མཐོ་རྒྱུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོ་རྒྱུགས།
མཐོ་རིམ་དཀྱུས་མའི་སློབ་གྲྭར་སློབ་མ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞིའི་བསྡུས་མིང་ཡིན་ལ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ(ཞང་ཀང་། ཨའོ་མོན། ཐེ་ཝན་བཅས་ཕུད)ཀྱི་སློབ་ཆེན་འགྲིམས་པར་ཧ་ཅང་གཙོ་ཆེ་བའི་རྒྱུགས་ལེན་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྩ་འཛུགས་བྱེད་པའམ་རང་བདག་རྒྱུགས་གཞི་བསྒྲིག་པའི་ཞིང་ཆེན་རིམ་པའི་རྒྱུགས་ལེན་གླིང་ནས་རྒྱུགས་གཞི་བསྒྲིག་པ་ཡིན་ལ། ལོ་རེའི་ཟླ6བའི་ཚེས7-8ཉིན་ནི་རྒྱུགས་ལེན་ཉིན་མོ་ཡིན་ལ། ཞིང་ཆེན་ཁག་ཅིག་གི་རྒྱུགས་ལེན་ཉིན་གསུམ་ཡིན། 2015ལོ་ནས་བཟུང་། མཐོ་རྒྱུགས་ཁྲོད་ཀྱི་ལུས་རྩལ་ཁྱད་ཆོས་ཅན་གྱི་སློབ་མ་སོགས་སྣ་དྲུག་གི་སྐར་མ་སྣོན་པ་མེད་པར་བཟོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
普通高等学校招生全国统一考试
ཕྱི་ཡིག་གི་མིང་།
The National College Entrance Examination Test(NEMT)
རིག་ཚན་གཙོ་བོ།
སྐད་ཡིག གྲངས་རིག ཕྱི་ཡིག
རྩིས་ཚན་ཕྱོགས་བསྡུས།
དངོས་ལུགས། རྫས་འགྱུར། སྐྱེ་དངོས།
རིག་ཚན་ཕྱོགས་བསྡུས།
ཆབ་སྲིད། ལོ་རྒྱུས། ས་རྒྱུས།
རྒྱུགས་སྤྲོད་དུས་ཚོད།
ལོ་རེ་རེའི་ཟླ6པའི་ཚེས7-8བར(ཞིང་ཆེན་བཅུ་གཉིས་ལ་ཉིན3ཡིན)
རྒྱུགས་ལེན་ལས་ཁུངས།
སློབ་གསོའི་རྒྱུགས་ལེན་གླིང་།
འདྲི་གཞི་བསྒྲིགས་མཁན།
སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་དང་ཞིང་ཆེན་སོ་སོའི་རྒྱུགས་ལེན་གླིང་།
བྱུང་དུས།
1952ལོར།
དོར་དུས།
1966ལོ་ནས1977ལོ་བར།
སླར་གསོ་དུས།
1977ལོའི་ཟླ10བ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
1 རིག་གཞུང་གོ་དོན།

མཐོ་རིམ་དཀྱུས་མའི་སློབ་གྲྭའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་ནི1952ལོར་ལག་བསྟར་བྱས་པ་དང་། 1966ལོ་དོར་བ། 1977ལོར་སླར་གསོ་བྱས་པ་ཡིན། དེ་ནི་ཀྲུང་གོའི་མཐོ་འབྲིང་སློབ་མའི་ལོ་གསུམ་གྱི་ཤེས་བྱའི་ཆུ་ཚད་སྤྱི་བསྡོམས་བྱེད་པའི་རྣམ་པ་ཞིག་ཡིན་ལ། བལྟས་བཅོས་ཀྱི་དྲང་བདེན། འདྲ་མཉམ། ཡོངས་བསྒྲགས་ཀྱི་རྣམ་པས་ཤེས་ལྡན་འདེམས་གསེས་བྱེད་པའི་རྣམ་པ་ཞིག་ཀྱང་ཡིན། རྒྱུགས་འབྲས་གཞིར་བཟུང་ནས་རྒྱལ་ཁབ་ཀྱིས་སློབ་སྦྱོང་གི་ནུས་པའི་བར་ཁྱད་ལས་སློབ་མ་སོ་སོ་རང་རང་ལ་འཚམ་པའི་སློབ་གྲྭར་འགྲོ་རུ་འཇུག་པ་ཡིན། ཕུལ་བྱུང་གི་སློབ་མ་ཡིན་ལ་ཕུལ་བྱུང་མཐོ་རིམ་སློབ་གྲྭར་འཛུལ་ཐུབ་པའི་གོ་སྐབས་ཡོད་པ་དང་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་རྒྱུགས་ལེན་རིགས་གཅིག་ཡིན། མཐོ་རྒྱུགས་ནི་སློབ་མས་སློབ་ཆེན་འདེམས་པ་དང་སློབ་ཆེན་དུ་འཛུལ་བའི་ཐོབ་ཐོང་ཡོད་མེད་ཀྱི་ཚད་གཞི་ཉག་གཅིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་རིགས་གཅིག་ཀྱང་ཡིན།

མཐོ་རྒྱུགས་ནི་ཀྲུང་གོའི་སྤྱི་དམངས་ཀྱི་ཡིག་ཚད་ལེན་པའི་ལམ་གཅིག་པུ་མ་ཡིན་པར། ད་དུང་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན། དར་མའི་མཐོ་རྒྱུགས། རྒྱང་བསྲིང་བསླབས་རིམ་སློབ་གསོ་སོགས་བརྒྱུད་ལམ་སྣ་ཚོགས་ཡོད་ལ། དེ་ལས་ཐོབ་པའི་ཡིག་ཚད་བསླབས་རིམ་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཁས་ལེན་ཐོབ་པ་ཡིན། མཐོ་རྒྱུགས་ལ་སློབ་གསོ་པུའུ་ཡིས་གཅིག་གྱུར་རྩ་འཛུགས་བྱེད་པ་དང་སློབ་གསོ་པུའུ་ཡང་ན་རང་བདག་འདྲི་གཞི་བསྒྲིགས་པའི་ཞིང་ཆེན་རིམ་པའི་རྒྱུགས་ལེན་གླིང་ནས་འདྲི་གཞི་བསྒྲིགས་པ་ཡིན། ལོ་རེ་རེའི་ཟླ6པའི་ཚེས7-8ཉིན་རྒྱུགས་སྤྲོད་དགོས་པ་དང་། རྒྱུགས་ཤོག་ལ་རྒྱལ་ཡོངས་རིགས་དང་ཞིང་ཆེན་སོ་སོའི་རང་བདག་འདྲི་གཞི་བསྒྲིགས་པའི་རིགས་སོགས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

མཐོ་རྒྱུགས་ནི་མཐོ་རིམ་སློབ་གྲྭའི་སློབ་མ་གསར་བ་འདེམས་པའི་ལམ་ལུགས་ཤིག་ཡིན་ལ། ཀྲུང་གོའི་ཚན་འབྱེད་རྒྱུགས་ལེན་ལ་ལོ་ངོ1300ལོ་རྒྱུས་ལྡན་ཡོད། ལམ་ལུགས་འདིའི་འདས་ཟིན་ཁྲོད་དུ་ཤེས་ལྡན་འདེམས་ཐབས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཐུབ་པར་མ་ཟད། ཡ་གླིང་ཤར་མའི་རྒྱལ་ཁབ་སོ་སོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། 1905ལོར་ཆིན་རྒྱལ་རབས་ཀྱིས་སློབ་གསོའི་འཕེལ་རྒྱས་དང་ཤེས་ལྡན་གསོ་སྐྱོང་གི་དགོས་མཁོ་ལས། ཚན་འབྱེད་རྒྱུགས་ལེན་ལམ་ལུགས་མེད་པར་བཟོས་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གྲྭའི་སློབ་གསོའི་རྒྱུགས་ལེན་ལམ་ལུགས་ནང་འདྲེན་བྱས་པ་ཡིན། ཀྲུང་གོའི་དེང་རབས་མཐོ་རྒྱུགས་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཡོངས་ཁུངས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཚན་འབྱེད་རྒྱུགས་ལེན་ལམ་ལུགས་ཀྱིས་གྲུབ་པའི་སྲོལ་རྒྱུན་རྒྱུགས་ལེན་བསམ་གཞིགས་དང་རིན་ཐང་། གཉིས་ནི་དེང་རབས་ནུས་ཕྱོགས་རྒྱུགས་ལེན་ལམ་ལུགས་ཀྱི་རྣམ་པ་དང་བྱེད་ཐབས་ཡིན།

1904ལོར། ཆིན་སྲིད་གཞུང་གིས་ཀྲང་ཀྲི་ཏུང་སོགས་ཀྱི་རྩ་འཛུགས་འོག《སློབ་གྲྭའི་སྒྲིག་སྲོལ་གཏན་འབེབས》ལག་བསྟར་བྱས་པ།d439b6003af33a87f4960cdfc15c10385243b57f_副本.jpg.jpg

1905ལོར། ཚན་འབྱེད་རྒྱུགས་ལེན་ལམ་ལུགས་ཀྱི་ལོ་རྒྱུས་མཇུག་རྫོགས་པ་དང་ཀྲུང་གོའི་དེང་རབས་སློབ་གསོ་ལོ་རྒྱུས་ཀྱི་གར་སྟེགས་སུ་ཐོན།

1936ལོར། རྒྱལ་ཡོངས་སུ་སློབ་ཆེན100ལྷག་ཡོད་ལ། དེའི་སྐབས་ཀྱི་མཐོ་རྒྱུགས་ལམ་ལུགས་ནི་སློབ་གྲྭ་སོ་སོའི་རང་བདག་རྩ་འཛུགས་སྒོས་འདྲི་གཞི་བསྒྲིགས་པ་དང་། སློབ་མས་ཀྱང་སློབ་ཆེན་མང་པོར་རྒྱུགས་སྤྲད་ཆོག་ལ་སློབ་ཆེན་མང་པོས་མཉམ་དུ་བསྡུ་ལེན་བྱས་ཡོད་པའི་རྣམ་པའང་ཐོན་ཐུབ།

1952ལོར། ཀྲུང་གོའི་གཅིག་གྱུར་སྒོས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་སྒྲིག་སྲོལ་བཙུགས་པ་དང་། དེའི་སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་མངོན་ཐུབ་ལ། སྐབས་དེའི་རྒྱལ་ཁབ་ཀྱིས་མགྱོགས་མྱུར་ངང་ཤེས་ལྡན་འདེམས་གསེས་བྱེད་པའི་དགོས་མཁོ་ཡང་འཚམ་པ་ཡིན།

1997ལོར། ཏེང་ཞའོ་ཕིང་གིས་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའི་འགན་བཞེས་པ་དང་གཙོ་བོ་རིག་གནས་སློབ་གསོའི་འགན་ཁུར་བ་ཡིན། མཐོ་རྒྱུགས་སླར་གསོ་བྱས་པ་ཡིན་ལ་དེ་ལས་མི་ཁྲི་ཕྲག་མང་པོའི་ལས་དབང་སྒྱུར་བར་མ་ཟད། ཀྲུང་གོའི་སློབ་གསོ་བསྐྱབས་ལ་ཀྲུང་གོ་ཡང་བསྐྱབས་པ་རེད།e7cd7b899e510fb3aae97852de33c895d0430c06_副本.jpg.jpg

1983ལོར། སློབ་གསོ་པུའུ་ཡིས“གནས་གཏན་སློབ་བསྡུ། གནས་གཏན་ལས་བགོས”བྱེད་ཐབས་དངོས་སུ་བཏོན། ཀྲུང་དབྱང་གི་ལས་ཁུངས་སམ་རྒྱལ་སྲུང་ཚན་རིག་བྱ་བའི་ཨུ་ཡོན་མ་ལག་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གླིང་ཁག་ཅིག་གཏན་འཁེལ་བྱས་ཏེ། སྡུར་ཚད་ངེས་ཅན་ཞིག་ཞིང་སྡེའམ་ཞིང་ར། ཕྱུགས་ར། གཏེར་ཁུལ། སྣུམ་ཞིང་སོགས་ལས་གནས་ཧ་ཅང་དཀའ་ཚེགས་ཆེ་སར་གནས་གཏན་བྱས་ཏེ་སློབ་བསྡུ་བྱེད་དགོས།

1981ལོར། དངོས་ལུགས་རིག་ཚན་ཁྲོད་དུ་སྐྱེ་དངོས་རིག་ཚན་བསྣན།

1983ལོར། དབྱིན་ཡིག་དངོས་སུ་མཐོ་རྒྱུགས་ཁྲོད་དུ་བསྣན།

1985ལོར། སློབ་གསོ་པུའུ་ཡིས་གཏན་འཁེལ་ལྟར། གཅིག་གྱུར་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་ཁྲོད་ནས་རྒྱལ་ཁབ་ཀྱི་འཆར་གཞི་ལས་གཞན་ད་དུང་ཉུང་ཤས་ཤིག་བསྡུ་ལེན་བྱས་ཆོག་ལ་དེ་དག་གི་སློབ་ཡོན་ཡོད་ཚད་སློབ་མ་རང་ཉིད་ནས་འགན་ཁུར་དགོས། སྔོན་ནས་ཡོད་ཚད་རྒྱལ་ཁབ་ཀྱི་འགན་ཁུར་བའི་ལམ་ལུགས་དེ་སློབ་ཡོན་མི་ལེན་པ་དང་སློབ་ཡོན་ལེན་པའི་ལམ་སྣ་གཉིས་སུ་གྱུར་བ་རེད། ལོ་དེར་ཨ་རིའི་ཚད་ལྡན་ཅན་གྱི་རྒྱུགས་ལེན་ནང་འདྲེན་བྱས་ཏེ་ཀོང་ཏུང་ཞིང་ཆེན་ནས་ཐོག་དང་པོར་དབྱིན་ཡིག་དང་གྲངས་རིག་གཉིས་ལ་ཚོད་ལྟའི་རྒྱུགས་ལེན་སྤེལ།

1985ལོའི་རྗེས་ནས། མཐོ་རྒྱུགས་བཅོས་སྒྱུར་གྱི་ལམ་ཁ་དེ་བསླབ་ཚན་ཇེ་ཉུང་དུ་གཏོང་དགོས་པའི་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་། སྔོན་ལ་དངོས་ལུགས་རིག་ཚན་བདུན་དང་སྐད་ཡིག་རིག་ཚན་དྲུག་ལས3+2ཡི་བསླབ་ཚན་ལྔ་ཡི་རྣམ་པར་བཏང་། ཧྲང་ཧེ་ནས3+1རྣམ་པའི་འཆར་གཞི་ལག་བསྟར་བྱས། ལོ་དེར་རྒྱལ་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་པེ་ཅིང་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ43ནས་འོས་སྐྱེལ་སློབ་མ་བསྡུ་ལེན་བྱེད་པའི་ཚོད་ལྟ་བྱེད་འགོ་བརྩམས།

1989ལོའི་ཟླ8པར། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་ཐད་གཅོད་ལྟར་ཚད་ལྡན་རང་བཞིན་གྱི་རྒྱུགས་ལེན་རྣམ་པ་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་།

1994ལོར། མཐོ་རྒྱུགས་ཁྲོད་ཀྱི་སྐྱེ་དངོས་དང་ས་རྒྱུས་མེད་པར་བཏང་བ་དང་། མིང་ཐོག་ནས་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བ་ཟེར་མོད། དོན་དངོས་དེ་ལྡོག་སྟེ་སློབ་མས་ས་རྒྱུས་དང་སྐྱེ་དངོས་ཀྱི་ཤེས་བྱ་གཅིག་ཀྱང་མི་ཤེས་པར་གྱུར། ལོ་དེར། ཆབ་སྲིད་གཅིག་གྱུར་རྒྱུགས་ལས་ཕྱི་དགར་ཏེ་དངོས་ལུགས་རིག་ཚན་ཁྲོད་དུ་ཆབ་སྲིད་རྒྱུགས་མི་ལེན།

1996ལོར། ཀྲུང་གོ་མཐོ་རིམ་སློབ་གསོ་ཚོད་བསྟར་དང་སློབ་བསྡུ་བྱས་ཏེ་མཐོ་རིམ་སློབ་གྲྭའི་སློབ་ཡོན་ཇེ་ཐོར་འགྲོ་བའི་འགོ་བརྩམས།

1997ལོར། མཐོ་རིམ་དཀྱུས་མའི་སློབ་གྲྭའི་སློབ་བསྡུ་ལམ་ཁ་བཅོས་སྒྱུར་བྱས།

1999ལོར། སློབ་གསོ་པུའུ་ཡིས《དུས་རབས་ཉེར་གཅིག་པའི་སློབ་གསོ་ལ་ཁ་ཕྱོགས་པའི་བརྟན་རླིང་འགུལ་སྐྱོད་འཆར་གཞི》བཏོན་པ་དང་།12356_副本.jpg.jpg ཡིག་ཆ་ལས་ཐོད་བརྒལ་དུས་རབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་གྱི་རླབས་ཆེན་བྱ་གཞག་དམིགས་འབེན་དང་ལས་འགན། ཚན་རིག་རིག་གནས་ཀྱི་འཐབ་ཕྱོགས་ལ་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་བྱས་པ་དང་ལོ་དེར་ཀོང་ཏུང་གིས་ཐོག་དང་པོར“3+X”རྣམ་པར་བཅོས་སྒྱུར་འཆར་གཞི་ལ་ཚོད་ལྟ་བྱས་ཏེ་སྐྱེ་དངོས་དང་ས་རྒྱུས་ཡང་བསྐྱར་ད་ལྟའི་མཐོ་རྒྱུགས་ཁྲོད་དུ་མངོན་པར་བྱས།

2010ལོའི་བར་དུ། མཐོ་རིམ་སློབ་གསོའི་སློབ་ཞུགས་རྐྱང་བ་དེ་ལོ་སོན་པའི་ན་གཞོན་གྱི15%ཟིན་ཡོད་ལ། དུས་ཡུན་ཐུང་ཐུང་གི་ལོ་ལྔ་དྲུག་ཙམ་གྱི་རིང་ལ། སློབ་ཆེན་སློབ་མ་བསྡུ་ལེན་ལ་ཕལ་ཆེར་ལྡབ3གྱིས་ཇེས་མང་དུ་བཏང་། མང་ཚོགས་རྣམ་པའི་སློབ་གསོ་དེ་རིམ་གྱིས་མཁས་མཆོག་སློབ་གསོའི་ཚབ་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་རྩལ་ནུས་ཞན་པ་དང་ལས་ཞུགས་དཀའ་ཁག་སོགས་ཀྱི་གནད་དོན་དངོས་སུ་ཐོན་པར། སློབ་བསྡུ་ཇེ་མང་དུ་བཏང་བར་མི་རྣམས་ཀྱིས་བསམ་གཞིགས་བྱེད་འགོ་བརྩམས།

2000ལོར། འགྲོ་སོང་རྒྱལ་ཁབ་ཀྱིས་འགན་ལེན་བྱེད་པའི་དགེ་འོས་ཆེད་ལས་ལ་སློབ་ཡོན་བསྡུ་འགོ་ཚུགས་ལ། སློབ་བསྡུའི་བཅོས་སྒྱུར་མཇུག་རྫོགས།

2000ལོའི་སྔོན་དུ་རང་རྒྱལ་གྱི་མཐོ་རྒྱུགས་ལ་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ཤོག་བཀོད་སྤྱོད་བྱས་པ་དང་། 2000ལོ་ནས2004ལོར་བར་དུ་རྒྱལ་ཡོངས་ནས“རྒྱུགས་ལེན་གཅིག་གྱུར་དང་ཞིང་ཆེན་ནས་འདྲི་གཞི་བསྒྲིགས་པ”འི་རྣམ་ལག་བསྟར་བྱས་པ་དང་ཞིང་ཆེན་མང་པོ་འཆར་གཞིའི་ནང་ཞུགས།

2003ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་དང་སློབ་གསོ་པུའུ་ཡིས་ཐག་གཅོད་ལྟར་མཐོ་རྒྱུགས་དུས་ཚོད་ཟླ་གཅིག་གི་སྔ་སྣུར་བྱས་ཏེ། མཐོ་རྒྱུགས་དུས་ཚོད་ལོ་རེའི་ཟླ6པའི་ཚེས7-8-9གྱི་ཉིན་གསུམ་ལ་གཏན་འཁེལ་བྱས།

2003ལོར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་སྟེ་མཐོ་རིམ་སློབ་གྲྭ22ལ་རང་བདག་སློབ་བསྡུའི་ཚོད་ལྟའི་བྱེད་གནས་སུ་གཏན་འཁེལ་བྱས་ལ། ཤེས་ལྡན་འདེམས་གསེས་བྱེད་ཐབས་གསར་བ་ཡིན་པའི་ཆ་ནས། རང་བདག་སློབ་བསྡུའི་ཐོབ་ཐང་ཡོད་མཁན་གྱི་སློབ་རིམ་སློབ་གྲྭ90ལ་སོན། འདིའི་རིགས་ཇེ་མང་དུ་སོང་བ་དང་བསྟུན་ནས། རང་བདག་རྩ་འཛུགས་ཚད་འཇལ་དང་སློབ་གཙོའི་མིང་ཐོག་ནས་འོས་སྦྱོར་བྱེད་པ། རང་བདག་སློབ་བསྡུའི་མཉམ་རྒྱུགས་སོགས་ཀྱི་རྣམ་པ་བྱུང་།

2008ལོར། ཀྲུང་གོའི《རྒྱལ་ཁབ་རྒྱུན་རིང་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་འཛིན(2010—2020)》འགོ་བརྩམས།

2010ལོའི་ཟླ2པར། ཡོངས་བསྒྲགས་རྣམ་པས་བསམ་འཆར་བསྡུ་ལེན་བྱས་ཏེ། ཟླ7པར་ཀྲུང་དབྱང་ཆབ་སྲིད་ཅུའི་ཡིས་གྲོས་ཚོགས་ལས་འཐད་པ་བྱུང་སྟེ། རིམ་གྱིས་རིགས་དབྱེའི་རྒྱུགས་ལེན་དང་སྣ་མང་གི་སློབ་བསྡུ། ཕྱོགས་ཡོངས་ཀྱི་དཔྱད་འཇོག་གི་རྒྱུགས་ལེན་སློབ་བསྡུ་ལམ་ལུགས་གཏན་འཁེལ་བྱས་པ་དང་། མཐོ་རྒྱུགས་བཅོས་སྒྱུར་ལ་ཁ་ཕྱོགས་གསར་བ་བསྟན།

2014ལོའི་ཟླ9བར། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུགས་ལེན་སློབ་བསྡུ་ལམ་ལུགས་གཏིང་ཟབ་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་པ་ལས་བསྟན་དོན། ཆ་རྐྱེན་བསྐྲུན་ཏེ་རིམ་བཞིན་མཐོ་རྒྱུགས་སྡུད་ལེན་ཆོག་ཐེངས་ཇེ་ཉུང་དུ་གཏོང་བ་དང་། 2015ལོར་ནས་ཆ་རྐྱེན་ལྡན་པའི་ཞིང་ཆེན་ནས་སྡུད་ལེན་ཆོག་ཐེངས་བཅོས་སྒྱུར་ཚོད་ལྟའི་ལྟེ་གནས་སུ་ཁྱབ་སྤེལ་བྱས།

2014ལོའི་ཟླ12པའི་ཚེས16དང17ཉིན། སློབ་གསོ་པུའུ་ནས་བསྟུད་མར《དཀྱུས་མའི་མཐོ་འབྲིང་སློབ་མའི་ཕྱོགས་བསྡུས་སྤུས་ཚད་དཔྱད་འཇོག་ལ་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པའི་བསམ་འཆར》《དཀྱུས་མའི་མཐོ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་ལག་བསྟར་གྱི་བསམ་འཆར》《སྔར་ལས་ལྷག་པའི་སྒོ་ནས་ནུས་ཚད་མཐོ་བའི་རང་བདག་སློབ་བསྡུ་ཚོད་ལྟའི་བྱ་བའི་འཐུས་ཚང་དང་ཚད་ལྡན་དུ་གཏོང་བའི་བསམ་འཆར》《སྔར་ལས་ལྷག་པའི་སྒོ་ནས་མཐོ་རྒྱུགས་སྐར་མ་སྣོན་པའི་རྣམ་གྲངས་དང་སྐར་ཚད་ཇེ་ཉུང་དུ་གཏོང་བ་དང་ཚད་ལྡན་དུ་གཏོང་བའི་བསམ་འཆར》སོགས་མཐོ་རྒྱུགས་བཅོས་སྒྱུར་ཆེན་མོ་རྣམ་བཞི་དང་འབྲེལ་བའི་འཆར་གཞི་བསྒྲགས།

2014ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན16ནས་རང་བདག་འདྲི་གཞི་བསྒྲིགས་པ་དང་གཅིག་གྱུར་འདྲི་གཞི་ཡིན་པ་ལ་ཞིང་ཆེན15ཡོད། 2015ལོར་རྒྱལ་ཡོངས་གཅིག་གྱུར་འདྲི་གཞིའི་རྣམ་གྲངས་ནང་ཧྲན་ཏུང་སོགས་གསར་དུ་ཞུགས་རྗེས་ཞིང་ཆེན18ལ་འཕེལ་ཡོད།

2016ལོར་རྒྱལ་ཡོངས་ཞིང་ཆེན26ལྷག་གིས་གཅིག་གྱུར་འདྲི་གཞི་བཀོལ་བ་དང་། པེ་ཅིང་། ཧྲང་ཧེ། ཐེན་ཅིན། ཅང་སུའུ། ཀྲེ་ཅིང་བཅས་ཞིང་ཆེན་ལྔ་ནས་རང་བདག་འདྲི་གཞི་བསྒྲིགས།

3 ​མཐོ་རྒྱུགས་རྒྱུགས་དཔྱད།

རྩོམ་ཡིག་གི་དཔྱད་འཇོག་ལ་སྔ་མོ་ནས་དོ་སྣང་ཆེན་པོ་བྱེད་ལ། དུས་དང་བསྟུན་པར་དཔྱད་འཇོག་གི་དུས་ཚོད་ཀྱང་ཧ་ལས་པ་ཞིག་ཡིན་ཏེ། རྩོམ་ཡིག་ཚན་ཁག་གིས་ཉིན་གཅིག་ལ་རྩོམ་ཡིག་དྲུག་བརྒྱར་དཔྱད་ཚར་དགོས་ལ། དེ་ལྟར་ན་དུས་ཚོད་གཅིག་གི་ནང་དུ་རྩོམ་ཡིག་བདུན་ཅུ་དང་ཕལ་ཆེར་སྐར་མ་གཅིག་མ་ལོངས་ཙམ་ལ་རྩོམ་ཡིག་གཅིག་ལ་དཔྱད་འཇོག་བྱས་ཚར་དགོས། དགེ་རྒན་ཞིག་གི་འདོད་ཚུལ་ལྟར་ན། མཐོ་རྒྱུགས་འདྲི་གཞི་བསྒྲིགས་པ་དང་སློབ་མའི་གྲ་སྒྲིག་གི་གོ་རིམ་དེ་ཧ་ཅང་དཀའ་ཚེགས་ཆེ་བར་མ་ཟད་མཐོ་རྒྱུགས་ཉིན་གསུམ་གྱི་རིང་ལ་སྤྱི་ཚོགས་སྡེ་ཁག་སོ་སོ་ཡང་ཧ་ཅང་དཀའ་ཁག་ཆེན་པོ་འདུག གལ་ཏེ་རྒྱུགས་དཔྱད་ཁྲོད་ཞིབ་ཚགས་མིན་ཚེ་སྔོན་གྱི་གྲ་སྒྲིག་ཡོད་ཚད་མེད་བླགས་སུ་བཏང་བ་དང་གཅིག་མཚུངས་ཡིན་ཟེར།

2014ལོའི་ཟླ6པར། ཀྲེ་ཅང་ས་ཁུལ་ག་གེ་མོའི་མཐོ་རྒྱུགས་རྒྱུགས་དཔྱད་དགེ་རྒན་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། སྐད་ཡིག་གི་རྒྱུགས་དཔྱད་ཧ་ཅང་མགྱོགས་དྲག་འདུག་པས་དེ་ནི་སློབ་མར་འགན་མི་ཁུར་བའི་རྟགས་ཅིག་རེད། ཐ་ན་རྩོམ་ཡིག་གཅིག་ལ་ཆ་སྙོམས་དུས་ཚོད་སྐར་མ་གཅིག་ཀྱང་མི་བཀོལ་བར་འདུག ཡང་དགེ་རྒན་ཞིག་གིས་བཤད་པ་ལྟར་ན། དགེ་རྒན་གཅིག་གིས་ཉིན7ལ་རྒྱུགས་དཔྱད་བྱེད་དགོས་པ་དང་། དེ་ཡང་དུས་ཚོད56ནང་རྒྱུགས་ཤོག12000ལ་དཔྱད་ཚར་འདུག་དགོས་པ་དང་། ཆ་སྙོམས་དུས་ཚོད་གཅིག་ནང་དུ་ཕལ་ཆེར་རྒྱུགས་ཤོག214དང་དུས་ཚོད་སྐར་མ་རེ་རེའི་ནང་དུ་རྒྱུགས་ཤོག3.5ལ་དཔྱད་ཚར་དགོས་འདུག འོན་ཀྱང་དགེ་རྒན་འདིའི་ཉིན5ཡི་རིང་ལ་ལས་འགན་འགྲུབ་ཚར་འདུག དེ་ལྟར་ན་ཁོས་རྒྱུགས་ཤོག་རེ་ལ་སྐར་ཆ12རེ་བཀོལ་འདུག འདི་ནི་ཆེས་བཟང་བའི་དུས་ཚོད་ཉིན་དེ་དེའི་ནང་ངལ་གསོ་དང་ཆབ་ཁང་དུ་སོང་བ་སོགས་འདུས་མེད། དེ་ལྟར་ན་ཕལ་ཆེར་སྐར་ཆ9རེ་ནང་རྒྱུགས་ཤོག་གཅིག་རེ་ལ་དཔྱད་ཚར་འདུག

2014ལོར་ཅིང་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་དཔྱད་ཐེངས་བཞིའི་ལམ་ལུགས་ཀྱི་གྲུབ་འབྲས་ལག་བསྟར་དང་བདེན་སྤྲོད་ཐོབ་པའི་རྨང་གཞིའི་ཐོག་རྒྱུན་འཁྱོངས་བྱས་ཡོད། དེ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་དཔྱད་འཇོག་བསྐྱར་ཞིབ་དང་འདེམས་དཔྱད་ལ་ཤུགས་བསྣན་ཏེ་རྒྱུགས་དཔྱད་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།

རིག་ཚན་ཡོངས་ཀྱི་གདམས་གསེས་མ་ཡིན་པའི་ཁག་ལ་དཔྱད་ཐེངས་བཞིའི་ལམ་ལུགས་ལག་བསྟར་བྱེད་དགོས་ལ། ཚོ་ཆུང་སོ་སོ་ནས་རྒྱུགས་དཔྱད་བྱེད་པ་དང་། འདྲི་གཞི་གཅིག་ལ་མི་གཉིས་ཀྱིས་དཔྱད་དགོས། གལ་ཏེ་མི་གཉིས་ཀྱི་དཔྱད་པའི་སྐར་འབྲས་ཆེད་མཁས་ཚོགས་པའི་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཡོད་ན་མི་གཉིས་ཀྱི་སྐར་འབྲས་ཀྱི་ཆ་སྙོམས་གྲངས་ལེན་དགོས། དེ་ལ་བརྒལ་ན་དཔྱད་ཐེངས་གསུམ་པ་བྱེད་དགོས། ད་དུང་ཁྱབ་ཁོངས་ལ་བརྒལ་ན་དཔྱད་ཐེངས་བཞི་བ་བྱེད་དགོས་པ་དང་། ཐག་གཅོད་དཀའ་བའི་གནད་དོན་རྒྱུགས་དཔྱད་ཆེད་མཁས་ཚོགས་པས་མཉམ་དུ་དཔྱད་གླེང་ཐག་གཅོད་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།