དངོས་ལུགས་རིག་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་ལུགས་རིག་ཚན།
དངོས་ལུགས་རིག་ཚན(science departments)ནི་རང་བྱུང་ཚན་རིག་དང་བཀོལ་སྤྱོད་ཚན་རིག རྩིས་དངོས་གཏན་ཚིགས་བཅས་ཀྱི་བསྡུས་མིང་ཡིན། དངོས་ལུགས་རིག་ཚན་གྱི་བྱུང་བ་དང་འཕེལ་རྒྱས་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་འབྲས་བུ་ཡིན་ལ། མིའི་རིགས་ཀྱིས་དངོས་སུ་རང་བྱུང་ལ་བསམ་གཞིགས་བྱེད་ཤེས་པའི་རྟགས་མཚན་ཡིན། དེའི་རྐྱེན་གྱིས་དངོས་ལུགས་རིག་ཚན་གྱི་འཕེལ་རྒྱས་དེ་ཡང་མིའི་རིགས་ཀྱི་ཚན་རིག་དང་རང་བྱུང་བསམ་གཞིགས་འཕེལ་རྒྱས་ཀྱི་གཙོ་གནད་ཡིན། རྒྱལ་ནང་ནས་ཅུང་སྐད་གྲགས་ཡོད་པའི་དངོས་ལུགས་རིག་ཚན་སློབ་ཆེན་ལ་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཆིན་ཧྭ་སློབ་ཆེན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
理科
ཕྱི་ཡིག་གི་མིང་།
science departments
ཡན་ལག
རང་བྱུང་ཚན་རིག
བཀོལ་སྤྱོད་རྩལ་ནུས།
རྩིས་དངོས་གཏན་ཚིགས།
རིག་ཚན་གཙོ་བོ།
གྲངས་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ།
ཁ་གཏད་རིག་ཚན།
སྐད་ཡིག་རིག་ཚན།
ཚབ་མཚོན་སློབ་ཆེན།
ཚན་རྩལ་སློབ་ཆེན། ནན་ཅིན་སློབ་ཆེན། ཧྥུ་ཏན་སློབ་ཆེན།
མིང་གཞན།
རྩིས་ཚན།
1 བསླབ་ཚན་གཙོ་བོ།

1 གྲངས་རིག་པ(math)། གྲངས་ཀ་དང་སྒྲིག་གཞི། འགྱུར་ལྡོག བར་སྟོང་བཅས་ཀྱི་རྣམ་པར་ཞིབ་འཇུག་བྱེད་པའི་བསླབ་ཚན་ཞིག་ཡིན། སྤྱི་མཚན་ཅན་དང་གཏན་ཚིགས་རིག་འདེད་སོགས་བཀོལ་སྤྱོད་ལས་བརྒལ་བར་བྱས་ཏེ། གྲངས་ཀ་རྩི་བ་དང་རྩིས་རྒྱག་པ། ཚད་འཇལ། དངོས་གཟུགས་དང་དེའི་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་པ་ལས་བྱུང་བ་ཡིན། གྲངས་རིག་པ་བ་རྣམས་ཀྱིས་མཚན་ཉིད་འདི་དག་རྒྱས་པར་བཤད་དེ་སྤྱི་འགྲོས་གསར་བ་དང་དེའི་གཞུང་ལུགས། མཚན་ཉིད་སོགས་ལ་བརྟེན་ནས་གཟབ་ནན་སྒོས་བདེན་ལུགས་འབྱུང་དུ་བྱེད་པ་ཡིན།

2 དངོས་ལུགས་རིག་པ(physics)། རང་བྱུང་ཁམས་ཀྱི་དངོས་བོའི་ཆགས་དབྱིབས་དང་ཕན་ཚུན་གྱི་བྱེད་ནུས། འགུལ་སྐྱོད་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚན་རིག་ཅིག་ཡིན་ལ། ལྟ་ཞིབ་དང་ལག་ལེན་རྨང་གཞི་བྱེད་པའི་རང་བྱུང་ཚན་རིག་ཞིག་ཀྱང་ཡིན། དེའི་མིའི་རིགས་ཀྱི་ཚན་རིག་གིས་རང་བྱུང་ཁམས་རྒྱུས་ལོན་དང་རྨོངས་དད་སོགས་མེད་པར་གཏོད་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། དངོས་ལུགས་རིག་པའི་འགྱུར་མེད་ངང་འཚོལ་བའི་གཙོ་ཚིག་ནི་གླེང་གཞི་སྣ་ཚོགས(orders)དང་། དོ་མཉམ་རང་བཞིན(symmetry)དང་དོ་མཉམ་གྱི་གས་ཆགས(symmetry-breaking)། གཏན་གནས་ངེས་སྲོལ(conservation laws)ལམ་འགྱུར་མེད་རང་བཞིན(invariance)བཅས་ཡིན་ནོ།།

3 རྫས་འགྱུར་རིག་པ(chemistry)། དངོས་པོའི་གྲུབ་ཆ་དང་སྒྲིག་གཞི། རང་བཞིན། འགྱུར་ལྡོག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། འཇིག་རྟེན་ནི་དངོས་པོའི་གྲུབ་པ་ཡིན་ལ། རྫས་འགྱུར་ནི་མིའི་རིགས་ཀྱིས་དངོས་པོའི་འཇིག་རྟེན་ལ་རྒྱུས་ལོན་དང་སྒྱུར་བཀོད་བྱེད་པའི་ཐབས་བཀོད་དང་བྱེད་ཐབས་ཡིན་ལ། ལོ་རྒྱུས་ཀྱི་རྒྱུན་རིང་ལ་གསོན་ཤུགས་ལྡན་པའི་རིག་ཚན་ཤིག་ཀྱང་ཡིན་པར་མ་ཟད་དེའི་གྲུབ་འབྲས་ནི་སྤྱི་ཚོགས་ཤེས་རིག་གི་རྟགས་མཚན་ཡིན།

4 སྐྱེ་དངོས་རིག་པ(biology)། རང་བྱུང་ཚན་རིག་གི་རིགས་ཤིག་ཡིན་ལ། སྐྱེ་དངོས་ཀྱི་སྒྲིག་གཞི་དང་བྱེད་ནུས། བྱུང་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་མ་ཟད། ད་དུང་སྐྱེ་དངོས་དང་དེའི་ཁོར་ཡུག་གི་འབྲེལ་བ་སོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། སྐྱེ་དངོས་རིག་པ་ནི་དངོས་མང་རིག་པ་ནས་བྱུང་བ་ཡིན་ལ། དེ་ཡང་ལག་ལེན་སྐྱེ་དངོས་རིག་པ་དང་འདུས་རྡུལ་སྐྱེ་དངོས་རིག་པ་ནས་ད་གཟོད་རྒྱུད་རིག་ལྡན་པའི་སྐྱེ་དངོས་རིག་པའི་དུས་སུ་ཐོན།

5 ས་རྒྱུས་རིག་པ(geography)། སའི་གོ་ལ་དང་དེའི་ཁྱད་ཆོས། སྡོད་དམངས་དང་སྣང་ཚུལ་གྱི་རིག་པ་ཞིག་ཡིན། དེ་ནི་སའི་གོ་ལའི་ཕྱི་ངོས་རིམ་པའི་འཁོར་རྒྱ་ཕན་ཚུན་བྱེད་ནུས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པ་ཡིན་ལ། དེ་ལ་བྲག་རྡོའི་འཁོར་རྒྱ། ཆུའི་འཁོར་རྒྱ། རླུང་ཁམས་ཆེན་པོའི་འཁོར་རྒྱ། སྐྱེ་དངོས་ཀྱི་འཁོར་རྒྱ། བར་སྟོང་གི་ཁྱད་དང་འགྱུར་ལྡོག་གོ་རིམ་འདུས་པའི་རིག་ཚན་མ་ལག་ཡིན།

2 ཉམས་མྱོང་།

1 ཉམས་མྱོང་སྤྱི་སྡོམ།

གཅིག དགའ་ཕྱོགས་ནི་ཆེས་བཟང་བོའི་དགེ་རྒན་ཡིན། གཉིས། སློབ་ཁྲིད་དཀྱིལ་སྙིང་དུ་འཛིན་པ། གསུམ། བསྐྱར་སྦྱོང་གི་ཁྲོད་ནས་ཐབས་ལམ་གསར་པ་བཙལ་བ། བཞི། གཏིང་ཟབ་འཇུག་པ། ལྔ། མ་ལག་རང་བཞིན་འཛུགས་པ། དྲུག དཀའ་སྤྱད་སྡུག་རུས་བྱེད་པ།

2 སློབ་སྦྱོང་བྱེད་ཐབས།

གཅིག སློབ་ཁྲིད་སྐབས་སུ་ནན་གྱིས་ཉན་པ་དང་སློབ་ཁྲིད་རྗེས་སུ་དུས་ཐོག་ཏུ་བསྐྱར་སྦྱོང་བྱེད་པ།

གཉིས། སྦྱོང་བརྡར་བྱས་ཏེ་དྲི་གཞི་འགྲེལ་བའི་སྲོལ་བཟང་གོམས་སུ་འཇུག་པ།

གསུམ། བསམ་བློ་སྙོམས་སྒྲིག་བྱས་ཏེ་རྒྱུགས་ལེན་ལ་གདོང་གཏོད་ཐུབ་པ།

3 སློབ་དེབ་ཀྱི་རེ་བ།

གཅིག མ་ལག་རང་བཞིན་འཛུགས་རྒྱུ་ནི་གནད་འགག་ཡིན།

གཉིས། གྲངས་རིག་པའི་དོན་སྤྱིའི་གོ་བ་ལེན་པ་གཙིགས་སུ་བཟུང་རྒྱུ།

གསུམ། སྤྱི་མཚན་གྱི་གཏན་ཚིགས་བསམ་གཞིགས་འཛུགས་པ།

བཞི། གྲངས་དང་དབྱིབས་མཉམ་འབྲེལ་བྱེད་པའི་ཉམས་མྱོང་།

ལྔ། ཐུན་མོང་གིས་གནད་དོན་ཐག་གཅོད་ཐབས་ཀྱི་བསམ་བློའི་མཛུབ་སྟོན།

3 རིག་ཚན་ཕུལ་བྱུང26གྲས།

ཨང་རིམ།
སློབ་གྲྭའི་མིང་། ཕྱི་ཡིག་གི་བསྡུས་མིང་།
ཁོངས་གཏོགས་རྒྱལ་ཁབ་བམ་ས་ཁུལ།
1
ཅ་ཀྲོའུ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། Cal-Tech(CIT) ཨ་རི།
2
ཧ་ཧྥོ་སློབ་ཆེན། Harvard ཨ་རི།
3 ཅན་ཆའོ་སློབ་ཆེན། Cambridge དབྱིན་ཇི།
4 མ་ཧྲེན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། MIT ཨ་རི།
5 སུའུ་ལི་ཧྲི་སུའེ་ཙེར་མཉམ་འབྲེལ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། SFIT སུའེ་ཙེར།
6 སི་ཏན་ཧྥུ་སློབ་ཆེན། Stanford ཨ་རི།
7 ཏི་ཀའོ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། ICST དབྱིན་ཇི།
8 ཅ་ཀྲོའུ་སློབ་ཆེན་གྱི་པོ་ཁོ་ལི་སློབ་ཁུལ། UC Berkeley ཨ་རི།
9 ཕུའུ་ལིན་སི་ཏུན་སློབ་ཆེན།
Princeton ཨ་རི།
10 སྨི་ཞེ་ཀེན་སློབ་ཆེན་ཨན་ན་པའོ་སློབ་ཁུལ། U-Michigan Ann Anbor ཨ་རི།
11
ཁ་ནེ་ཅི་མེ་ལུང་སློབ་ཆེན། CMU ཨ་རི།
12
ཉིའུ་ཅིན་སློབ་ཆེན། Oxford དབྱིན་ཇི།
13
ཕུའུ་ཏུའུ་སློབ་ཆེན། Purdue ཨ་རི།
14
ཞང་ཀང་ཚན་རྩལ་སློབ་ཆེན། HKUST ཀྲུང་གོའི་ཞང་ཀང་།
15
ཏུང་ཅིང་སློབ་ཆེན། Tokyo འཇར་པན།
16
ནན་དབྱང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན། NTU སིང་ཀ་ཕོར།
17
ཏིག་ཁོ་ས་སི་སློབ་ཆེན་ཨའོ་སི་ཏིང་སློབ་ཁུལ། U-Texas Austin ཨ་རི།
18
ཙུའོ་ཀྲི་ཡ་རང་བྱུང་བཟོ་སྐྲུན་སློབ་གླིང་། GIT(GT) ཨ་རི།
19 ཁང་ནའེ་ཨེར་སློབ་ཆེན། Cornell ཨ་རི།
20
ཕ་རི་སིའི་སློབ་ཆེན་དྲུག་པ།  PMCU
ཧྥ་རན་སེ།
21
ཏུའུ་ཁོ་སློབ་ཆེན། Duke ཨ་རི།
22
ལའེ་སི་སློབ་ཆེན། Rice ཨ་རི།
23
ཀྲི་ཅ་ཀོ་སློབ་ཆེན། Chicago ཨ་རི།
24
ཞི་ཡ་ཐུའུ་ཝ་ཧྲིང་ཐོན་སློབ་ཆེན་། UW Seattle ཨ་རི།
25
ཡུའེ་ཧན་ཧུ་ཕུའུ་ཅིན་སི་སློབ་ཆེན། JHU ཨ་རི།
26
ཕ་རི་སིའི་སློབ་ཆེན་བཅུ་གཅིག་པ། U-Paris Sud in Orsay ཧྥ་རན་སེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།