ཆེད་སྦྱོང་ཚན་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེད་སྦྱོང་ཚན་ཁག
ཆེད་སྦྱོང་ཚན་ཁག་ནི་སྤྱིར་བཏང་དུ་སློབ་ཆེན་གྱི་ཆེད་སྦྱོང་སློབ་གསོ་ལ་གོ་བ་དང་། མཐོ་རིམ་སློབ་གསོའི་གྲུབ་ཆ་གཙོ་བོ་དང་། སློབ་ཆེན་བསླབས་རིམ་གྱི་རིམ་པ་གཅིག་ཡིན། ཀྲུང་གོ་ནས་སློབ་ཆེན་ཆེད་སྦྱོང་ལ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭ་གཉིས་སུ་ཡོད་ལ། དངོས་གཞིའི་མཐོ་སློབ་ཁག་ཅིག་གིས་ཆེད་སྦྱོང་ཚན་ཁག་ཀྱང་བཙུགས་ཡོད། ཆེད་སྦྱོང་རིམ་པར་བསླབ་གནས་མི་སྤྲོད་ལ་ཆེད་སྦྱོང་གི་མཐར་ཕྱིན་འཛིན་ཡིག་མ་གཏོགས་མེད། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཉིས་ཀ་ཆེད་སྦྱོང་རིམ་པ་ཡིན་ལ་སྔ་མ་ནི་གཙོ་བོ་ལག་རྩལ་དང་ཕྱི་མ་ནི་གཞུང་ལུགས་ལ་གཞོལ་ཆེ་བ་ཡིན། གཙོ་བོར་བཟུང་བའི་རྣམ་པ་མི་འདྲ་བ་ལས་ངོ་བོའི་སྟེང་ནས་ཁྱད་པར་མེད། ཀྲུང་གོ་ནས་ཆེད་སྦྱོང་སློབ་གསོ་ལ་མཐོ་རིམ་དཀྱུས་མའི་སློབ་གསོ་ལས་ད་དུང་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང(3+2ཆེད་སྦྱོང)སྒོ་འབྱེད་སློབ་གསོ། དར་མའི་སློབ་གསོ། རང་སྦྱོང་རྒྱུགས་ལེན། རྒྱང་བསྲིང་སློབ་གསོ་སོགས་ཀྱང་འདུ། ཆེད་སྦྱོང་ནི་འབྲིང་རིམ་སློབ་གསོའི་རྨང་གཞིའི་སྟེང་དུ་སློབ་ཆེན་གྱི་ཤེས་བྱ་ཡོད་པའི་སློབ་མ་སྐོར་ཞིག་གསོ་སྐྱོང་བྱས་པ་དང་། ཆེད་ལས་ཤེས་བྱ་ངེས་ཅན་ལྡན་པ་དང་ལག་རྩལ་གྱི་མཐོ་རིམ་ལག་རྩལ་མི་སྣ་གསོ་སྐྱོང་བྱས་པ་རེད། ཤེས་བྱའི་འཁྲིད་བྱ་ལ་འདང་ཚད་དང་བཀོལ་སྤྱོད་ཡོད་པ་གཞི་རྩར་བཟུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
专科
ཕྱི་ཡིག་གི་མིང་།
Specialty
རིམ་པ།
མཐོ་རིམ་སློབ་གསོ།
བསླབས་རིམ།
མཐོ་རིམ་དཀྱུས་མ་དང་དར་མ། རང་སྦྱོང་རྒྱུགས་ལེན། སྒོ་འབྱེད་བཅས་ཀྱི་སློབ་གསོ།
ལོ་ཚད།
སྤྱིར་བཏང་དུ་ལོ3ཡིན།
1 ​ཞིབ་འགྲེལ།

ཆེད་སྦྱོང་ནི་ལག་རྩལ་རང་བཞིན་གྱི་ཤེས་ལྡན་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་གཙོ་བོ་བྱས་ཡོད་ལ། སློབ་ཆེན་ཆེད་སྦྱོང་གི་གསོ་སྐྱོང་དམིགས་ཡུལ་ནི་དངོས་སྤྱོད་ཅན་དང་། འབྲིང་རིམ་སློབ་གསོའི་རྨང་གཞིའི་སྟེང་དུ་སློབ་ཆེན་གྱི་ཤེས་བྱ་ཡོད་པའི་སློབ་མ་སྐོར་ཞིག་གསོ་སྐྱོང་བྱས་པ་དང་། ཆེད་ལས་ཤེས་བྱ་ངེས་ཅན་ལྡན་པ་དང་ལག་རྩལ་གྱི་མཐོ་རིམ་ལག་རྩལ་མི་སྣ་གསོ་སྐྱོང་བྱས་པ་རེད། ཤེས་བྱའི་འཁྲིད་བྱ་ལ་འདང་ཚད་དང་བཀོལ་སྤྱོད་ཡོད་པ་གཞི་རྩར་བཟུང་བ་ཡིན། ཀྲུང་གོ་སྐམ་ས་ཆེན་པོའི་སློབ་གསོའི་སྒྲིག་གཞི་ལས་བྱིས་པའི་སློབ་གསོ་དང་དམའ་རིམ་སློབ་གསོ། འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ་རུ་དབྱེ་ཡོད་ལ། ཆེད་སྦྱོང་སློབ་གསོ་ནི་འབྲིང་རིམ་སློབ་གསོའི་རྨང་གཞིའི་སྟེང་དངོས་གཞིའི་སློབ་ལོ་ལས་ཉུང་བའི་ཆེད་ལས་སློབ་གསོ་སྤེལ་བ་ཡིན། དེ་ཡང་དངོས་གཞི་སློབ་གསོ་དང་ཞིབ་འཇུག་སློབ་གསོ་དང་འདྲ་བར་རང་རྒྱལ་མཐོ་རིམ་སློབ་གསོའི་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

ཆེད་སྦྱོང་སློབ་མའི་ཡོངས་ཁུངས་གཙོ་བོ་ནི་རྒྱལ་ཡོངས་དཀྱུས་མའི་མཐོ་རྒྱུགས་ཡིན་ལ། ལོ་རེའི་ཟླ་དྲུག་པའི་དཀྱུས་མའི་མཐོ་རྒྱུགས་ཀྱི་བསྡུ་ལེན་ལས་སློབ་གྲྭར་ཐོན་པ་ཡིན་ལ། ཆེད་སྦྱོང་གི་བསླབ་ཚན་ཡོངས་སྦྱངས་ཚར་རྗེས་རྒྱུགས་ལེན་ནམ་ཚད་འཇལ་བྱས་ཏེ་རྒྱུགས་འབྲས་ཚད་ཐོན་ཡིན་པ་དག་ལ་སློབ་ཆེན་ཆེད་སྦྱོང་གི་བསླབས་རིམ་ཐོབ་ཐུབ།

ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཅིག་གྱུར་བསྡུ་ལེན་ཆེད་སྦྱོང་སློབ་མར་མཐར་ཕྱིན་ཁར《མཐར་ཕྱིན་འཛིན་ཡིག》《རྒྱལ་ཡོངས་མཐོ་རིམ་དཀྱུས་མའི་སློབ་གྲྭའི་དངོས་གཞི་དང་ཆེད་སྦྱོང་མཐར་ཕྱིན་སློབ་མའི་ལས་ཞུགས་མིང་ཐོ་འགོད་པའི་དཔང་ཡིག》《རྒྱལ་ཡོངས་མཐོ་རིམ་དཀྱུས་མའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གྲོས་ཆོད་ཡི་གེ》བཅས་ཡོད།

མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཐོ་རིམ་ཆེད་སློབ་སྦྱོང་སློབ་གྲྭ་གཉིས་ནི་ཆེད་སྦྱོང་རིམ་པའི་མཐོ་རིམ་དཀྱུས་མའི་སློབ་གྲྭ་ཡིན་ལ། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་མིང་ནི“xxxལས་རིགས་ལག་རྩལ་སློབ་གླིང”དང“xxxལས་རིགས་སློབ་གླིང”། “ལས་རིགས་སློབ་ཆེན”ཟེར་བ་ཡིན། མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་མིང་ནི “xxxམཐོ་རིམ་ཆེད་སྦྱོང་སློབ་གྲྭའམ་ཆེད་སྦྱོང་སློབ་གྲྭ་ཟེར་བ་ཡིན།

2 མཐོ་སློབ་ཀྱི་གྲངས།

2013ལོའི་ཟླ6པའི་ཚེས21ཉིན་གྱི་སྔོན་ལ། རྒྱལ་ཡོངས་མཐོ་རིམ་དཀྱུས་མའི་སློབ་གྲྭ2198ཡོད་ལ། དེའི་ཁྲོད་སྒེར་ཚུགས་སྒོས་བཙུགས་པའི་དམངས་སྒྲུབ་མཐོ་རིམ་དཀྱུས་མའི་སློབ་གྲྭ424ཡོད། རྒྱལ་ཡོངས་དར་མའི་མཐོ་རིམ་སློབ་གྲྭ298ཡོད་པ་དང་དེའི་ཁྲོད་དམངས་སྒྲུབ་དར་མའི་མཐོ་རིམ་སློབ་གྲྭ1གཅིག་ཡོད། མཐོ་རིམ་དཀྱུས་མའི་སློབ་གྲྭའི་གྲངས(2009ལོའི་གྲངས)།


བསྡོམས། སློབ་ཆེན་དང་ཆེད་བཙུགས་སློབ་གླིང་། མཐོ་རིམ་ལས་རིགས་ཀྱི་མཐོ་རིམ་ཆེད་སྦྱོང་སློབ་གླིང་། ལས་རིགས་ལག་རྩལ་སློབ་གླིང་། མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
སྤྱི་བསྡོམས། 2263
1079 1184 1036 148
ཕྱོགས་བསྡུས་སློབ་ཆེན། 533 246 287 281 6
དངོས་ལུགས་བཟོ་སྐྲུན་སློབ་གླིང་། 801 320 481 458 23
ཞིང་ལས་སློབ་གླིང་། 83 41 42 40 2
ནགས་ལས་སློབ་གླིང་། 18 7 11 11 0
གསོ་རིག་སློབ་གླིང་། 159
103 56 14 42
དགེ་འོས་སློབ་གླིང་། 188
140 48 4 44
སྐད་ཡིག་སློབ་གླིང་། 48
21 27 26 1
ནོར་སྲིད་སློབ་གླིང་། 237 110 127 112 15
ཁྲིམས་སྲིད་སློབ་གླིང་། 69
23 46 32 14
ལུས་རྩལ་སློབ་གླིང་། 30
16 14 13 1
སྒྱུ་རྩལ་སློབ་གླིང་། 80 39 41 41 0
མི་རིགས་སློབ་གླིང་། 17 13 4 4 0
དམངས་སྒྲུབ་མཐོ་སློབ། 938 369 269 264 5
3 སློབ་གསོའི་གནས་ཚུལ།

ཀྲུང་གོའི་ཆེད་ལས་མི་འདྲ་བའི་ཆེད་སྦྱོང་སློབ་གསོའི་གནས་ཚུལ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་རིམ་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་སྤྱིའི་ཆུ་ཚད་དང་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཚད་གཞི་ཅུང་དམའ་བ་ཡིན་ལ། ཚོང་ལས་དཔལ་འབྱོར་དང་རྒྱལ་ནང་ཚོང་རའི་འཕེལ་རྒྱས་མེད་པ། ས་ཁུལ་མི་འདྲ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་མི་འདྲ། ཁྱབ་ཁོངས་མི་འདྲ་བའི་ལག་རྩལ་ཆུ་ཚད་ཧ་ཅང་འདྲ་མཉམ་མིན་པའི་རྣམ་པ་སོགས་ཀྱི་ཁྱད་ཆོས་ཡོད་ལ། སློབ་གསོའི་རིགས་ཀྱི་མི་འདྲ་བ་སོགས་ཀྱི་གནས་ཚུལ་ཡོད།

བཟོ་སྐྲུན་ཆེད་སྦྱོང་སློབ་གསོའི་སྤྱི་ཚོགས་ནུས་པ་ནི། གཙོ་བོ་ཆུང་འབྲིང་གི་ཁེ་ལས་དང་ལྷག་པར་དུ་ཞིང་གྲོང་ཁེ་ལས་ཤེས་ལྡན་གསོ་སྐྱོང་བྱེད་པ་དང་། ཁག་ཅིག་ནི་ཆེ་འབྲིང་ཁེ་ལས་ཀྱི་རྐང་འཛིན་ལས་དོན་གྱི་བཟོ་བཀོད་དང་ལག་རྩལ། འཁོར་སྐྱོད་དོ་དམ། སྲུང་སྐྱོབ་སོགས་ཀྱི་ཤེས་ལྡན་གསོ་སྐྱོང་བྱེད་དགོས།

གསོ་སྨན་ཆེད་སྦྱོང་སློབ་གསོ་ནི་གཙོ་བོ་རྫོང་དང་རྫོང་མན་གྱི་གཞི་རིམ་སྨན་བཅོས་སྡེ་ཁག་གིས་ནད་མང་འབྱུང་བ་དང་རྒྱུན་མཐོང་ནད་རིགས་ཀྱི་བཅོས་ཐབས་དང་སྔོན་འགོག ད་དུང་དམའ་རིམ་བྱིས་གསོ་བྱ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་མ་ཟད། རིམ་པ་སོ་སོའི་སྨན་ཁང་གི་གློག་འཕྲོ་དང་ཞིབ་བཤེར། སྨན་སྡེབ་སོགས་ཀྱི་སྨན་པའི་ལག་རྩལ་ཤེས་ལྡན་གསོ་སྐྱོང་བྱེད་དགོས།

ཞིང་ནགས་ཆེད་སྦྱོང་སློབ་གསོ་ནི་གཙོ་བོ་རྫོང་དང་ཤང་རིམ་པའི་ཞིང་ནགས་ལག་རྩལ་ཁྱབ་བརྡལ་ལས་ཁུངས་དང་ཐོན་སྐྱེད་དོ་དམ་སྡེ་ཁག་གི་ཤེས་ལྡན་དང་ཐོན་སྐྱེན་དོ་དམ་ཤེས་ལྡན་གསོ་སྐྱོང་བྱེད་དགོས།

དགེ་འོས་ཆེད་སྦྱོང་སློབ་གསོ་ནི་གཙོ་བོ་དམའ་རིམ་སློབ་འབྲིང་གི་དགེ་རྒན་གསོ་སྐྱོང་བྱེད་པ།

ནོར་སྲིད་ཆེད་སྦྱོང་སློབ་གསོ་ནི་གཙོ་བོ་རྫོང་རིམ་པ་དང་ས་གནས་རིམ་པའི་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག་གི་དཔལ་འབྱོར་དོ་དམ། འཆར་གཞི། ཉོ་འཚོང་། དཔྱ་ཁྲལ། དངུལ་རྩ། བཤེར་རྩིས་སོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

ཁྲིམས་སྲིད་ཆེད་སྦྱོང་སློབ་གསོ་ནི་གཙོ་བོ་རྫོང་དང་ས་གནས་རིམ་པ་གཉིས་པའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། ཁྲིམས་འཛིན་སྡེ་ཁག་གི་ཁྲིམས་ལུགས་བྱ་བ་གཉེར་བའི་ཤེས་ལྡན་དང་། ཁག་ཅིག་ཞིང་ཆེན་རིམ་པ་ཡན་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་དྲུང་ཡིག་དང་ཞིབ་བཤེར་སོགས་ཀྱི་ཤེས་ལྡན་གསོ་སྐྱོང་བྱེད་པ། 

4 ཆེད་སྦྱོང་དངོས་གཞིར་འཕེར་བ།
4_1 མཚན་ཉིད།

ཆེད་སྦྱོང་དངོས་གཞིར་འཕེར་བར་རྣམ་པ་གསུམ་ཡོད་དེ། གཅིག་གྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བ། རང་སྦྱོང་རྒྱུགས་ལེན་ཆེད་སྦྱོང་དངོས་གཞིར་འཕེར་བ། དར་མའི་སློབ་གསོའི་ཆེད་སྦྱོང་དངོས་གཞིར་འཕེར་བ་གསུམ་ཡོད་ལ། ཆེད་སྦྱོང་མཐར་ཕྱིན་རྗེས་རང་སྦྱོང་རྒྱུགས་ལེན་གྱི་དངོས་གཞི་རང་རྒྱལ་གྱིས་ཁས་ལེན་ཐོབ་ལ། སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་པའི་བསླབས་རིམ་ཡིན། རང་སྦྱོང་རྒྱུགས་ལེན་གྱི་དངོས་གཞི་ནི་མཐོ་རིམ་དཀྱུས་མའི་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འདྲ་བར་རྒྱལ་ཡོངས་གཅིག་གྱུར་གྱི་ཞིབ་འཇུག་སློབ་མ་རྒྱུགས་སྤྲད་ཆོག་ལ། རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཕྱི་འགྲིམས་སོགས་བྱས་ཆོག རྒྱུས་ལོན་པ་ལྟར་ན། ཁ་ན་ཏ་དང་དབྱིན་ཇི། ཨ་རི། ཁོ་རེ་ཡ་ལྷོ་མ་སོགས་རྒྱལ་ཁབ་སུམ་ཅུ་ལྷག་གིས་རང་རྒྱལ་གྱི་རང་སྦྱོང་བསླབས་རིམ་དཔང་ཡིག་ཁས་ལེན་བྱེད་ལ། རང་སྦྱོང་རྒྱུགས་ལེན་ནི་དཀའ་སྡུག་ཆེ་བའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན་ལ། དཀའ་ཚད་ཀྱང་མཐོ་རིམ་དཀྱུས་མའི་རྒྱུགས་ལེན་ལས་དམའ་ཙམ་ཡིན། རང་སྦྱོང་དངོས་གཞིའི་རྒྱུགས་ལེན་གྱིས་སློབ་མའི་སློབ་སྦྱོང་གི་ནུས་པ་དང་སྙིང་རུས། སྡུག་རུས་དང་རང་གཅུན་གྱི་ནུས་པར་སྦྱོང་བརྡར་བྱེད་པ་ཡིན། 1981ལོར་བཙུགས་པ་ནས་བཟུང་། རང་སྦྱོང་རྒྱུགས་ལེན་གྱིས་རང་རྒྱལ་ལ་ཆེད་སྦྱོང་དངོས་གཞི་མཐར་ཕྱིན་སློབ་མ་ཁྲི་སུམ་བརྒྱ་ལྷག་གསོ་སྐྱོང་བྱས་ལ། དེའི་ཁྲོད་ཀྱི་སུམ་ཆའི་གཉིས་ལ་ལས་གནས་རེག་པའི་གོ་སྐབས་ཐོབ་འདུག

4_2 རིགས།

1 གཅིག་གྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བ།

གཅིག་གྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བའི་རྒྱུགས་ལེན་ཐོབ་རྗེས་མུ་མཐུད་ལོ་གཉིས་ལ་དངོས་གཞི་འདོན་དགོས། དེ་ནི་རྒྱལ་ཁབ་ཀྱི་མཐོ་རིམ་དཀྱུས་མའི་སློབ་གསོའི་ཁོངས་གཏོགས་ཡིན་ལ་མཐོ་རིམ་བསྡུ་ལེན་གྱི་འཆར་གཞི་ནང་ཡང་བླངས་ཡོད། ཡིག་ཚད་ནི་ཆེད་སྦྱོང་དངོས་གཞིར་འཕེར་བའི་ནང་གི་ཁས་ལེན་ཐོབ་ཚད་ཆེས་མཐོ་བ་དེ་ཡིན། 2006ལོ་ནས་བཟུང211དང985ལས་གཞིའི་སློབ་གླིང་གིས་གཅིག་རྒྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞི་འཕེར་བའི་སློབ་བསྡུ་མཚམས་བཞག་པ་ཡིན་ལ། ཞིང་ཆེན་སོ་སོའི་གཅིག་གྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བའི་བསྡུར་ཚད་དེ་ལོ་དེའི་མཐར་ཕྱིན་སློབ་མའི5%ལས་བརྒལ་མི་ཆོག་པར་མ་ཟད། ལོ་དེའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་འཆར་གཞིའི་ཁྲོད་འཇོག་དགོས་པ་མ་ཟད། རོགས་སྐྱོར་དངུལ་སྟོང་ཕྲག་བརྒྱད་བསྡུ་ལེན་མི་བྱེད་པར་དངོས་གཞི་དཀྱུས་མའི་སློབ་མ་དང་འདྲ་མཉམ་བྱེད་དགོས།

2 རང་སྦྱོང་ཆེད་སྦྱོང་དངོས་གཞིར་འཕེར་བ།

རང་སྦྱོང་ཆེད་སྦྱོང་དངོས་གཞིར་འཕེར་བ་ནི་རང་སྦྱོང་རྒྱུགས་ལེན་གྱི་ངོ་བོའི་དངོས་གཞི་ཡིན་ལ། སྒེར་ཚུགས་ཀྱི་དངོས་གཞི་རིམ་པ་ཡིན། སྤྱིར་བཏང་དུ་ཆེད་སྦྱོང་ནང་དུ་དངོས་གཞི་འདུས་པ་ཡིན། སློབ་སྦྱོང་གི་རྣམ་པ་རང་དབང་ཡིན་ལ། རྒྱུགས་ལེན་པའི་དུས་ཚོད་དང་ཆེད་ལས་ལ་ཚད་བཀག་མེད་པ། ཡིག་ཚད་ཁས་ལེན་ཐོབ་ཚད་དེ་དར་མའི་ཆེད་སྦྱོང་དངོས་གཞིར་འཕེར་བ་དང་དྲ་རྒྱའི་སློབ་གསོའི་ཆེད་སྦྱོང་དངོས་གཞིར་འཕེར་བ་ལས་མཐོ་བ་ཡིན། དེའི་རྐྱེན་སློབ་མས་དགའ་བསུ་ཆེན་པོ་ཐོབ་པ་ཡིན།

3 དར་མའི་ཆེད་སྦྱོང་དངོས་གཞིར་འཕེར་བ།

དར་མའི་ཆེད་སྦྱོང་དངོས་གཞིར་འཕེར་བ་ནི་དར་མའི་མཐོ་རིམ་སློབ་གསོ་ཡིན་ལ། རྒྱལ་ཡོངས་གཅིག་གྱུར་གྱི་སློབ་བསྡུ་རྒྱུགས་ལེན་ལ་ཞུགས་དགོས། རྒྱུགས་འཕྲོད་ཚད་མཐོ་ལ་སྟབས་བདེ་ཡང་ཡིན་ལ། བསྡུ་ལེན་ཚད་ཀྱང་མཐོ་བ་ཡིན། དར་མའི་མཐོ་རྒྱུགས་ལ་ཆེད་སྦྱོང་རིམ་པ་དང་ཆེད་སྦྱོང་དངོས་གཞིར་འཕེར་བའི་རིམ་གཉིས་སུ་དབྱེ་ཡོད་ལ། ལོ་རེར་རྒྱུགས་སྤྲོད་པའི་གོ་སྐབས་གཅིག་རེ་ཡོད།

4 དྲ་རྒྱའི་སློབ་གསོའི་ཆེད་སྦྱོང་དངོས་གཞིར་འཕེར་བ།

དྲ་རྒྱའི་སློབ་གསོ་ཡང་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་གཞིའི་གཅིག་ཡིན་ལ། ངོ་བོ་ཀྱང་དར་མའི་མཐོ་རྒྱུགས་དང་འདྲ་བ་ཡིན། དེ་ལ་ཡང་སློབ་འཛུལ་རྒྱུགས་ལེན་ལ་ཞུགས་དགོས། ཁྱད་པར་གཙོ་བོ་ནི་སློབ་གྲྭ་རང་ཉིད་ཀྱིས་འདྲི་གཞི་བསྒྲིགས་པ་དང་དག་བཅོས་བྱེད་པ། དེ་ལ་དཔྱིད་ཀ་དང་སྟོན་ཁ་གཉིས་ལ་སློབ་བསྡུ་བྱེད་པ་ཡིན།

5 སྒོ་འབྱེད་སློབ་གསོའི་ཆེད་སྦྱོང་དངོས་གཞིར་འཕེར་བ།

སྒོ་འབྱེད་སློབ་གསོ་ནི་རང་སྦྱོང་དང་ཁ་རྒྱུགས། རྩིས་འཁོར་དྲ་རྒྱ། འཁོར་སྐར་བརྙན་འཕྲིན་སོགས་དེང་རབས་སྨྱན་བྱེད་ལག་རྩལ་ལས་སློབ་སྦྱོང་བྱེད་དགོས་པ་ཡིན་ལ། རྒྱལ་ཁབ་གཅིག་གྱུར་བཀོད་སྒྲིག་གི་རྒྱུགས་ལེན་ལ་ཞུགས་ཏེ་ཆེད་སྦྱོང་དངོས་གཞི་བསླབས་རིམ་ཐོབ་ཐུབ། གལ་ཏེ་ཚང་དགོས་པའི་འབྲེལ་ཡོད་བསླབས་རིམ་ཚང་ན་ས་གནས་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱི་སློབ་ཞུགས་ཚད་འཇལ་ལ་ཞུགས་རྗེས་སློབ་གྲྭར་འཛུལ་ཆོག ཁ་གཏད་ཡུལ་རྒྱ་ཆེ་བ་དང་ནང་འཛུལ་སླ་ལ་ཕྱིར་འབུད་དཀའ་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད།

5 སློབ་གླིང་གི་རིགས།

1 ངོ་བོའི་ཐད་ནས། གཞུང་སྒྲུབ་ཆེད་སྦྱོང་དང་དམངས་སྒྲུབ་ཆེད་སྦྱོང་གཉིས་ཡོད།

2 བསྡུ་ལེན་ཆོག་ཐེངས་ཐད་ནས། ཆེད་སྦྱོང་ཆོག་ཐེངས་རིམ་པ་དང་པོ་དང་ཆེད་སྦྱོང་ཆོག་ཐེངས་རིམ་གཉིས་པ་བཅས་གཉིས་ཡོད།

ཆེད་སྦྱོང་ཆོག་ཐེངས་རིམ་པ་དང་པོ་ནི་གཞུང་སྒྲུབ་དངོས་གཞིའི་སློབ་གླིང་གི་ཆེད་སྦྱོང་འཛིན་གྲྭ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་དཀྱུས་མའི་ཆེད་སྦྱོང་སློབ་གྲྭ། ལས་རིགས་ལག་རྩལ་སློབ་གླིང་ལ་གོ་བ་དང་། མཐོ་རིམ་སློབ་གྲྭའི་སྒྱུ་རྩལ་རིགས་དང་ལས་རྩལ་རིགས་ཀྱི་ཆེད་ལས་དང་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པའི་ཆེད་སྦྱོང་ནི་ཆོག་ཐེངས་རིམ་པ་དང་པོའི་སློབ་བསྡུའི་ཆེད་ལས་ཡིན།

ཆེད་སྦྱོང་ཆོག་ཐེངས་རིམ་གཉིས་པ་ནི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གི་ཆེད་སྦྱོང་དང་། སྒེར་ཚུགས་སློབ་གླིང་གི་ཆེད་སྦྱོང་། དམངས་སྒྲུབ་མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་། ཀྲུང་ཕྱིའི་མཉམ་འབྲེལ་གྱིས་སྒྲུབ་པའི་ཆེད་སྦྱོང་ཁག་ཅིག སྒེར་ཚུགས་ཀྱིས་བཙུགས་ཡོད་པའི་དར་མའི་མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་། སློབ་གྲྭའི་ཡན་ལག་སློབ་སྒྲུབ་ཀྱི་ཆེད་སྦྱོང་དང་མཐོ་རིམ་ལས་རིགས་སློབ་གསོའི་ཁ་གཏད་སློབ་བསྡུ། ཕུལ་བྱུང་ལུས་རྩལ་པ། ལག་ལེན་སློབ་མའི་ཆེད་སྦྱོང་ཆེད་ལས་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།