དམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་དའི་རྗེས་སུ་དམ་འཐོབ་པ་ཡིན། ༢ སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན། ༣ གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན། ༤ དྲི་བ་སྟོན་པ་སོགས་ལ་འཇུག ༥ དམ་པོ་ཡི་བསྡུས་ཚིག
1 ལོ་ཙཱ།

རྒྱ་ཡིག 和,若,或

དབྱིན་ཡིག interrogative particle 2.the or particle

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ①འབྱེད་སྡུད་ཀྱི་སྒྲ་སྟེ། གམ་ལ་ལྟོས། ②དམ་བཅའི་མིང་བསྡུས་པ།③དམ་པའི་མིང་བསྡུས་པ།  ④དམ་པོའི་མིང་བསྡུས་པ།

2.བརྡ་དག་མིང་ཚིག་གསལ་བ་ལས།  (原注缺)1.胜,善,神圣。2.疑问词。【增】缚牢,困紧。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①མིང་མཐའ་དའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་ཕྲད་ཅིག  བདེ་སྐྱིད་དམ།  སྡུག་བསྔལ།   ཡོད་དམ་མེད། ②མིང་མཐའ་དའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག  ལས་འགན་འདི་བཞིན་ཁྱོད་རང་གིས་ལེན་ཕོད་དམ་མི་ཕོད།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ① མིང་མཐའ་དའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་ཕྲད་ཅིག连词。和,若,或。后加字ད字后面所用离合词:བདེ་སྐྱིད་དམ། སྡུག་བསྔལ། 苦和乐,苦乐。ཡོད་དམ་མེད། 有或无。②མིང་མཐའ་དའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག助词。吗,呢,吧。后加字为ད字后面所用疑问词:ལས་འགན་འདི་བཞིན་ཁྱོད་རང་གིས་ལེན་ཕོད་དམ་མི་ཕོད། 你敢不敢负担起这项责任?

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།    ཕྲད་ཚིག  ①འབྱེད་པ་ལ་འཇུག་པ།  དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་དའི་རྗེས་སུ་དམ་འཐོབ་པ་ཡིན།  དཔེར་ན།  རིག་གནས་ཆུང་བ་ལྔ་སྟེ།  སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། ཟློས་གར་རམ།  སྐར་རྩིས་རྣམས་སོ། ། ལྟ་བུའི་སྐབས་ཀྱི་དམ་སྒྲ་ལྟ་བུ།  ②སྡུད་པ་ལ་འཇུག་པ།  བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།  དཔེར་ན།  སྙན་ངག་གམ།  མངོན་བརྗོད་དམ།  སྡེབ་སྦྱོར་རམ།  ཟློས་གར་རམ།  སྐར་རྩིས་རྣམས་ནི་རིག་གནས་ཆུང་བ་ལྔའོ། ། ལྟ་བུའི་སྐབས་ཀྱི་དམ་སྒྲ་ལྟ་བུ། ③གདམ་ངའི་དོན་ལ་འཇུག་པ།  གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།  དཔེར་ན།  བོད་དམ་རྒྱ་གར་གང་རུང་ཞིག་ཏུ་གནས་སྡོད་བྱ་འཆར་ཡོད་ལྟ་བུ།  ④ དྲི་བ་སྟོན་པ་སྟེ།  དཔེར་ན།  ལས་འགན་འདི་ཁྱོད་ཀྱིས་འགན་ལེན་ཕོད་དམ་ལྟ་བུ།  རྒྱན་ཚིག  དམ་པོ་ཡི་བསྡུས་ཚིག་སྟེ།  དཔེར་ན།  རས་ཚགས་དམ།  ཕྲུག་ཚགས་དམ་ལྟ་བུ།  ལྡོག་ཚིག  ལྷོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-16

གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།