ཚེ་གང་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚེ་གང་སློབ་གསོ།
ཚེ་གང་སློབ་གསོ་ནི་མི་རྣམས་ཀྱིས་མི་ཚེའི་བརྒྱུད་རིམ་སོ་སོ་ནས་མྱངས་པའི་སློབ་གསོའི་བསྡུས་མིང་ཡིན་ལ། མི་ཡིས་རིགས་མི་གཅིག་པའི་སློབ་གསོ་མྱངས་པའི་གཅིག་གྱུར་གྱི་བསྡུས་མིང་ཡིན། དེ་ལ་སློབ་གསོའི་མ་ལག་གི་རིམ་པ་སོ་སོ་དང་རྣམ་པ་སོ་སོ། ད་དུང་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ། ཚད་ལྡན་སློབ་གསོ་དང་ཚད་ལྡན་མ་ཡིན་པའི་སློབ་གསོ། མི་རེ་རེར་ཆེས་བཟང་བོའི་ཤེས་བྱ་དང་ལག་རྩལ་གྱི་དགོས་མཁོ་སྐོང་དང་། ཚེ་གང་སློབ་གསོའི་བསམ་བློ་ནི་རྒྱལ་ཁབ་མང་བོའི་སློབ་གསོའི་བཅོས་སྒྱུར་གྱི་མཛུབ་སྟོན་ཁ་ཕྱོགས་སུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
终身教育
ཕྱི་ཡིག་གི་མིང་།
lifelong education
གླེང་མཁན།
པའོ་ལུའོ་ལང་ཁོ་ལང་།
ཁྱབ་བརྡལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གོས་དང་ཚན་རིག རིག་གནས་བཅས་ཀྱི་རྩ་འཛུགས་སོགས་ཡིན།
མངོན་འགྱུར་བྱེད་ཐབས།
ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ།
ཁྱད་ཆོས།
དམངས་ཡོངས་རང་བཞིན། ཚེ་གང་རང་བཞིན། སྤྱི་ཁྱབ་རང་བཞིན། བབ་བསྟུན་རང་བཞིན། དངོས་སྤྱོད་རང་བཞིན།
1 མཚན་ཉིད་འབྱུང་ཁུངས།

ཚེ་གང་སློབ་གསོའི་མིང་བརྡ་འདི་ནི1965ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་འགོ་འཛིན་བྱས་པའི་རྒྱལ་སྤྱིའི་དར་མའི་སློབ་གསོའི་སྐུལ་འདེད་ཚོགས་འདུ་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་སློབ་གསོ་ཅུའུ་ཅུའུ་ཀྲང་ཧྥ་རན་སེའི་པའོ་ལུའོ་ལང་ཁོ་ལང(Paul Lengrand)གིས་དངོས་སུ་བཏོན་ལ། ལོ་ངོ་ཐུང་ཐུང་ཞིག་གི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཡོངས་ཁྱབ་ཀྱིས་ཁྱབ་བརྡལ་གཏོང་བཞིན་ཡོད་ལ། ཉེ་བའི་ལོ་སུམ་ཅུའི་ནང་དུ་ཚེ་གང་སློབ་གསོ་མཚན་ཉིད་ལ་དཔྱད་གླེང་གནས་མཁན་ནི་ནམ་མཁའི་སྐར་ཚོགས་བཞིན་དུ་ཡོད་མོད། ད་བར་དུ་ད་དུང་གཅིག་གྱུར་གྱི་བདག་དབང་ཅན་གྱི་མཚན་ཉིད་ཅིག་མེད། འདིའི་ཟུར་ངོས་ལས་སློབ་གསོའི་དགོངས་གཞི་དེ་འཛམ་གླིང་རང་བཞིན་གྱིས་དོ་སྣང་དང་གཙིགས་ཆེན་དུ་འཛིན་པ་ཤེས་ཐུབ། དུས་མཉམ་དུ་འདིའི་དགོངས་གཞི་གྲུབ་པར་ཚན་རིག་དང་མཐུན་པའི་མཚན་ཉིད་ཐད་དུ་ད་དུང་ཕྱོགས་ཡོངས་ཀྱི་འགྲེལ་བ་དང་དམ་ཚགས་རང་བཞིན་གྱི་སྒྲུབ་བྱེད་གཞུང་ལུགས་དང་ལག་ལེན་བར་གྱི་བར་ཁྱད་གསལ་བོར་བསྟན་ཡོད།

2 འཕེལ་རྒྱས།

དུས་རབས20ལོ་རབས60བའི་དུས་དཀྱིལ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཀྱིས་ཤུགས་ཆེན་པོས་འབོད་སྐུལ་དང་ཁྱབ་སྤེལ། ཁྱབ་བརྡལ་བྱས་པ་ལས་ཚེ་གང་སློབ་གསོ་ནི་སློབ་གསོའི་མཚན་ཉིད་ཁྲོད་ནས་ཧ་ཅང་གལ་ཆེན་རང་བཞིན་ལས་འཛམ་གླིང་ཧྲིལ་བོར་རྒྱ་ཆེར་སྤེལ་བ་ཡིན། རྒྱལ་ཁབ་མང་ཆེ་བས་རང་གི་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་སྲིད་ཇུས། ཡང་ན་རྒྱལ་དམངས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་སྐབས། ཚེ་གང་སློབ་གསོའི་དགོངས་དོན་གཞིར་བཟུང་བ་དང་ཚེ་གང་སློབ་གསོའི་བཏོན་པའི་རྩ་བའི་རྩ་དོན་རྨང་གནས་བྱས་ཏེ་འདི་དག་མངོན་འགྱུར་བྱེད་རྒྱུ་ནི་དམིགས་འབེན་གཙོ་བོར་བཟུང་ཡོད། ད་ལྟ་སྤྱི་ཚོགས་སུ་འཛམ་གླིང་ཡོངས་སུ་སྒུལ་བར་བྱེད་པའི་སློབ་གསོ་ནི་ཚེ་གང་སློབ་གསོ་ཡིན།

3 རྒྱབ་ལྗོངས།

1 དུས་རབས་གསར་སྤྱི་ཚོགས་དང་ལས་རིགས། ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་འགྱུར་ལྡོག་ལས། མི་རྣམས་ཀྱིས་ངེས་པར་དུ་ཤེས་བྱའི་ལྟ་བ་གསར་སྒྱུར་བྱས་ཏེ་དུས་རབས་གསར་བའི་འཚམ་པའི་འདུ་ཤེས་ལྡན་པར་བྱེད་པ།

2 མི་རྣམས་ཀྱིས་དངོས་ཡོད་འཚོ་བ་དང་རང་ཉིད་མངོན་འགྱུར་གྱི་རེ་བ་མུ་མཐུད་དུ་ཇེ་མཐོར་སོང་བ།

3 མི་རྣམས་ཀྱིས་སྲོལ་རྒྱུན་སློབ་གྲྭའི་སློབ་གསོ་མ་ཟད་སློབ་གསོའི་མ་ལག་ལ་རྩ་བའི་བཅོས་སྒྱུར་བྱས་ཏེ་རྣམ་པ་གསར་བའི་སློབ་གསོའི་དགོངས་གཞི་ཞིག་འབྱུང་བའི་རེ་བ།

4 མངོན་ཐབས།

སློབ་གསོའི་རིམ་པ་ལས། དབྱར་འབྱར་དང་བྱིས་པ། གཞོན་ནུ། དར་མ། རྒན་པ་སྟེ་རིམ་པ་ལྔ་ཡོད།

སློབ་གསོའི་རྣམ་པ་ལས། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ(དར་མར་སློབ་གསོ)སྟེ་རྣམ་པ་གསུམ་ཡོད་ལ། འདི་དག་ནི་སྒེར་གྱི་ཚེ་གང་སློབ་སྦྱོང་གི་ལག་ལེན་ཁྲོད་དུ་མངོན་པ་ཡིན།

སློབ་གསོའི་སྒྲིག་གཞི་ལས། སློང་སྔོན་སློབ་གསོ། དམའ་རིམ་སློབ་གསོ(སློབ་ཆུང)། འབྲིང་རིམ་སློབ་གསོ(སློབ་འབྲིང)མཐོ་རིམ་སློབ་གསོ་དང་རྒྱུན་སྤེལ་སློབ་གསོ་སྟེ་སློབ་གསོའི་རིམ་པ་ལྔ་རུ་དགར་ཡོད་ལ། དེའི་ནང་དུ་འབྲིང་རིམ་སློབ་གསོ་ལ་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གཉིས་སུ་དགར་ཡོད། མཐོ་རིམ་སློབ་གསོ་ལ་མཐོ་རིམ་དཀྱུས་མའི་སློབ་གསོ་དང་དར་མའི་སློབ་གསོ། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་བཅས་སློབ་གསོའི་རྣམ་པ་གསུམ་དུ་དགར་ཡོད།

5 ཁྱད་ཆོས།

1 ཚེ་གང་རང་བཞིན།

འདི་ནི་ཚེ་གང་སློབ་གསོའི་ཁྱད་ཆོས་ཆེས་ཆེ་བ་ཡིན་ལ། དེའི་ཚད་ལྡན་སློབ་གྲྭའི་སྒྲིག་གཞི་ལས་ཐོད་བརྒལ་བྱས་པ་དང་། སློབ་གསོ་ནི་མི་ཞིག་གི་མི་ཚེའི་སྟེང་དུ་མཚམས་འཇོག་མེད་པའི་སློབ་སྦྱོང་གི་རྣམ་པ་ཞིག་ཡིན་ལ། མི་རྣམས་ཀྱིས་མི་ཚེ་གཅིག་ལ་སློབ་གསོ་སྣ་ཚོགས་མྱངས་པའི་གསོ་སྐྱོང་གི་མཇུག་འབྲས་ཡིན། སློབ་སྔོན་སྐབས་ནས་རྒན་པའི་སྐབས་ཀྱི་སློབ་གསོའི་བརྒྱུད་རིམ་ཡོངས་ཀྱི་གཅིག་གྱུར་ཡང་ཡིན། དེ་ལ་ཚད་ལྡན་སློབ་གསོ་དང་ཚད་ལྡན་མ་ཡིན་པའི་སློབ་གསོ། སློབ་གསོའི་མ་ལག་གི་རིམ་པ་དང་རྣམ་པ་སྣ་ཚོགས་ཡང་འདུས།

2 དམངས་ཡོངས་རང་བཞིན།

ཚེ་གང་སློབ་གསོ་ནི་དམངས་ཡོངས་རང་བཞིན་ཡིན་ལ། དེའི་ཚེ་གང་སློབ་གསོ་མྱངས་མཁན་ལ་མི་ཡོད་ཚད་འདུས་པ་དང་ཕོ་མོ་རྒན་གཞོན། དབུལ་ཕྱུག་གི་བར་ཁྱད། རིགས་རུས་དང་ཕོ་མོ་སོགས་ཡོད་ཚད་གང་ལ་ཡང་མི་ལྟ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཞིབ་འཇུག་པ་ཏ་པེ་ཡིས་ཚེ་གང་སློབ་གསོ་ལ་དམངས་གཙོ་ཅན་གྱི་ཁྱད་ཆོས་དང་། སློབ་གསོའི་ཤེས་བྱ་ནི་མི་ཕུལ་བྱུང་ཅན་ལ་ཞབས་འདེགས་ཞུ་བ་དང་ནུས་པ་མང་ཙམ་ཡོད་པ་ཅན་གྱི་མིར་སློབ་གསོ་ཐོབ་པའི་གོ་སྐབས་ཡོད་པར་དགག་པར་རྒྱག་པ། དོན་དངོས་སྟེང་ད་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་རེ་རེ་ནས་ཡོད་ཚད་འཚོ་གནས་དང་འཚོ་གནས་བྱེད་དགོས་ན་ཚེ་གང་སློབ་གསོ་དང་ཁ་བྲལ་ཐབས་མེད། འཚོ་གནས་འཕེལ་རྒྱས་ནི་དུས་རབས་ཀྱི་གཙོ་རྒྱུགས་ཤིག་ཡིན་ལ། འཚོ་གནས་བྱེད་ན་ངེས་པར་དུ་སློབ་སྦྱོང་བྱེད་དགོས། འདི་ནི་དེང་རབས་སྤྱི་ཚོགས་ཀྱི་མི་རེ་རེར་བཏོན་པའི་སློབ་གཞི་གསར་བ་ཞིག་ཡིན།

3 ཁྱབ་བརྡལ་རང་བཞིན།

ཚེ་གང་སློབ་གསོ་ལ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་འདུ་ལ། ཡང་སྤྱི་ཚོགས་སློབ་གསོ་ཡང་འདུ། ཡང་འདི་ལྟར་བཤད་ཆོག་སྟེ། མིའི་བརྒྱུད་རིམ་སོ་སོ་འདུ་ལ། དུས་ཚོད་དང་ས་གནས། གནས་ཡུལ་དང་ཕྱོགས་ཡོངས་ཀྱི་སློབ་གསོ་འདུས། ཚེ་གང་སློབ་གསོའི་སློབ་སྦྱོང་གི་ཁྱབ་རྒྱ་ཇེ་ཆེར་བཏང་བ་དང་སློབ་གསོའི་ལས་དོན་ཡོངས་ལ་གསོན་ཤུགས་གསར་བ་ཞིག་བསྣན་པ་ཡིན།

4 བབ་བསྟུན་དངོས་སྤྱོད།

དེང་རབས་ཀྱི་ཚེ་གང་སློབ་གསོ་ལ་ལྡན་མྱུར་རང་བཞིན་ཡོད་ལ། དེ་ཡང་སློབ་སྦྱོང་མཁོ་བའི་མི་ཡོད་ཚད་ཀྱི་སྟེང་ལས་མངོན་ལ། ས་གནས་གང་དང་དུས་ཚོད་གང་རུང་གི་འོག་ཏུ་རྣམ་པ་གང་ཡང་རུང་བའི་སློབ་གསོ་མྱངས་ཐུབ་ལ། སློབ་སྦྱོང་གི་དུས་ཚོད་དང་ས་གནས། ནང་དོན། རྣམ་པ་ཚང་མ་མི་སྒེར་ནས་ཐག་གཅོད་པ་ཡིན། མི་རྣམས་ཀྱིས་རང་ཉིད་ཀྱི་ཁྱད་ཆོས་དང་དགོས་མཁོ་ལྟར་རང་ལ་འཚམ་པའི་སློབ་སྦྱོང་འདེམས་ཆོག

6 ​དོན་སྙིང་།

ཚེ་གང་སློབ་གསོའི་བཏོན་པ་དང་ལག་བསྟར་ནི་དེང་རབས་འཛམ་གླིང་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དང་པོ། སློབ་གསོར་རྣམ་པ་གསར་བའི་འགྲེལ་བ་བྱས་ཡོད་ལ། སློབ་གསོ་གཙོ་བོ་མི་ཞིག་གི་ཚེ་གང་བོར་གཙོ་འདོན་བྱེད་དགོས་ལ། འདས་ཟིན་པའི་སློབ་སྦྱོང་སྐབས་དང་བྱ་བའི་སྐབས་ཀྱི་སློབ་སྦྱོང་གི་རིམ་པ་གཉིས་ཀྱི་འདུ་ཤེས་ལ་རྩ་བ་ནས་འགྱུར་ལྡོག་བྱུང་བ་ཡིན། གཉིས་པ། དེའི་སློབ་གསོའི་སྤྱི་ཚོགས་ཅན་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱས་ལ། སློབ་གྲྭ་ནི་སློབ་གསོའི་སྒྲིག་གཞི་ཡིན་པའི་བསམ་བློ་རྙིང་པ་དེར་འགྱུར་བ་བཏང་བ་དང་། སློབ་གསོ་དེ་སློབ་གྲྭའི་སློབ་གསོ་ལས་ཐོད་བརྒལ་བྱུང་བ་ལས་མིའི་རིགས་སྤྱི་ཚོགས་འཚོ་བའི་བར་སྟོང་ཡོད་ཚད་ཇེ་ཆེར་བཏང་བ་ཡིན།

གསུམ་པ། སློབ་གསོའི་ནང་དོན་དང་དགེ་སློབ་འབྲེལ་བའི་གསར་སྒྱུར་བྱས་པ་དང་། སློབ་གསོ་ནི་ཤེས་བྱ་རྐྱང་བ་བརྒྱུད་བསྒྲགས་ཙམ་མ་ཡིན་པར། མིའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་བསམ་བློ་གཞིར་བཟུང་ཏེ། སློབ་སྦྱོང་བྱེད་མཁན་གྱི་སྔར་ཡོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་། ལྷག་ཏུ་མི་སྒེར་ཁོར་ཡུག་ཅན་དུ་འགྱུར་བའི་རང་འགུལ་རང་འཚམ་རང་བཞིན་གསོ་སྐྱོང་བྱེད་དགོས། སྲོལ་རྒྱུན་གྱི་དགེ་སློབ་འབྲེལ་བར་ཡང་རྩ་བའི་འགྱུར་ལྡོག་བྱུང་བ་ཡིན་ལ། དེ་ནི་རྣམ་པ་གསར་བའི་དམངས་གཙོའི་སྒོ་འབྱེད་རྣམ་པའི་འབྲེལ་བའི་ཚབ་བྱེད་བཞིན་ཡོད།

མཇུག་མཐར་དེ་ནི་སྣ་མང་ཅན་གྱི་རིན་ཐང་གི་ཚད་གཞི་ཡིན་ལ། སློབ་སྦྱོང་བྱེད་མཁན་གྱིས་རང་ཉིད་ཀྱི་འཕེལ་རྒྱས་དང་རང་ཉིད་འཐུས་ཚང་གི་ལམ་གསར་བའི་སྒོ་ཕྱེ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།