སྐལ་མོ་ཆེ་གོང་མ།
སྐལ་མོ་ཆེ་གོང་མ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ8ཀྱིས་ཆོད་པའི་འབའ་ཆུའི་བྱང་འགྲམ་དུ་ཆགས་ཡོད། འབྲེལ་ཡོད་ལོ་རྒྱུས་ལྟར་ན། སྐལ་མོ་ཆེའི་མིང་གི་ཐོགས་ཚུལ་ནི། སྡེ་བ་འདིའི་ས་འཛིན་པའི་ཐོག་མ་སྟེ། ཁ་སྒང་ཚེ་བརྟན་རྒྱལ་ཟེར་བའི་ཁྱིམ་ཚང་ཞིག་འབའ་གོང་ཞོལ་གྱི་ཕྱོགས་སུ་གཞིས་ཆགས་སྐབས། ནད་ཡམས་བྱུང་བའི་ཁར་སྡེ་མིའང་ཕན་ཚུན་མ་མཐུན་པས། ཁོས་ལྷ་ལྕམ་དགོན་པའི་བླ་མ་ཤར་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཚང་ལ་ལུང་བསྟན་ཞུས་པར། ཁོང་གིས་ད་ལྟའི་སྐལ་མོ་ཆེ་སྡེ་བ་ཆགས་སའི་གནས་འདིར་སྤོས་ན་ཚེ་བསོད་ལོངས་སྤྱོད་ཀྱི་སྐལ་བ་ཆེན་པོ་འདུག་ཅེས་གསུངས་པར་བརྟེན་ནས། གནས་འདིར་གཞིས་ཆགས་པས། སྡེ་བ་འདིའི་མིང་ལའང་སྐལ་མོ་ཆེ་རུ་ཐོགས་ཤིང་། སྡེ་བ་འདི་ལ་གོང་ཞོལ་གཉིས་ཡོད་པ་ལས་འདི་ནི་གོང་མ་ཡིན་པས་མིང་ཡང་དེ་ལྟར་དུ་ཐོགས། སྡེ་བ་འདིས་འབའ་ཡི་མཐོན་པོ་བཅུ་གསུམ་གྱི་གྲས་ཏེ་དགེ་བསྙེན་རི་བོ་ཆེ་དང་བདེ་གནས་གཉིས་མཆོད་ཀྱིན་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-06-21
གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།