར་ལེ་རིང་ལུགས་དང་མོའོ་ཙེ་ཏུང་བསམ་བློ། ཏུན་ཞོ་ཕིང་གཞུང་ལུགས་མཛུབ་སྟོན་དང་། ཕྱོགས་ཡོངས་ནས་ཅིང་ཙེ་མིན་བློ་མཐུན་གྱི་མཚོན་བྱེད་གསུམ་གྱི་བསམ་བློ་དགོངས་པ་གཞིར་བཟུང་ནས། ཏང་གི་རྩ་བའི་ལམ་ཕྱོགས་དང་གཞུང་ལུགས་དོན་དངོས་དང་འབྲེལ་བ་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་དར་མའི་སློབ་གསོའི་ཚན་རིག་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཞབས་ཞུ་སྣ་མང་བསྒྲུབས་པ། ངལ་རྩོལ་པའི་སྤུས་ཚད་མཐོར་འདེགས་བཏང་དེ་ཕུགས་བསམ་ཡོད་པ་དང་ཀུན་སྤྱོད་ལྡན་པ། རིག་གནས་ཡོད་པ། སྒྲིག་ཁྲིམས་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐྲུན་ཤེས་ལྡན་གསོ་སྐྱོང་བྱས་ཏེ། དར་མའི་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།