སློབ་རའི་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་རའི་རིག་གནས།
སློབ་རའི་རིག་གནས་ནི་སློབ་མ་གྲུབ་ཆ་གཙོ་བོ་དང་སློབ་གསེང་རིག་གནས་བྱ་འགུལ་ནི་ནང་དོན་གཙོ་བོ། སློབ་རའི་རིག་གནས་འཛུགས་སྐྲུན་ནི་སློབ་གླིང་ས་གནས་གཙོ་བོ་དང་དེ་སློབ་གླིང་གི་འགོ་ཁྲིད་དང་དགེ་བཟོ་བ་ནང་དུ་འདུས་བའི་སློབ་རའི་སེམས་ཤུགས་ཁྱད་ཆོས་གཙོ་བོ་ཡིན་པའི་ཚོགས་པ་རང་བཞིན་གྱི་རིག་གནས་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
校园文化
གྲུབ་ཆ་གཙོ་བོ།
སློབ་མ།
ནང་དོན།
སློབ་གསེང་རིག་གནས་བྱ་འགུལ།
ཁོར་ཡུག
སློབ་ར།
1 ངོ་སྤྲོད།

སློབ་རའི་རིག་གནས་ནི་སློབ་མ་གྲུབ་ཆ་གཙོ་བོ་དང་སློབ་ར་ཁོར་ཡུག་གཙོ་བོ་ཡིན་ལ། སློབ་གྲྭའི་འགོ་ཁྲིད་རིམ་པ་དང་དགེ་བཟོ་བ་ཡོངས་ལ་ཁྱབ་པ་དང་། མི་སྐྱོང་བ་ནི་འདོད་ཚུལ་གཙོ་བོ། བསམ་པའི་རིག་གནས་དང་། ཁོར་ཡུག་རིག་གནས། སྤྱོད་ལམ་རིག་གནས། སྒྲིག་གཞིའི་རིག་གནས་འཛུགས་སྐྲུན་སོགས་ནང་དོན་གཙོ་བོར་བྱས་ཏེ། སློབ་རའི་སྙིང་སྟོབས་དང་ཤེས་རིག་ཁྱད་ཆོས་གཙོ་བོ་ཡིན་པའི་ཚོགས་པ་རང་བཞིན་གྱི་རིགས་གནས་ཞིག་ཡིན། ནང་དོན་གཙོ་བོ་ལ། ན་གཞོན་སློབ་མ་ཚབ་བྱེད་ཡིན་པའི་རིག་གནས་འདུ་ཤེས་དང་སློབ་མའི་བསམ་གཞིགས་ཀྱི་ཁྱད་ཆོས་ཚད་གཞི། f9dcd100baa1cd11fb9e7b9ab912c8fcc3ce2d5b.jpg.jpgསྤྱོད་ལམ་ཁྱད་ཆོས་དང་རྣམ་པ། སློབ་མའི་སློབ་གསེང་གི་འཚོ་བའི་ཁྲོད་ནས་ཚོགས་པའི་རང་བཞིན་གྱི་གྲུབ་པའི་རིག་གནས་བྱ་འགུལ་ཏེ། དཔེར་ན་སྙན་ངག་ཚོགས་པ་དང་རྩོམ་རིག་ཚོགས་པ་སོགས་ཚོགས་པ་ཁག་ཏེ། དེ་ལས་ཀྱང་སློབ་རའི་རིག་གནས་ཀྱི་ངོ་བོའི་ནང་དོན་མཚོན་ཐུབ་པ་ནི་སློབ་རའི་སྲོལ་དང་སྙིང་སྟོབས་ཡིན།

སློབ་རའི་རིག་གནས་ནི་སློབ་གྲྭར་དམིགས་བསལ་གྱིས་ལྡན་པའི་བསམ་པའི་ཁོར་ཡུག་དང་རིག་གནས་ཀྱི་རྒྱུན་སྲོལ་ཡིན་ལ། དེ་ལ་སློབ་རའི་བཟོ་བཀོད་ཀྱི་འཆར་འགོད་དང་སློབ་རའི་ཡུལ་ལྗོངས། ལྗང་མདོག་ཅན་གྱི་དངོས་གཟུགས་ཀྱི་ནང་དོན་ཡོད་ལ། ད་དུང་སློབ་གྲྭའི་སྲོལ་རྒྱུན་དང་སློབ་གྲྭའི་སྲོལ། སློབ་སྲོལ། མི་དང་མིའི་འབྲེལ་བ། ཐུན་མོང་གི་དཔྱད་གླེང་། སེམས་ཁམས་རྣམ་པ་དང་སློབ་གྲྭའི་སྒྲིག་སྲོལ། སློབ་གྲྭའི་ཁོངས་མི་དག་གི་ཐུན་མོང་གི་བྱ་འགུལ་འབྲེལ་འདྲིས་ཁྲོད་ནས་གྲུབ་པའི་ཡིག་ཐོག་གི་ཚད་གཞི་མ་ཡིན་པའི་ཚད་གཞི་ཀྱང་ཡིན། སློབ་རའི་རིག་གནས་ལེགས་པོ་ཞིག་ཡིན་ན་སློབ་མའི་སེམས་ཁམས་གསོ་བ་དང་སློབ་མའི་བློ་རིག་འབྱེད་པ། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་ཡིན།

སློབ་རའི་རིག་གནས་ནི་སློབ་གྲྭར་མ་གཞི་ནས་གྲུབ་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་ཀྱི་སྤྱི་འདུས་ཀྱང་ཡིན། སློབ་གྲྭ་ནི་མི་ལ་སློབ་གསོ་བྱེད་པ་དང་མི་གསོ་སྐྱོང་བྱེད་པའི་ཁོར་ཡུག་ཡིན་པས། སློབ་རའི་རིག་གནས་ལ་བསམ་པའི་རིག་གནས་ཀྱི་ནང་དོན་ཡང་འདུ། དེ་ཡང་སློབ་གྲྭའི་ཐུན་མོང་གི་ཁོངས་མིའི་སློབ་གྲྭའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། རིམ་བཞིན་གྲུབ་པའི་སློབ་གྲྭའི་ཆེས་མཐོའི་དམིགས་འབེན་དང་རིན་ཐང་ལྟ་བ། སློབ་གྲྭའི་སྲོལ། སྲོལ་རྒྱུན་གོམས་གཤིས། སྤྱོད་ལམ་ཚད་གཞི་དང་སྒྲིག་སྲོལ་ནང་དུ་འདུས་པའི་བསམ་བློའི་གཅིག་འདུས་ཀྱང་ཡིན། སློབ་རའི་རིག་གནས་ཀྱིས་དགེ་སློབ་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་དང་སློབ་གྲྭའི་སྲོལ་བཟང་པོ་གསོ་སྐྱོང་། ལྡན་པ་བཞིའི་གསོ་སྐྱོང་སོགས་ལ་དོན་སྙིང་གལ་ཆེན་ལྡན། d50735fae6cd7b8934a7383a0c2442a7d8330ebb.jpg.jpgགལ་ཏེ་སྙིང་སྟོབས་ཀྱི་ཕྱུག་པའི་སློབ་མ་ཁྲི་ཕྲག་དེ་མེད་ན། འགོ་ཁྲིད་ཇི་ལྟར་བསམ་བློ་ལྡན་པ་དང་དངོས་པོའི་སྒྲིག་ཇི་ལྟར་བཟང་བ། དགེ་རྒན་གྱི་དཔུང་ཁག་ཇི་འདྲ་ལེགས་པོ་ཞིག་ཡོད་ཀྱང་སློབ་ར་ཆེ་བ་ལས་ཚེ་སྲོག་གི་སྙིང་སྟོབས་དབེན་པ་ཡིན། ཆེད་དམིགས་ཀྱི་སློབ་རའི་རིག་གནས་ལས་ལྷག་ཏུ་སློབ་ཆེན་གྱི་སློབ་རའི་རིག་གནས་ལ། སློབ་ཆེན་པའི་བསམ་བློའི་འདུ་ཤེས་དང་སེམས་ཁམས་སྤུས་ཚད། རིན་ཐང་ལྟ་ཚུལ། བསམ་གཞིགས་བྱེད་སྟངས་སོགས་ནི་སློབ་རའི་རིག་གནས་ཀྱི་སྲོག་ཤིང་ཡིན་ལ། དེའི་ངོ་བོ་ནི་མི་ཚུལ་ཁོར་ཡུག་དང་རིག་གནས་དབུགས་རྒྱུན་དེ་ཡིན་ལ། དེ་ལས་སློབ་རའི་ཁྱད་ཆོས་རང་བཞིན་གྱི་མིའི་འབྲེལ་བ་དང་འཚོ་བ་རོལ་སྟངས་ཡོད་པ་མ་ཟད། སློབ་ཆེན་སློབ་མ་ཟབ་ཞུགས་བྱས་པའི་ཚགས་དེབ་དང་ཚོགས་ཁྲིད། ཚོགས་པ། ད་དུང་ཚན་རིག་རིག་གནས་ལུས་རྩལ་བྱ་འགུལ་དང་རིག་གནས་སྒྲིག་ཆས་སྣ་མང་གིས་སློབ་རའི་ཁོར་ཡུག་བརྒྱན་ཡོད་ལ། དེ་ལས་སློབ་ཆེན་སློབ་རར་སྔར་ལས་གསོན་ཤུགས་ཆེན་པོ་ཞིག་རྒྱས་ཡོད།

སློབ་རའི་རིག་གནས་བྱ་འགུལ་ནི་རང་སྤེལ་དང་རང་འགུལ་ཡིན་ལ། སྤྱི་ཚོགས་འཚོ་བའི་ཤུགས་རྐྱེན་ཐེབས་པ་ཡིན་ལ་རང་སེམས་ཀྱི་གཙོ་ཁྲིད་བྱས་པ་ཞིག་ཀྱང་ཡིན། ག་ས་གང་དུ་ཡོད་ལ་དེང་རབས་ཀྱི་འདུ་ཤེས་ལྡན་ལ། ཡང་སློབ་ཆེན་པའི་རྙོག་འཛིངས་ཀྱི་སེམས་འགྱུ་ཡང་མཚོན་ཐུབ། དེ་སེམས་ཀྱི་བཞུར་སྒྲ་ཡིན་ལ་གསར་གཏོད་ཀྱི་ཤུགས་ཀྱང་ཡིན། དུས་རབས་ཀྱི་རིག་གནས་གསར་བའི་རླབས་རྒྱུན་གྱིས་ཤུགས་རྐྱེན་ཡོད་ལ་དགའ་སྐྱོ་ཀྱང་འདྲེས་ཡོད། མི་ཚེ་དང་སྤྱི་ཚོགས། ཕུགས་བསམ་དང་འཚོལ་སྙེག བརྩེ་བ་དང་དུང་པ་ཡོད་ཚད་སློབ་རའི་རིག་གནས་ཁྲོད་ཕྱིར་མངོན་ཐུབ་ལ། གནོད་སེམས་ལ་སེམས་རྒྱ་དང་བྲེལ་སེམས་ལ་བསམ་གཞིགས། ལམ་ཆེན་དུ་འཁྲིད་ལ་བསླུ་བྲིད་ཀྱི་ཕམ་ཁ་ཡང་སྟེར་སྲིད།024f78f0f736afc338a1bdeab319ebc4b645128b_副本.jpg.jpg

སློབ་རའི་རིག་གནས་ནི་དེང་སྐབས་ཀྱི་མཐོ་རིམ་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་གལ་ཆེན་འདོན་གྱི་ཡོད་ལ། སློབ་རའི་རིག་གནས་ནི་གསར་སྒྱུར་དང་ཡང་ཡུན་བརྟན་གྱི་འགུགས་ཤུགས་ཀྱང་ཡོད། དེ་ལས་གཞོན་ནུ་ཚོའི་རྣམ་ཤེས་སད་པར་འཇུག་ཐུབ་ལ། གཞོན་ནུ་ཚོའི་ངར་སེམས་ལ་སྐུལ་མ་གཏོང་བ། གཞོན་ནུ་ཚོའི་མཐོ་རླབས་བསྙེག་པར་འབོད་སྐུལ་དང་། 024f78f0f736afc338a1bdeab319ebc4b645128b.jpg.jpgསྒེར་ཚུགས་ཀྱི་མི་གཞིར་འཚོལ་སྙེག 024f78f0f736afc338a1bdeab319ebc4b645128b.jpg.jpgཀུན་སྤྱོད་ལ་འཚོལ་བསྙེག་ཀྱང་བྱེད་ཐུབ། དེང་རབས་སློབ་རའི་རིག་གནས་འཛུགས་སྐྲུན་དེ་དྲ་རྒྱའི་ཁོར་ཡུག་ཏུ་གྱུར་འདུག་ལ། དྲ་རྒྱའི་ཚོགས་པ་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ་སློབ་རའི་རིག་གཞན་དྲིལ་སྒྲོག་ས་ཚུགས་ཀྱིས་མཉེན་ཆས་དེས་སློབ་རའི་རིག་གནས་ཀྱི་དོན་སྙིང་འཕེར་བར་བྱས་ཡོད།

2 བྱེད་ནུས།

སློབ་རའི་རིག་གནས་ཀྱི་བྱེད་ནུས་ནི་ཐད་ཀར་དུ་རེག་ཐུབ་པ་ཞིག་མིན་མོད། འོན་ཀྱང་འཚོ་བ་སློབ་རའི་ནང་དུ་ཡོད་པ་དག་ལ་མཚོན་ན་དུས་གཏན་དང་གནས་གང་དུ་ཡིན་ཀྱང་ཚོར་ཐུབ་པ་ཡིན་ཏེ།

དང་པོ་དགེ་སློབ་དང་བཟོ་བའི་ཚན་རིག་རིག་གཞན་སྤུས་ཚད་དང་བསམ་བློའི་ཀུན་སྤྱོད་སྤུས་ཚད་ཀྱི་མཐོར་འདེགས་ལ་སྐུལ་འདེད་བྱེད་པ་ཡིན། སྤུས་ཚད་ཀྱི་མཐོར་འདེགས་དེ་སློབ་ཁྲིད་རྐྱང་བ་ལས་ཐོན་པ་མིན་ཏེ། སློབ་ཁྲིད་ཕྱི་རོལ་གྱི་བྱ་འགུལ་ལས་ཐོན་པ་ཡིན་ལ། དེ་ལས་དགོས་ངེས་ཀྱི་སྤྱི་ཚོགས་ལག་ལེན་དང་སྤྱི་ཚོགས་བརྟག་དཔྱད། སྤྱི་ཚོགས་སྤྱི་ཕན་གྱི་བྱ་འགུལ་ནི་སྤུས་ཚད་མཐོར་འདེགས་ཀྱི་བརྒྱུད་ལམ་གཙོ་བོ་ཡིན།

གཉིས་པ་ཀུན་སྤྱོད་བསམ་ཚུལ་གྱི་རྣམ་པ་ལེགས་པོ་མཚོན་པ། སློབ་མ་རང་ཉིད་ཀྱི་རྩ་འཛུགས་བྱས་པའི་ཚོགས་པ་སྟེ་དཔེར་ན། ལུས་རྩལ་ནུས་རྩལ་འགྲན་སྡུར། རི་འཛེགས་བྱེད་པ། ཆུ་བརྐྱལ་བ་སོགས་ཀྱིས་ལུས་པོ་སྦྱོང་བརྡར་དང་གཟུགས་གཞིའི་སྲ་བརྟན་གྱི་བཟང་ཆ་ཐོན་ཐུབ་ལ། དེའི་ཁྲོད་ནས་ཐུན་མོང་གི་བསམ་བློ་གསོ་སྐྱོང་དང་མཉམ་འབྲེལ་གྱི་འདུ་ཤེས། འགྱུར་མེད་བློ་བརྟན་གྱི་བློ་སྟོབས་བསྐྱེད་པ། འབད་འབུངས་ཀྱི་སྙིང་སྟོབས་བཅས་ནི་མེད་དུ་མི་རུང་བའི་བྱེད་ཐབས་དང་རྣམ་པ་ཡིན།e1fe9925bc315c606b9062558db1cb1349547706_副本.jpg.jpg

གསུམ་པ་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་དང་ལུས་རྩལ། དམག་སྦྱོངས། གཞུང་ལུགས་དཔྱད་གླེང་། རིག་གཞུང་སྙན་ཞུ་སོགས་བརྒྱུད་དེ་གསོན་ཤུགས་འབར་བ་དང་བརྩོན་སེམས་ལྡན་པའི་རིག་གནས་ཁོར་ཡུག་བསྐྲུན་ཐུབ་པ།

3 དགོངས་དོན།

སློར་རའི་རིག་གནས་འཛུགས་སྐྲུན་གྱི་དགོངས་དོན་ནི། སྤྱོད་ཡོན་གཉིས་ལྡན་གྱི་འཇོན་མི་གསོ་སྐྱོང་ལ་གཟུགས་སྟོབས་ཆ་ཚང་ཡིན་པ་དང་། ལུས་སེམས་བདེ་ཐང་གི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། སློབ་གྲྭ་ནི་འཇོན་མི་གསོ་སྐྱོང་གི་ལྡུམ་ར་ཡིན་ལ། ང་ཚོས་འདི་ནས་སློབ་ཁྲིད་ཀྱི་བྱ་བ་དང་ཚན་རིག་ཞིབ་འཇུག་གི་བྱ་བ། དགེ་སློབ་ཡོངས་ཟབ་ཞུགས་ཀྱི་བྱ་འགུལ་ཡོད་ཚད་ནི་སློབ་མའི་བདེ་ཐང་གིས་འཚར་ལོངས་དང་འཇོན་མི་བཀོལ་སྤྱོད་ཀྱི་ལྟེ་གནས་སུ་གྱུར་དགོས། འདི་ལས་མངོན་པ་ལྟར་ན་སློབ་གྲྭའི་ཡོད་ཚད་ནི་སློབ་མའི་ཆེད་དུ་ཡིན།

4 ལས་འགན།

ཏང་གི་སློབ་གསོའི་ཁ་ཕྱོགས་ལྟར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། གཙོ་བོ་ནི་ཀུན་སྤྱོད་ལེགས་པའི་རྣམ་པ་བཞི་ལྡན་གྱི་སྤྱི་དམངས་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་ལྡན་པ། རིག་གནས་ལྡན་པ། སྒྲིག་ཁྲིམས་ལྡན་པའི་མི་རབས་གསར་བ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།