སྤྱི་ཐུན་བསླབ་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཐུན་བསླབ་ཚན།
མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ཁྲོད་ཆེད་ལས་གང་དང་གང་ཡིན་ཀྱང་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་བསླབ་ཚན་ཡིན་ལ། དཔེར་ན《མཚན་ཉིད་རིག་པ》དང《ཆབ་སྲིད་དཔལ་འབྱོར་རིག་པ》ལྟ་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公共课
ཕྱི་ཡིག་གི་མིང་།
public lesson
1 ངོ་སྤྲོད།

སྤྱི་ཐུན་བསླབ་ཚན་དེ་རང་གི་ཆེད་ལས་དང་ཐད་ཀར་འབྲེལ་བ་མེད་མོད། འོན་ཀྱང་ཀུན་སྤྱོད་དང་ཤེས་རིག ལས་རྩལ་སོགས་ཕྱོགས་ཡོངས་ཀྱི་འཇོན་མི་འཕེལ་རྒྱས་གསོ་སྦྱོང་བྱེད་པ་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་སྨྲ་བའི་ཐད་ཀྱི་ཆད་མི་རུང་བའི་བསླབ་ཚན་ཞིག་ཡིན། རྨང་གཞིའི་སློབ་ཚན་ནི་ཆེད་ལས་སྣ་གཅིག་གི་སློབ་མའི་སློབ་སྦྱོང་གི་རྨང་གཞིའི་གཞུང་ལུགས་དང་རྩ་བའི་ཤེས་བྱ་དང་རྩ་བའི་ལག་རྩལ་གྱི་བསླབ་ཚན་ཡིན། དེའི་ནུས་པ་ནི་སློབ་མའི་ཆེད་ལས་ཤེས་བྱ་རྒྱུས་ལོན་དང་ཚན་རིག་ལག་རྩལ་སློབ་སྦྱོང་། འབྲེལ་ཡོད་ནུས་པ་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འཛུགས་པའི་ཆེད་ཡིན།

ཆེད་ལས་རྨང་གཞིའི་སློབ་ཁྲིད་ནི་ཆེད་ལས་ཤེས་བྱ་དང་ནུས་རྩལ་ཐད་ཀར་འབྲེལ་བ་ཡོད་པའི་རྨང་གཞིའི་བསླབ་ཚན་ཡིན། དེ་ལ་ཆེད་ལས་གཞུང་ལུགས་ཀྱི་རྨང་གཞིའི་སློབ་ཁྲིད་དང་ཆེད་ལས་ལག་རྩལ་རྨང་གཞིའི་སློབ་ཁྲིད་འདུ།

ངེས་སྦྱོང་སློབ་ཁྲིད་ནི་ཆེད་ལས་སྣ་གཅིག་གི་ཐད་དུ་ངེས་པར་དུ་སྦྱངས་དགོས་པའི་བསླབ་ཚན་ལ་ཟེར། འདི་རིགས་ཀྱི་བསླབ་ཚན་ནི་ཆེད་ལས་འཇོན་མི་གསོ་སྐྱོང་གི་རྩ་བའི་ཁག་ཐེག་ཡིན།

འདེམས་སྦྱོང་སློབ་ཁྲིད་ནི་ཆེད་ལས་སྣ་གཅིག་གི་ཐད་ནས་སློབ་མས་རང་ཉིད་ཀྱི་དགོས་མཁོ་དང་སློབ་གསོ་མྱངས་པའི་སྒྲིག་གཞིའི་ཚད་བཀག་ལྟར། གདམས་གསེས་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་བསླབ་ཚན་ཡིན། འོན་ཀྱང་འདི་དག་གི་གདམས་གསེས་ལ་ཚད་བཀག་ཡོད། ཆེད་ལས་རྒྱུགས་ལེན་འཆར་གཞིའི་གཏན་འཁེལ་གྱི་བསླབ་ཚན་ནང་ནས་འདེམས་དགོས། དཔེར་ན། རྒྱའི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་ཀྱིས་འདེམས་སྦྱོང་སློབ་ཁྲིད་ལ《དཀྱུས་མའི་མཚན་ཉིད》དང《སློབ་གསོ་རིག་པ》《སེམས་ཁམས་རིག་པ》བཅས་གསུམ་གྱི་བསླབ་ཚན་ནང་ནས་གཅིག་འདེམས་དགོས།

2 ཞིབ་འཇུག་རྒྱུགས་ལེན།

ཞིབ་འཇུག་རྒྱུགས་ལེན་ནི་སྤྱིར་བཏང་དུ་བཤད་ན་རིག་ཚན་བཞི་ཡོད་ལ། སྤྱི་ཐུན་བསླབ་ཚན་གཉིས་དང་ཆེད་ལས་བསླབ་ཚན་གཉིས་བཅས་ཡོད། སྤྱི་ཐུན་བསླབ་ཚན་ནི་ཆབ་སྲིད་དང་ཕྱི་ཡིག ཆེད་ལས་བསླབ་ཚན་ནི་ཆེད་ལས་བསླབ་ཚན་དང་པོ་དང་གཉིས་པར་དགར་ཡོད། རྩིས་ཚན་དང་བདག་གཉེར་རིགས་ཀྱི་སློབ་མར་མཚོན་ན། ཆེད་ལས་བསླབ་ཚན་དང་པོ་ནི་གྲངས་རིགས་ཡིན། གཞན་དག་གི་ཆེད་ལས་བསླབ་ཚན་དང་པོ་ནི་སློབ་གྲྭ་རང་ཉིད་ནས་རྒྱུགས་གཞི་བསྒྲིགས་དགོས། གང་ལྟར་ཀྱང་། ཆབ་སྲིད་དང་ཕྱི་ཡིག ད་དུང་ཆེད་ལས་བསླབ་ཚན་དང་པོའི་གྲངས་རིག་བཅས་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་རྒྱུགས་གཞི་བསྒྲིགས་པ་དང་། ཆེད་ལས་བསླབ་ཚན་དང་པོ(གྲངས་རིག་མ་ཡིན་པ)དང་ཆེད་ལས་བསླབ་ཚན་གཉིས་པ་ནི་སྤྱིར་བཏང་དུ་སློབ་གླིང་རང་ཉིད་ནས་རྒྱུགས་གཞི་བསྒྲིགས་དགོས། MBAརྒྱུགས་ལེན་དང་། གསོ་རིག ལོ་རྒྱུས། ཁྲིམས་ལུགས་སོགས་ཞིབ་བཤེར་བྱེད་པའི་ཆེད་ལས་སོགས་བསླབ་ཚན་རྩ་བའི་སྟེང་ནས་རྒྱལ་ཁབ་གྱིས་རྒྱུགས་གཞི་བསྒྲིགས་དགོས།

3 རྨང་གཞིའི་འཛིན་གྲྭ།

རྨང་གཞི་རིག་ཚན་སྔ་ས་ནས་འགོ་རྩོམ་པ་ཞེས་པ་གཞིར་བཟུང་ཏེ་བསྐྱར་སྦྱོང་རྒྱུགས་སྤྲོད་བྱེད་ཐབས་ལས་བཀོད་སྒྲིག་བྱས་པ་ཡིན་ལ། ཕྱོགས་ཡོངས་ནས་རྨང་གཞིའི་ཤེས་བྱ་སྔོན་སྦྱོང་དང་། སྔ་ས་ནས་ཤེས་བྱའི་སྒྲིག་གཞི་འཛུགས་སྐྲུན་བྱེད་པ། རིམ་པ་དགར་ཏེ་དཀའ་དནད་བསྐྱར་སྦྱོང་། རྒྱུགས་སྐར་མཐོ་པོ་ལེན་པའི་རྨང་གཞི་འདིང་པར་བྱེད་དགོས། སློབ་མས་དབྱར་གནང་གི་དུས་ཚོད་རིང་པོ་བཀོད་སྤྱོད་བྱས་ཏེ་བསྐྱར་སྦྱོང་དུས་རིམ་བཟང་བོ་དམ་འཛིན་བྱེད་དགོས། ཆབ་སྲིད་དང་དབྱིན་ཡིག གྲངས་རིག་སོགས་རྨང་གཞིའི་རིག་ཚན་ཤེས་བྱའི་མི་འདང་སར་ཁ་གསབ་བྱེད་དགོས། སྔ་ས་ནས་བསྐྱར་སྦྱོངས་གྲ་སྒྲིག་བྱས་ཏེ། ཞིབ་འཇུག་རྒྱུགས་ལེན་གྱི་ཡིད་ཆེས་བརྟན་པོ་འཛུགས་དགོས།

4 ཤུགས་སྣོན་འཛིན་གྲྭ།

དབྱར་གསེང་ངལ་གསོ་ནི་སློབ་མ་དག་གིས་ཞིབ་འཇུག་བསྐྱར་སྦྱོང་བྱེད་པའི་དུས་ཚོད་གལ་ཆེན་ཞིག་ཡིན་ལ། དུས་སྐབས་འདིར་རང་གི་ཞན་ཆ་ཁག་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་གྲ་སྒྲིག་དང་བསམ་གཞིགས་གཙང་སེལ་བྱེད་དགོས། ཤུགས་སྣོན་འཛིན་གྲྭ་ནི་མ་ལག་རང་བཞིན་ལྡན་པའི་རིག་ཚ་ཤེས་བྱའི་རྨང་གཞི་ཡིན་ལ། རྒྱུགས་ལེན་རྩ་འཛིན་ལས་མ་ལག་རང་བཞིན་གྱི་རིག་ཚན་ཁག་སོ་སོ་ནང་དོན་གསལ་བོར་འཁྲིད་པ། ཆབ་སྲིད་དང་དབྱིན་ཇི། གྲངས་རིག་གསུམ་གྱི་བསླབ་ཚན་ལ་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འཁྲིད་དགོས་ལ། སློབ་མར་ཡང་དག་པའི་སྒོ་ནས་བསླབ་ཚན་གྱི་ལེའུ་སོ་སོའི་འབྲེལ་བ་དང་མཚན་ཉིད། རྩ་དོན་དང་ཤེས་བྱ། ནང་དོན་སོགས་ཡང་དག་པའི་སྒོ་ནས་ཕྱོགས་བསྡུས་བྱེད་དགོས་ལ། བསྐྱར་སྦྱོངས་ཁ་ཕྱོགས་དང་སློབ་མའི་སྐར་མ་མཐོན་པོ་ལེན་པའི་ཐེམ་སྐེས་ལྟ་བུའི་གཙོ་གནད་སྟོན་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།