སྐད་ཡིག་རིག་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་ཡིག་རིག་ཚན།
སྐད་ཡིག་རིག་ཚན་ལ་མི་ཆོས་སྤྱི་ཚོགས་ཚན་རིག་ཀྱང་ཟེར། སྒྲ་ཡངས་འཇུག་གི་ངོས་ཐད་ནས་མིའི་རིགས་སྤྱི་ཚོགས་ཀྱི་སྒེར་ཚུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཞིབ་འཇུག་བྱ་ཡུལ་གྱི་རིག་ཚན་ལ་གོ། སྒྲ་དོག་འཇུག་གི་ངོས་ཐད་ནས་མཐོ་འབྲིང་སྐབས་སུ་སྐད་ཡིག་རིག་ཚན་དང་དངོས་ལུགས་རིག་ཚན་གདམས་པའི་བསླབ་ཚན་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文科
ཕྱི་ཡིག་གི་མིང་།
liberal arts
རིག་ཚན་གཙོ་བོ།
རྩོམ་རིག་དང་ཕྱི་ཡིག ལོ་རྒྱུས། ཆབ་སྲིད། ས་རྒྱུས།
ཁ་གཏད་རིག་ཚན།
དངོས་ལུགས་རྩིས་ཚན།
མིང་གཞན།
མི་ཆོས་སྤྱི་ཚོགས་ཚན་རིག རིག་ཚན།
ཞིབ་འཇུག་བྱ་ཡུལ།
སྲིད་འབྱོར་རིག་གསུམ།
1 ཁོངས་གཏོགས་རིག་ཚན།

1 རྩོམ་རིག སྒྲ་དོག་འཇུག་གི་སྐད་ཡིག་ཡིན་ལ། མི་ཆོས་སྤྱི་ཚོགས་ཚན་རིག་གི་རིག་ཚན་གཅིག་ཡིན་ལ། མི་རྣམས་ཀྱིས་ཕན་ཚུན་བར་བསམ་བློ་བརྗེ་རེས་ཀྱི་ཡི་གེ་དང་སྐད་ཀྱི་ལག་ཆ་ལ་ཟེར། དེ་ནི་སྐད་ཡིག་གི་ཚད་ལྡན་བཀོལ་སྤྱོད་ཀྱི་ལག་ཆ་ཡིན་ལ། རིག་གནས་སྒྱུ་རྩལ་ཡང་ཡིན། དེ་དང་མཉམ་དུ་བསམ་བློའི་རིག་གནས་གསོག་འཇོག་དང་གསར་འབྱེད་བྱེད་པའི་རིག་ཚན་ཅིག་ཡིན།

སྐད་ཡིག་ནི་ཞིབ་བརྗོད་དང་ཟིན་ཐོ། ངག་ཐོག་གམ་ཡིག་ཐོག་གི་བརྡ་འཕྲིན་དག་ཡིག་ཐོག་ངག་ཐོག་གི་རྣམ་པར་ཡོད་པའི་རྣམ་པ་ཡིན། སྐད་ཡིག་ནི་དོན་དངོས་ཞིབ་བརྗོད་དང་བསམ་གཞིགས་འདྲེན་པ། བསམ་བློ་ཞིབ་བརྗོད། འདུ་ཤེས་མངོན་པ། བརྩེ་བ་འདོན་པ། བྱ་དངོས་བཅོས་སྒྱུར་དང་བསམ་བློའི་གནས་ཚུལ་གཏན་ཐག་གཅོད་པའི་འདུ་ཤེས་ཡོད་པའི་ནང་དོན་ལ་གོ།

སྐད་ཡིག་ནི་ངག་ཐོག་དང་ཡིག་ཐོག་གི་བསྡུས་མིང་ཡིན།

2 ཕྱི་ཡིག དབྱིན་ཡིག(English)ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་སྐད་ཆ་རིགས་གཅིག་ཡིན་ལ། དོན་དངོས་ཐོག་རྒྱལ་སྤྱིའི་བརྗེ་རེས་ཀྱི་སྐད་ཡིག་ཡིན། དབྱིན་ཡིག་ནི་དབྱིན་ཨོ་སྐད་ཁོངས་ཀྱི་རི་འེར་མན་སྐད་རིགས་ལས་ནུབ་རི་འེར་མན་སྐད་ཚན་རིགས་ཡན་ལག་ཡིན་ལ། དེ་དབྱིན་ཇིའི་མི་སེར་སྤེལ་ཡུལ་བྱ་འགུལ་འཛམ་གླིང་གི་ས་ཆ་སོ་སོར་སྤེལ་བ་ལས་ཁྱབ་བརྡལ་དུ་སོང་བ་ཡིན། ལོ་རྒྱུས་ཐོག་མི་རིགས་མང་བོའི་སྐད་ཡིག་ཕན་ཚུན་འཕྲད་པ་ལས། མིང་ཚིག་ཀྱང་སྣ་རྐྱང་ནས་སྣ་མང་དུ་གྱུར་ལ། བརྡ་སྤྲོད་ཀྱང་རྙོག་འཛིང་ནས་སྟབས་བདེ་རུ་གྱུར་བ་དང་། སྐད་ཆའང་ཆོས་ཉིད་རང་བཞིན་ཅན་གྱི་འགྱུར་བ་བྱུང་། དབྱིན་ཇི་ཕ་སྐད་རང་བཞིན་གྱིས་བཀོལ་སྤྱོད་བྱེད་པའི་མི་གྲངས་ལྟར་རྩིས་ན། དབྱིན་ཡིག་འཛམ་གླིང་གི་སྐད་རིགས་ཆེ་བ་ཨང་གསུམ་པ་ཡིན་མོད། ཆེས་རྒྱུན་སྤྱོད་ཀྱི་སྐད་རིགས་ལས་ཨང་གཉིས་པ་ཡིན། འཛམ་གླིང་སྟེང་གི་ཡིག་འཕྲིན60%ནི་དབྱིན་ཡིག་གི་བྲིས་པ་ཡིན་ལ། འདས་ཟིན་པའི་དུས་རབས་གཉིས་ཀྱི་རིང་ལ་དབྱིན་ཇི་དང་ཨ་རིའི་རིག་གནས་དང་དཔལ་འབྱོར། དམག་དོན། ཆབ་སྲིད། ཚན་རིག་གི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་བརྟེན་ནས་དབྱིན་ཡིག་ནི་འཛམ་གླིང་གི་སྐད་ཆར་གྱུར་བ་རེད།

3 ཆབ་སྲིད་རིག་པ(politics)ནི་ཆབ་སྲིད་སྤྱོད་ཚུལ་དང་ཆབ་སྲིད་སྒྲིག་གཞི་སོགས་ཆབ་སྲིད་དང་གཙོ་བོར་འབྲེལ་བ་ཡོད་པར་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་ཚན་རིག་གི་རིག་ཚན་ཞིག་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཏུ་ཆབ་སྲིད་རིག་པའི་རིག་གཞུང་ཁྱབ་ཁོངས་ཞིབ་འཇུག་ལ་ཆབ་སྲིད་ཞིབ་འཇུག་གམ་ཆབ་སྲིད་ཟེར་བ་ཡིན། ཆབ་སྲིད་རིག་པ་ཞེས་པས་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་སུ་འདུས་པ་ཡིན་ལ། ཆབ་སྲིད་ཞིབ་འཇུག་ཞེས་པས་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེ་བ་མཚོན་ཐུབ། སྒྲ་དོག་འཇུག་གི་ཆབ་སྲིད་ནི་མཐོ་འབྲིང་དང་དམའ་འབྲིང་གི་སྐབས་སུ་འཁྲིད་དགོས་པའི་བསམ་བློའི་ཆབ་སྲིད་གཞུང་ལུགས་ཀྱི་བསླབ་ཚན་ལ་གོ་བ་ཡིན།

4 ལོ་རྒྱུས(history)ནི་མིའི་རིགས་སྤྱི་ཚོགས་ཀྱི་འདས་ཟིན་པའི་བྱ་བ་དང་འགུལ་སྐྱོད་སོགས་ཀྱི་དོན་དག་ལ་མ་ལག་རང་བཞིན་གྱི་ཟིན་ཐོ་དང་འགྲེལ་བ། ཞིབ་འཇུག་བྱེད་པར་གོ་བ་ཡིན། ལོ་རྒྱུས་ལས་འདས་ཟིན་ལ་རྒྱུས་ལོན་དང་མ་འོངས་པར་ཟུར་བལྟ་བྱོས་ཆོག་ལ། དེ་ནི་མཚན་ཉིད་རིག་པ་དང་སྒྱུ་རྩལ་སོགས་མིའི་རིགས་ཀྱི་བསམ་བློའི་ཤེས་རིག་གི་གྲུབ་འབྲས་ཡིན། ནང་དོན་གཞན་ཞིག་ནི། འདས་ཟིན་པའི་དོན་དག་ཟིན་ཐོར་འགོད་པ་དང་ཞིབ་འཇུག་བྱེད་པ་སྟེ་ཡང་ལོ་རྒྱུས་རིག་པ་ཟེར་ལ།

ལོ་རྒྱུས་རིག་པའམ་དེ་དང་འབྲེལ་ཡོད་ཀྱི་རིག་ཚན་མི་ཆོས་རིག་པ། ལོ་རབས་རིག་པ་དང་རྩོམ་སྒྲིག་རིག་པ། ཁྱིམ་རབས་རིག་པ། གནའ་རབས་ཡི་གེ་རིག་པ། ཚད་ལེན་ལོ་རྒྱུས་རིག་པ། གནའ་དཔྱོད་རིག་པ། སྤྱི་ཚོགས་རིག་པ། གསར་འགྱུར་རིག་པ་སོགས་ཀྱི་ཁོངས་གཏོགས་ཡིན། ལོ་རྒྱུས་ཟིན་ཐོ་འགོད་པ་དང་ཞིབ་འཇུག་བྱེད་པའི་མི་ལ་ལོ་རྒྱུས་རིག་པ་བ་ཟེར་ལ། ལོ་རྒྱུས་ཟིན་ཐོར་བཀོད་ཡོད་པའི་དཔེ་ཆ་ལ་ལོ་རྒྱུས་ཀྱི་དཔེ་ཆ་ཟེར། དེ་ལ་ཡང་གཞུང་བྲིས་དང་དམངས་བྲིས་གཉིས་ཡོད།

5 ས་རྒྱུས་རིག་པ(geography)ནི་སའི་གོ་ལ་དང་དེའི་ཁྱད་ཆོས། སྡོད་དམངས་དང་དེའི་སྣང་ཚུལ་གྱི་རིག་པ་ཞིག་ཡིན། དེ་ནི་སའི་གོ་ལའི་ཕྱི་ངོས་རིམ་པར་བར་གྱི་འབྲེལ་བའི་ནུས་པ་དང་དེའི་བར་སྟོང་གི་ཁྱད་དང་འགྱུར་ལྡོག་གི་གོ་རིམ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་མ་ལག་ཅིག་ཡིན། གཙོ་བོ་རང་བྱུང་ས་རྒྱུས་རིག་པ་དང་མི་ཚུལ་ས་རྒྱུས་རིག་པ་གཉིས་ཡོད།

2 རིགས།

སྐད་ཡིག་རིག་ཚན་ལ་མི་ཚུལ་སྤྱི་ཚོགས་ཚན་རིག་ཀྱང་ཟེར། མིའི་རིགས་ཀྱི་སྤྱི་ཚོགས་སུ་མ་གཏོགས་མེད་པའི་སྲིད་འབྱོར་རིག་གནས་སོགས་ཞིབ་འཇུག་བྱ་ཡུལ་བྱེད་པའི་རིག་ཚན་ཞིག་ཡིན།

སྐད་ཡིག་རིག་ཚན་ལ་མི་ཚུལ་ཚན་རིག(humane studies)དང་སྤྱི་ཚོགས་ཚན་རིག་གཉིས་ཡོད།

མི་ཚུལ་ཚན་རིག་ནི་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་བྱེད་པ་སྟེ། དེའི་རིག་ཚན་ལ་རྩོམ་རིག་དང་ལོ་རྒྱུས་རིག་པ། མཚན་ཉིད་རིག་པ། སྒྱུ་རྩལ། མི་ཚུལ་ས་རྒྱུས་རིག་པ་བཅས་ཡོད། ལོ་རྒྱུས་ལ་ལོ་རྒྱུས་དང་གནའ་དཔྱོད་སོགས་འདུས་ལ། མཚན་ཉིད་རིག་པ་དང་སྒྱུ་རྩལ་རིག་པ་ནི་བྱེད་ཐབས་ཡིན། དེང་རབས་ཀྱི་མཛེས་རྩལ་དང་སྒྱུ་རྩལ་རིག་པ་སོགས་ནི་མཚན་ཉིད་རིག་པ་དང་སྒྱུ་རྩལ་གྱི་ཁོངས་སུ་གཏོགས།

སྤྱི་ཚོགས་ཚན་རིག་ནི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་གནད་དོན། སྤྱི་ཚོགས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་། ཁྲིམས་ལུགས་རིག་པ་དང་། སློབ་གསོ་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ་སོགས་རིག་ཚན་བཞི་ཡིས་བསྡུས་མིང་ཡིན་ལ། བསྡོམས་པས་རིམ་པ་དང་པོའི་རིག་ཚན་ཆེ་བ་བཅུ་དགུ་ཡོད། དངོས་གཞིའི་ཆེད་ལས་ཀྱི་དཀར་ཆག་རིམ་པ་གཉིས་པའི་རིགས120ཡོད། 2004ལོར་སྤྱི་ཚོགས་ཚན་རིག་དངོས་གཞིའི་ཆེད་ལས་བཙུགས་ཡོད་པའི་སློབ་ཆེན597ཡོད། སྤྱི་ཚོགས་ཚན་རིག་ནི་མིའི་རིགས་ཀྱི་ཤེས་བྱ་དང་བཅོས་སྒྱུར་བྱེད་པའི་མིའི་རིགས་སྤྱི་ཚོགས་ཀྱི་ཚན་རིག་ཅིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་ནི་ཞིབ་འཇུག་བྱ་ཡུལ་ཡིན།

3 ཆེད་ལས།

1 མཚན་ཉིད་རིག་པར། མཚན་ཉིད་རིག་པ། གཏན་ཚིགས་རིག་པ། ཆོས་ལུགས་རིག་པ། མི་ཆོས་རིག་པ།

2 དཔལ་འབྱོར་རིག་པར། དཔལ་འབྱོར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ནོར་སྲིད་རིག་པ། དངུལ་ལོར་རིག་པ། རྒྱལ་དམངས་དཔལ་འབྱོར་དོ་དམ། ཉོ་ཚོང་དཔལ་འབྱོར། ཉེན་འགོག

3 སློབ་གསོ་རིག་པར། སློབ་གསོ་རིག་པ། སློབ་སྔོན་སློབ་གསོ། དམིགས་གསལ་སློབ་གསོ།

4 ལོ་རྒྱུས་རིག་པར། ལོ་རྒྱུས་རིག་པ། འཛམ་གླིང་ལོ་རྒྱུས་རིག་པ། གནད་དཔྱོད་རིག་པ། དངོས་མང་རིག་པ། མི་རིགས་རིག་པ།

5 ཁྲིམས་ལུགས་རིག་པར། ཁྲིམས་ལུགས་རིག་པ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་རིགས་དང་དེ་ལ། ཚན་རིག་སྤྱི་ཚོགས་རིང་ལུགས་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་འགུལ་སྐྱོད། གསར་བརྗེ་དང་གུང་ཁྲན་ཏང་གི་ལོ་རྒྱུས་བཅས་དང་། ཆབ་སྲིད་རིག་པ་དང་དེ་ལ། རྒྱལ་སྤྱིའི་ཆབ་སྲིད། ཆབ་སྲིད་རིག་པ། སྲིད་དོན་རིག་པ། བསམ་བློའི་སློབ་གསོ་རིག་པ། ཕྱི་འབྲེལ་རིག་པ་དང་། སྤྱི་བདེ་རིག་པ་དང་དེ་ལ་བདེ་འཇགས་རིག་པ་དང་མྱུལ་ཞིབ་རིག་པ། མཐའ་མཚམས་དོ་དམ་རིག་པ།

6 རྩོམ་རིག་རིགས་ལ། ཀྲུང་གོའི་སྐད་ཡིག་རྩོམ་རིག་རིགས་དང་དེ་ལ། རྒྱའི་སྐད་ཡིག་དང་རྩོམ་རིག རྒྱའི་སྐད་ཡིག ཕྱི་གཏད་རྒྱ་ཡིག གནའ་རྩོམ་རྩོམ་རིག་དང་། ཕྱི་རྒྱལ་སྐད་ཡིག གསར་འགྱུར་སྨྱན་བྱེད་རིགས་དང་དེ་ལ་གསར་འགྱུར་རིག་པ། རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་རིག་པ། རྩོམ་སྒྲིག་པར་སྐྲུན་རིག་པ། བརྡ་ཁྱབ་རིག་པ། དྲ་རྒྱ་དང་སྨྱན་བྱེད་གསར་བ།

7 དོ་དོམ་རིགས་ལ། དོ་དམ་ཚན་རིག་དང་དོ་དམ་བཟོ་བཀོད་རིགས་དང་དེ་ལ་དོ་དམ་རིག་པ། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག་དང་། བཟོ་ཚོང་དོ་དམ་རིགས་དང་དེ་ལ། བཟོ་ཚོང་དོ་དམ། ཚོང་རའི་ཉོ་ཚོང་། རྩིས་གཉེར་རིག་པ། ནོར་དོན་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཡུལ་སྐོར་དོ་དམ། ཟོང་སྐྱེལ་དོ་དམ། བཟོ་ཚོང་ཁེ་ལས་དོ་དམ། མགྲོན་བྲང་དོ་དམ་རིག་པ་དང་། སྤྱི་ཐུན་དོ་དམ་རིགས་དང་དེ་ལ། སྲིད་དོན་དོ་དམ། སྤྱི་ཐུན་ལས་དོན་དོ་དམ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་། ས་ཁོངས་ཐོན་ཁུངས་དོ་དམ་དང་། ཞིང་ལས་དཔལ་འབྱོར་དོ་དམ་རིགས་དང་དེ་ལ། ཞིང་ནགས་དཔལ་འབྱོར་དོ་དམ། ཞིང་སྡེ་ཁྱབ་ཁོངས་འཕེལ་རྒྱས་དང། དཔེ་མཛོད་ཡིག་ཚགས་རིག་པའི་རིགས་དང་དེ་ལ། དཔེ་མཛོད་རིག་པ་དང་ཡིག་ཚགས་རིག་པ།

4  རིག་ཚན་ཕུལ་བྱུང26གྲས།

འཛམ་གླིང་སློབ་ཆེན་གྱི་རྩོམ་རིག་ལོ་རྒྱུས་སྤྱི་ཚོགས་ཚན་རིག་རིགས་ཀྱི་རིམ་གྲངས་ལས། མི་ཚུལ་སྤྱི་ཚོགས་རིགས་ཀྱི་རིག་ཚན་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་འཇོག་ལས།

ཨང་རིམ། སློབ་གྲྭའི་མིང་། ཕྱི་ཡིག་གི་བསྡུས་མིང་། ཁོངས་གཏོགས་རྒྱལ་ཁབ་བམ་ས་ཁུལ།
1 ཡེ་ལུའུ་སློབ་ཆེན། Yale
ཨ་རི།
2 ཅན་ཆའོ་སློབ་ཆེན། Cambridge དབྱིན་ཇི།
3 ཧ་ཧྥོ་སློབ་ཆེན། Harvard ཨ་རི།
4 ཀོ་ལུན་པི་ཡ་སློབ་ཆེན། Columbia ཨ་རི།
5 ཉིའུ་ཅིན་སློབ་ཆེན། Oxford དབྱིན་ཇི།
6 ཀྲི་ཅ་ཀོ་སློབ་ཆེན། Chicago ཨ་རི།
7 པིན་ཞི་ཧྥ་ཉི་ཡ་སློབ་ཆེན། U-Penn ཨ་རི།
8 ཏུའུ་ཁོ་སློབ་ཆེན། Duke ཨ་རི།
9 ལོན་ཏོན་སྲིད་འབྱོར་སློབ་གླིང་། LSE དབྱིན་ཇི།
10
ཕུའུ་ལིན་སི་ཏུན་སློབ་ཆེན། Princeton ཨ་རི།
11
ཨོ་སི་ཁྲུ་ལི་ཡ་རྒྱལ་བཙུགས་སློབ་ཆེན། ANU ཨོ་སི་ཁྲུ་ལི་ཡ། 
12
ཏུའོ་ལུན་ཏུའོ་སློབ་ཆེན། UT ཁ་ན་ཏ།
13
པུའུ་ལང་སློབ་ཆེན།  Brown ཨ་རི།
14
ཆའོ་ཀྲི་ཏུན་སློབ་ཆེན། Georgetown ཨ་རི།
15
ཡུའེ་ཧན་ཧུ་ཕུའུ་ཅིན་སི་སློབ་ཆེན། JHU ཨ་རི།
16
ཉིའུ་ཡུའེ་སློབ་ཆེན། NYU ཨ་རི།
17
པུའུ་ལིའེ་ཏེན་ཀོ་ལུན་པི་ཡ་སློབ་ཆེན།  UBC ཁ་ན་ཏ།
18
ལོན་ཏོན་སློབ་ཆེན་གྱི་སློབ་གླིང་།  UCL དབྱིན་ཇི།
19
མ་ཧྲེན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། MIT ཨ་རི།
20
ཁང་ནའེ་ཨེར་སློབ་ཆེན།  Cornell ཨ་རི།
21
ཅ་ཀྲོའུ་སློབ་ཆེན་གྱི་པོ་ཁོ་ལི་སློབ་ཁུལ། UC Berkeley ཨ་རི།
22 པིན་ཞི་ཧྥ་ཉི་ཡ་ཁུལ་བཙུགས་སློབ་ཆེན། Penn State (PSU) ཨ་རི།
23
ཝེ་ལེན་མ་ལི་སློབ་གླིང་།  WMC ཨ་རི།
24
ཞང་ཀང་སློབ་ཆེན།  HKU ཀྲུང་གོའི་ཞང་ཀང་།
25
ཧྥན་ཏིག་པི་ཨེར་ཐེ་སློབ་ཆེན། Vanderbilt ཨ་རི།
26
པེ་ཅིང་སློབ་ཆེན།  PKU ཀྲུང་གོ།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།