མ་ལག་འཕེལ་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ལག་འཕེལ་རིམ།
འཕེལ་རིམ་ནི་རྒྱུད་ཁོངས་ཁྲོད་དུ་ལག་བསྟར་བྱེད་བཞིན་པའི་ཉེར་སྤྱོད་བྱ་རིམ་ཞིག་ཡིན། ཐིག་རིམ་ནི་རྒྱུད་ཁོངས་བགོ་བཤའ་ཡི་སྒྲིག་གཅོད་ཆས་ཀྱི་དུས་ཚོད་ཐོན་ཁུངས་ཀྱི་གཞི་རྩའི་སྡེ་ཚན་ཡིན་པའམ། ཡང་ན། འཕེལ་རིམ་ནང་ཁུལ་གྱི་སྒེར་ཚུགས་ལག་བསྟར་བྱེད་པའི་སྡེ་ཚན་ཞིག་ཡིན། བཀོལ་སྤྱོད་རྒྱུད་ཁོངས་ལ་མཚོན་ན། དེའི་སྡེ་ཚན་བཀོད་གཏོང་ནི་ཐིག་རིམ་ཡིན། འཕེལ་རིམ་གཅིག་གི་ནང་དུ་ཉུང་མཐར་ཡང་ཐིག་རིམ་གཅིག་ཚུད་ཡོད་པ་ཡིན། རྒྱུན་དུ་ཐིག་རིམ་དེ་ལ་ཐིག་རིམ་གཙོ་བོ་ཟེར། འཕེལ་རིམ་ཞིག་ཐིག་རིམ་གཙོ་བོའི་ལག་བསྟར་ནས་འགོ་བརྩམས་ཏེ་ཟུར་སྣོན་ཐིག་རིམ་གཅིག་གམ་མང་པོ་འཛུགས་སྐྲུན་བྱེད་པ་ཡིན་ལ། འདི་ནི་ཐིག་རིམ་མང་པོར་གཞིགས་པའི་ལས་འགན་མང་པོ་ཞེས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
系统进程
ཕྱི་ཡིག་གི་མིང་།
system process
ཁྱབ་ཁོངས།
རྩིས་འཁོར།
1 ཁྱད་ཆོས།

1.འགུལ་རྣམ་རང་བཞིན།

འཕེལ་རིམ་ནི་བྱ་རིམ་གྱི་ཐེངས་ཤིག་གི་ལག་བསྟར་བརྒྱུད་རིམ་ཡིན་ལ། དེ་ལ་གནས་སྐབས་རང་བཞིན་དང་ཚེ་སྲོག་གི་གནས་ཡུན་ལྡན་པ་རེད།

2.ཁེར་ཚུགས་རང་བཞིན།

འཕེལ་རིམ་ནི་རྒྱུད་ཁོངས་ཀྱིས་ཐོན་ཁུངས་བགོ་བཤའ་དང་བཀོད་གཏོང་བྱེད་པའི་ཁེར་ཚུགས་ཀྱི་སྡེ་ཚན་ཞིག་ཡིན།

3.མཉམ་འབྱུང་རང་བཞིན།

འཕེལ་རིམ་མང་པོས་སྒྲིག་གཅོད་ཆས་སྟེང་དུ་བརྗེ་རེས་ལག་བསྟར་བྱེད་ཆོག

4.གྲུབ་ཚུལ་རང་བཞིན།

རྒྱུད་ཁོངས་ཀྱིས་འཕེལ་རིམ་རེ་རེར་འཕེལ་རིམ་ཚོད་འཛིན་དུམ་བུ་ཞིག་འཛུགས་སྐྲུན་བྱེད་པ་ཡིན།

2 འཕེལ་རིམ་ཚོད་འཛིན།

འཕེལ་རིམ་ཚོད་འཛིན་ནི་འཕེལ་རིམ་དོ་དམ་ཁྲོད་ཀྱི་ཆེས་རྩ་བའི་བྱེད་ནུས་ཤིག་ཡིན། དེ་ནི་འཕེལ་རིམ་གསར་པ་ཞིག་གསར་བཟོ་དང་འཕེལ་རིམ་ཆ་ཚང་ཞིག་མཇུག་སྒྲིལ་པར་སྤྱོད་ཅིང་། དེ་ཡིས་དོན་རྐྱེན་ག་གེ་མོའི་རྐྱེན་དབང་གིས་འཁོར་སྐྱོད་མུ་མཐུད་དུ་བྱ་ཐབས་བྲལ་བའི་འཕེལ་རིམ་མམ། ཡང་ན་འཕེལ་རིམ་འཁོར་སྐྱོད་ཁྲོད་ཀྱི་རྣམ་པ་བརྗེ་བ་སོགས་ཀྱང་འགན་དུ་ལེན་ནོ།། གལ་སྲིད་ལག་བསྟར་བྱེད་ཀྱིན་པའི་འཕེལ་རིམ་གང་ཞིག་གིས་དོན་རྐྱེན་ག་གེ་མོ་ཞིག་ལ་ངང་སྒུག་བྱས་ཏེ་མུ་མཐུད་དུ་ལག་བསྟར་བྱ་ཐབས་མེད་པའི་སྐབས་སུ། དེ་ཉིད་ཁེགས་པའི་རྣམ་པར་བརྗེ་དགོས་པ་དང་། གལ་སྲིད་འཕེ་རིམ་གང་དེས་རེ་སྒུག་བྱེད་པའི་དོན་རྐྱེན་མངོན་འགྱུར་བྱུང་ཚེ། འཕེལ་རིམ་གང་ཉིད་ཡང་བསྐྱར་ཚགས་ཚུད་རྣམ་པར་བརྗེ་དགོས་སོ།། འཕེལ་རིམ་ཚོད་འཛིན་ནི་སྤྱིར་བཏང་དུOSཡི་ལྟ་སྙིང་ནང་གི་གཉུག་སྐད་ཀྱིས་མངོན་དུ་ཕྱུང་དགོས་པའོ།།

2_1 འཕེལ་རིམ་གསར་བཟོ།
2_1_1 འཕེལ་རིམ་དཔེ་རིས།

འཕེལ་རིམ་དཔེ་རིས་ནི་འཕེལ་རིམ་གང་ཞིག་གི་ཁྱིམ་རྒྱུད་འབྲེལ་བའི་ཕྱོགས་ཡོད་སྡོང་པོ་ཞིབ་བརྗོད་བྱེད་པར་སྤྱོད་པ་ཡིན། དཔེ་རིས1-1གིས་མཚོན་པ་ལྟར་རོ།། དཔེ་རིས་ནང་གི་མདུད་གནས(སྒོར་དབྱིབས)ཀྱིས་འཕེལ་རིམ་མཚོན་པ་དང་། འཕེལ་རིམDཡིས་འཕེལ་རིམIགསར་བཟོ་བྱས་རྗེས། DནིIཡི་ཕའི་འཕེལ་རིམ(Parent Process)དང་། IནིDཡི་བུའི་འཕེལ་རིམ(Parent Process)ཡིན་ནོ།།

QQ截图20160617155617.jpg.jpg

དཔེ་རིས1-1འཕེལ་རིམ་སྡོང་པོ།

2_1_2 འཕེལ་རིམ་གསར་བཟོའི་དོན་རྐྱེན་གྱི་འབྱུང་རྐྱེན།

ལམ་མང་བྱ་རིམ་ཁོར་ཡུག་ཏུ། འཕེལ་རིམ་ཁོ་ན་ནི་ད་གཟོད་རྒྱུད་ཁོངས་སུ་འཁོར་སྐྱོད་བྱེད་པ་ཡིན། དེ་བས། བྱ་རིམ་འཁོར་སྐྱོད་བྱེད་དུ་འཇུག་དགོས་ན། དེར་འཕེལ་རིམ་ཞིག་གསར་བཟོ་བྱེད་དགོས་པ་ཡིན། འཕེལ་རིམ་ཞིག་གིས་འཕེལ་རིམ་གཞན་ཞིག་གསར་བཟོ་བྱེད་པའི་དཔེར་མཚོན་ལྡན་པའི་དོན་རྐྱེན་ལ་གཤམ་གྱི་རིགས་བཞི་ཡོད་དེ།

(1)སྤྱོད་མཁན་ཐོ་འགོད།

(2)ལས་བྱ་བཀོད་གཏོང་།

(3)ཞབས་ཞུ་མཁོ་སྤྲོད།

(4)ཉེར་སྤྱོད་རེ་ཞུ།

2_1_3 འཕེལ་རིམ་གྱི་གསར་བཟོ།

བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་འཕེལ་རིམ་གསར་བཟོའི་རེ་ཞུ་མཐོང་མ་ཐག འཕེལ་རིམ་གསར་བཟོའི་གཉག་སྐདGreat()འདོན་སྤྱོད་བྱས་ཏེ་གཤམ་གྱི་གོ་རིམ་ལྟར་འཕེལ་རིམ་གསར་བཟོ་བྱེད་པ་ཡིན།

(1)PBCསྟོང་བ་ཞིག་རེ་ཞུ་བྱེད་པ།

(2)འཕེལ་རིམ་གསར་པར་ཐོན་ཁུངས་བགོ་བཤའ་བྱེད་པ།

(3)འགོ་སྒྲིག་འཕེལ་རིམ་ཚོད་འཛིན་སྡེ།

2_1_4 འཕེལ་རིམ་གྱི་མཇུག་སྒྲིལ་བ།

1.འཕེལ་རིམ་མཇུག་སྒྲིལ་གྱི་དོན་རྐྱེན་འབྱུང་རྐྱེན།

(1)ལུགས་འབྱུང་མཇུག་སྒྲིལ།  

(2)ལུགས་ལྡོག་མཇུག་སྒྲིལ།

2.འཕེལ་རིམ་མཇུག་སྒྲིལ་བའི་བརྒྱུད་རིམ།

གལ་ཏེ་རྒྱུད་ཁོངས་སུ་གོང་གི་རེ་བ་ལྟར་འཕེལ་རིམ་མཇུག་སྒྲིལ་བའི་དོན་རྐྱེན་བྱུང་ཚེ། OSཡིས་འཕེལ་རིམ་མཇུག་སྒྲིལ་བྱེད་ཀྱི་གཉུག་སྐད་འདོན་སྤྱོད་བྱེད་པ་ཡིན། གཤམ་གྱི་གོ་རིམ་ལྟར་ངེས་གཏན་བྱས་པའི་འཕེལ་རིམ་མཇུག་སྒྲིལ་བ་ལ།

(1)མཇུག་སྒྲིལ་བའི་འཕེལ་རིམ་གྱི་ངོ་རྟགས་ལ་གཞིགས་ནས། PBCཚོགས་སྤྱིའི་ནང་དུ་འཕེལ་རིམ་དེ་ཉིད་ཀྱིPBCའཚོལ་ལེན་བྱེད་པ་དང་། དེ་ནས་འཕེལ་རིམ་གང་དེའི་རྣམ་པ་ཀློག་པ།

(2)མཇུག་སྒྲིལ་བའི་འཕེལ་རིམ་དེ་ལག་བསྟར་རྣམ་པར་གནས་དུས། འཕྲལ་མར་འཕེལ་རིམ་གང་དེ་མཇུག་སྒྲིལ་དགོས་ཤིང་། བཀོལ་གཏོང་མཚོན་རྟགས་དེ་དངོས་ལ་སྒྲིག་འགོད་བྱས་ཏེ། འཕེལ་རིམ་གང་དེ་མཇུག་སྒྲིལ་རྗེས་ཡང་བསྐྱར་བཀོད་གཏོང་བྱེད་པའོ།།

(3)གལ་ཏེ་འཕེལ་རིམ་གང་དེར་བུ་ཚའི་འཕེལ་རིམ་ཡོད་ཚེ། དེ་དག་ནི་ཚོད་འཛིན་བྱེད་མི་ཐུབ་པའི་འཕེལ་རིམ་དུ་འགྱུར་བར་སྔོན་འགོག་བྱེད་ཆེད། བུ་ཚའི་འཕེལ་རིམ་ཡོད་ཚད་མཇུག་སྒྲིལ་དགོས།

(4)འཕེལ་རིམ་ལ་དབང་བའི་ཐོན་ཁུངས་ཡོད་ཚད་མཇུག་སྒྲིལ་ན། ཐོན་ཁུངས་དེ་དག་འཕེལ་རིམ་གང་དེའི་ཕའི་འཕེལ་རིམ་ལ་སྤྲོད་པའམ། ཡང་ན་རྒྱུད་ཁོངས་ལ་སྤྲོད་དགོས།

(5)མཇུག་སྒྲིལ་བའི་འཕེལ་རིམ་དེ་གནས་སའི་རུ་སྟར་ལས་སྤོ་དགོས་ན། བྱ་རིམ་གཞན་དག་གིས་ཆ་འཕྲིན་བསྡུ་སྒྲིག་བྱེད་པར་ངང་སྒུག་བྱེད་དགོས།

3 འཕེལ་རིམ་མཉམ་བགྲོད།

OSརུ་འཕེལ་རིམ་འདྲེན་འཇུག་བྱས་རྗེས། ཐོན་ཁུངས་ཀྱི་སྤྱོད་ཕྱོད་དང་འདོན་འཇུག་ཚད་མཐོར་འདེགས་བྱུང་ན་ཡང་། འཕེལ་རིམ་གྱི་གོམ་འགལ་རང་བཞིན་གྱིས་རྒྱུད་ཁོངས་ལ་གཉོག་དྲ་བཟོས་ཡོད། ལྷག་པར་དུ་དེ་ཚོས་སྐབས་སྦྲེལ་ཐོན་ཁུངས་འཕྲོག་སྤྱོད་བྱེད་དུས་ཚབས་ཧ་ཅང་ཆེ་བ་ཡིན། དཔེར་ན། འཕེལ་རིམ་དུ་མས་པར་འཁོར་ཞིག་འཕྲོག་སྤྱོད་བྱེད་དུས། འཕེལ་རིམ་དུ་མས་ཕྱིར་འདོན་བྱས་པའི་འབྲས་བུ་ཆབས་ཅིག་ཏུ་བསྲེས་ངེས་པར་དབྱེ་བ་འབྱེད་དཀའ་བའོ།། འཕེལ་རིམ་དུ་མས་མཉམ་སྤྱོད་འགྱུར་ཚད་དང་། རེའུ་མིག སྦྲེལ་མཐུད་རེའུ་མིག་སོགས་འཕྲོག་སྤྱོད་བྱེད་དུས་གཞི་གྲངས་སྒྲིག་གཅོད་ལ་ནོར་འཁྲུལ་འབྱུང་སྲིད་དོ།། འཕེལ་རིམ་གོམ་འགལ་གྱི་ལས་འགན་གཙོ་བོ་ནི་འཕེལ་རིམ་དུ་མས་ལག་ཏུ་བསྟར་པའི་གོ་རིམ་ལ་མཐུན་སྦྱོར་བྱེད་པ་དང་། མཉམ་བསྟར་བྱེད་པའི་འཕེལ་རིམ་བར་ཐོན་ཁུངས་མཉམ་སྤྱོད་དང་ཕན་ཚུན་མཉམ་འབྲེལ་ལེགས་པོ་དབྱུང་དུ་བཅུག་ཏེ། བྱ་རིམ་གྱི་ལག་བསྟར་ལ་བསྐྱར་མཚོན་རུང་བའི་རང་བཞིན་ལྡན་པར་བྱེད་པ་དེའོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-17

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།