བསླབ་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསླབ་ཚན།
སློབ་གྲྭའི་སློབ་མས་སློབ་སྦྱོང་བྱེད་པའི་རིག་ཚན་སྤྱི་དང་དེའི་འཕེལ་རིམ་དང་བཀོད་སྒྲིག་ལ་ཟེར། སྒྲ་ཡངས་འཇུག་གི་བསླབ་ཚན་ནི་སློབ་གྲྭས་གསོ་སྐྱོང་གི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད་འདེམས་པའི་སློབ་གསོའི་ནང་དོན་དང་དེའི་འཕེལ་རིམ་གྱི་སྤྱི་མིང་ཡིན་ལ། དེར་སློབ་གྲྭའི་དགེ་རྒན་གྱིས་འཁྲིད་དགོས་པའི་རིག་ཚན་སོ་སོ་དང་། དམིགས་ཡུལ་དང་འཆར་གཞི་ཡོད་པའི་སློབ་གསོའི་བྱ་འགུལ་ལ་ཟེར། སྒྲ་དོག་འཇུག་གི་བསླབ་ཚན་ནི་རིག་ཚན་སྣ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
课程
འགྲེལ་བ།
སློབ་མས་སྦྱོང་དགོས་པའི་རིག་ཚན་སྤྱིའི་མིང་།
བྱུང་དུས།
ཐང་སུང་རྒྱལ་རབས་སྐབས་སུ་བྱུང་།
1 ​ཁྱད་ཆོས།

1 བསླབ་ཚན་མ་ལག་ནི་ཚན་རིག་གཏན་ཚིགས་རྩ་འཛུགས་ཀྱིས་གྲུབ་པ་ཡིན།

2 བསླབ་ཚན་ནི་སྤྱི་ཚོགས་ཀྱི་འདེམས་གསེས་དང་སྤྱི་ཚོགས་འདུ་ཤེས་ཀྱི་མངོན་ཐབས་ཡིན།

3 བསླབ་ཚན་ནི་གཏན་འཁེལ་དང་སྔོན་དཔག གཏན་འཇགས་ཡིན།

4 བསླབ་ཚན་ནི་སློབ་མཁན་གྱི་ཕྱི་ན་ཡོད་ལ་ཁ་ལོ་སྒྱུར་མཁན་ཡང་ཡིན།

2 ཀྲུང་གོའི་བྱུང་འཕེལ།

བསླབ་ཚན་ནི་རང་རྒྱལ་གྱི་ཐང་སུང་རྒྱལ་རབས་སྐབས་སུ་བྱུང་བ་ཡིན་ལ། ཐང་རྒྱལ་རབས་ཀྱི་ཁུང་དབྱི་ཏ་ཡིས་བརྩམས་ཆོས་ནང་བཏོན་ཡོད་མོད། ད་ལྟའི་བསླབ་ཚན་གྱི་ནང་དོན་དང་ཅུང་རྒྱང་ཐག་རིང་བ་ཡིན། དེ་རྗེས་སུང་རྒྱལ་རབས་ཀྱི་ཀྲུའུ་ཞི་ཡིས་བརྩམས་ཆོས་ནང་དུའང་ཐེངས་གང་མང་བཏོན་ཡོད་ལ། ཁོའི་བཏོན་པའི་བསླབ་ཚན་ལ་མཚམས་གསལ་བོ་མེད་ཀྱང་། ནང་དོན་ཧ་ཅང་གསལ་བོ་ཡིན་ལ་སློབ་ཚན་དང་དེའི་འཕེལ་རིམ་ལ་བསྟན་པ་རེད། སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་རིམ་པ་དང་གཏན་འཁེལ་ཁོ་ནར་གོ་བ་ལས་སློབ་ཁྲིད་ཐད་དུ་རེ་བ་བཏོན་མེད། དེའི་སྟབས་སློབ་རིམ་ཞེས་ན་ཧ་ཅང་འཚམ་པར་སྙམ། ཉེ་རབས་སུ་ཐོན་པ་ནས་འཛིན་གྲྭའི་སློབ་ཁྲིད་ཀྱི་རྣམ་པ་ལག་བསྟན་བྱས་པ་ལས། ཧོ་ཨེར་པ་ཐེ་གྲུབ་མཐའི་སློབ་ཁྲིད་བྱེད་ཐབས་རིམ་པ་ལྔ་ནང་འདྲེན་བྱས་ཏེ། མི་རྣམས་ཀྱིས་སློབ་ཁྲིད་ཀྱི་གོ་རིམ་དང་འཆར་འགོད་ལ་དོ་སྣང་བྱས་པ་ལས་སློབ་ཚན་གྱི་ནང་དོན་དེ་འཁྲིད་པའི་གོ་རིམ་དུ་གྱུར་ལ། བཅིངས་འགྲོལ་བྱས་རྗེས། ཁའེ་ལུའོ་ཧྥུ་སློབ་གསོའི་ཤུགས་རྐྱེན་ཁྲོད་ལོ་རབས80དུས་དཀྱིལ་གྱི་སྔོན་ལ་བསླབ་ཚན་ཞེས་པའི་མིང་འདི་ཧ་ཅང་ཉུང་།

3 ནུབ་ཕྱོགས་ཀྱི་བྱུང་འཕེལ།

ནུབ་ཕྱོགས་ཀྱི་དབྱིན་ཡིག་གི་ནང་དུ། བསླབ་ཚན(Curriculum)ནི་ཆེས་ཐོག་མར་དབྱིན་ཇི་སློབ་གསོ་བ་སི་པིན་སའེ(H.Spencer)ཡིས1859ལོར་བརྩམས་པའི《ཤེས་བྱ་གང་ལ་རིན་ཐང་ཆེ》ཞེས་པའི་ནང་བྱུང་བ་ཡིན་ལ། དེ་ཡང་ལཱ་ཏིང་གི་སྐད“Currere”ལས་བྱུང་བ་ཡིན། དེའི་ནང་དོན་ནི་རྒྱུག་ལམ(Race-course)ཞེས་པའི་དོན་ཡིན་ཏེ། འདིར་གཞིར་བཟུང་ན་སློབ་སྦྱོང་གི་འཕེལ་རིམ་ལ་གོ་བ་ཡིན་ལ། བསྡུས་ན་སློབ་རིམ་ཡིན། འདིའི་འགྲེལ་བཤད་ནི་ཧ་ཅང་ཡོངས་ཁྱབ་ཆེ་སྟེ། དབྱིན་ཇིའི་ཉིའུ་ཅིན་ཚིག་མཛོད། ཨ་རི་ཝེ་པོ་ཚིག་མཛོད། རྒྱལ་སྤྱིའི་སློབ་གསོའི་ཚིག་མཛོད(International Dictionary of Education)སོགས་ཀྱི་ནང་དུའང་འདི་ལྟར་འགྲེལ་བྱས་འདུག་མོད། ད་ལྟའི་བསླབ་ཚན་དཀར་ཆག་ཁྲོད་དུ་དོགས་སློང་མང་བོ་བྱེད་བཞིན་འདུག་སྟེ། “Currere”ཞེས་པའི་མིང་ཚིག་གི་རྣམ་པར་རྒྱུག་ལམ་གྱི་དོན་ཡིན་ལ། དེ་ལས་བསླབ་ཚན་ཡང་སློབ་མ་མི་འདྲ་བར་ལམ་མི་འདྲ་བ་རེ་འཆར་འགོད་བྱས་པ་དང་འདྲ་བར་སྲོལ་རྒྱུན་གྱི་བསླབ་ཚན་མ་ལག་གྲུབ་པ་ཡིན། ཡང“Currere”འདི་བྱ་ཚིག་ཡིན་པའི་སྐབས་སུ་རྒྱུག་བཞིན་པའི་དོན་ཡིན་ལ། འདི་ལྟར་བལྟས་ན་སྒེར་གྱི་ངོས་འཛིན་གྱི་ཁྱད་འཕགས་རང་བཞིན་དང་ཉམས་མྱོང་གི་བདག་ཉིད་སྒྲིག་འཛུགས་སྟེང་དུ་ཡོད་སྟབས། ཡང་རྣམ་པ་གཞན་གང་དང་ཡང་མི་འདྲ་བའི་བསླབ་ཚན་གཞུང་ལུགས་དང་ལག་ལེན་ཐོབ་ཐུབ།

4 དོན་སྤྱི།

བསླབ་ཚན་དང་བསླབ་དེབ། བསླབ་ཚན་གྱི་ནང་དོན་ནི་སྲོལ་རྒྱུན་གྱི་ངོས་ཐད་ནས་སློབ་མའི་སྦྱོང་བའི་ཐད་ནས་འཇོག་ལ། གཙོ་བོ་སློབ་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་གནད་ཀྱི་སྟེང་ནས་འཇོག་ལ། ཤེས་བྱ་བརྒྱུད་སྤྲོད་བྱེད་པར་བསླབ་དེབ་གཞི་འཛིན་དགོས་པ་ཡིན། དེའི་རྐྱེན། བསླབ་ཚན་གྱི་ནང་དོན་ནི་རང་བཞིན་གྱིས་སློབ་ཁྲིད་སྐབས་སུ་སྤྱོད་པའི་བསླབ་དེབ་ལ་གོ་བ་ཡིན། འདི་ནི་རིག་ཚན་ལྟེ་བ་ཡིན་པའི་སློབ་གསོའི་དམིགས་ཡུལ་གྱི་ལྟ་བའི་འདོད་ཚུལ་ཡིན། བསླབ་དེབ་ནི་ཤེས་བྱའི་མ་ལག་གི་རྨང་ཡིན་ལ། བསླབ་ཚན་གྱི་ནང་དོན་ནི་སློབ་མའི་སློབ་པའི་ཤེས་བྱ་ཡིན། ཤེས་བྱ་འདི་དག་ནི་བསླབ་དེབ་ལ་བརྟེན་ནས་ཡོད་པར་འདོད་པ་ནི་ཁྭ་མེ་ཉིའུ་སི་མཚོན་བྱེད་ཡིན་པའི་འདོད་ཚུལ་ཡིན།

5 ཤེས་རྟོགས་དང་མངོན་སུམ་བསླབ་ཚན་གྱི་རིགས།

ཀུའུ་ཏུ་ལའེ་ཏུ(Goodlad,1979)དང་ཁའེ་པོ(Kuiper,1993)གཉིས་ཀྱིས་ཤེས་རྟོགས་དང་མངོན་སུམ་བསླབ་ཚན་བར་གྱི་མི་འདྲ་བའི་རྣམ་པ་གསལ་བོར་བཤད་ཡོད་དེ།

1 ཕུགས་བསམ་གྱི་བསླབ་ཚན(Ideal curriculum)ཚན་རིག་པས་འདོད་ཚུལ་ལྟར་ན་རིན་ཐང་ཡོད་པ་དང་བཀོལ་སྤྱོད་ཀྱི་ནུས་པ་ཡོད་པའི་བསླབ་ཚན་ལ་འདོད་ཅིང་། འདི་ལྟ་བུའི་ཚན་རིག་པ་ནི་བྱ་བ་དང་ཁྱབ་ཁོངས་ཀྱི་མདུན་གྲས་སུ་ཡོད་ལ། ཁོ་ཚོས་འབྲིང་རིམ་སློབ་གསོ་དང་མཐོ་རིམ་སློབ་གསོའི་སློབ་མས་ཇི་ལྟར་ཤེས་བྱ་གསར་བ་དང་ལེན་དང་ཐོབ་པར་བསམ་གཞིགས་བྱེད་ཀྱིན་ཡོད།

2 ཡིག་ཐོག་གི་བསླབ་ཚན(written curriculum)སློབ་སྦྱོང་གི་དམིགས་འབེན་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ནང་དོན། ཚད་འཇལ་རེ་བ་དང་ངེས་པར་ཐོན་དགོས་པའི་གྲུབ་འབྲས་ཚད་གཞིའི་ཡིག་ཚགས་ཀྱི་འགྲེལ་བ་གསལ་བོ་ཡོད་ལ། ཡིག་ཐོག་བསླབ་ཚན་གསལ་བཤད་ཀྱི་ཚད་གཞི་ལས་ཕྱོགས་ཡོངས་ནས་ཞིབ་བརྗོད་བྱེད་པ་ལ་ཟེར་ཏེ། དཔེར་ན། རྒྱལ་ཁབ་སྲིད་གཞུང་གི་གཞུང་ཡིག་ནས་བསླབ་དེབ་དང་སྦྱོང་དེབ་སོ་སོ་མི་འདྲ་བ་ལྟ་བུ།

3 འགྲེལ་བཤད་ཀྱི་བསླབ་ཚན(interpreted curriculum)དགེ་རྒན་གྱིས་ཡིག་ཐོག་གི་བསླབ་ཚན་ཡིག་ཚགས་ཀྱི་འགྲེལ་བ་བཤད་པ་ལ་ཟེར།

4 ལག་བསྟར་ཀྱི་བསླབ་ཚན(executed curriculum)དགེ་རྒན་གྱིས་ནང་དོན་སྒྲིག་འཛུགས་དང་བརྡ་འཕྲིན་མཁོ་སྤྲོད། སློབ་མའི་ཞིབ་བརྗོད་ལས་ཐག་གཅོད་དགོས་པའི་གནད་དོན་གྱི་རྣམ་པས་གྲུབ་པ་ཡིན།

5 དཔྱད་འཇོག་གི་བསླབ་ཚན(evaluated curriculum)རྒྱུགས་ལེན་དང་ཚད་འཇལ། རྣམ་འགྱུར་སོགས་ལས་བརྟག་དཔྱད་བྱས་ཏེ་ཐོབ་པའི་སློབ་མའི་གྲུབ་འབྲས་མངོན་པ་ལ་ཟེར།

6 བྱེད་ནུས།

1 སློབ་གསོའི་སློབ་ཁྲིད་བྱ་འགུལ་གྱི་རྩ་བའི་གཞི་འཛིན་ས་ཡིན།

2 སློབ་གྲྭའི་སློབ་གསོའི་དམིགས་འབེན་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན།

3 སློབ་གྲྭའི་སློབ་གསོའི་བྱ་འགུལ་ཡོད་ཚད་ཀྱི་མཚམས་སྦྱོར་བྱེད་ཡིན།

4 སློབ་གྲྭའི་དོ་དམ་དང་དཔྱད་འཇོག་གི་ཚད་གཞི་མཁོ་སྤྲོད་བྱེད་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།