ཁ་སྒང༌།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་སྒང༌།
ཁ་སྒང་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ18ཀྱི་མཚམས་ན་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡冈
ལ་ཏིང་གི་མིང་།
kha sgang
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ།
གནས་ཡུལ།
འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

ཁ་སྒང་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ18ཀྱི་མཚམས་ན་ཆགས་ཡོད། སྡེ་བ་འདིའི་མིང་གི་ཐོགས་ཚུལ་ལ་འདི་ལྟར་གྲགས་ཏེ། སྡེ་བ་འདིའི་ས་འཛིན་པའི་ཐོག་མ་དཔོན་ལྷ་རྒྱལ་ཟེར་བ་ཞིག་སྔོན་དུས་དཔའ་ལུང་རྫོང་གི་ཁ་སྒང་ས་ཆ་ནས་ཕྱོགས་འདིར་སྤོས་ཏེ་ས་བཟུང་རྗེས། གནས་འདིར་རིགས་རྒྱུད་མང་དུ་འཕེལ་ནས་སྡེ་བ་ཞིག་ཆགས་པའི་མིང་ལའང་ཐོག་མའི་མཆེད་ཁུངས་ཀྱི་ས་མིང་དེ་ཐོགས་ནས་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར། སྡེ་བ་འདིས་ཇིད་པར་རྫ་རྒན་མཆོད་ཀྱིན་ཡོད་ལ། ལོ་རེར་བཞི་བའི་བཅོ་ལྔ་དང་། ལྔ་བའི་བཅོ་ལྔ། དྲུག་པའི་བཅོ་ལྔ་བཅས་ལ་སྤྱི་བསང་གཏོང་བའི་སྲོལ་ཡང་ཡོད། 

བརྡ་འགྲེལ་གདོང་འཛར།

མཚོ་སྔོན། མཚོ་ལྷོ་ཁུལ། འབའ་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།