དངོས་གཞི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དངོས་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སློབ་གསོ། )

དངོས་གཞི།
དངོས་གཞི་ནི་སློབ་ཆེན་དངོས་གཞི་ཡིན་ལ། མཐོ་རིམ་སློབ་གསོའི་རྩ་བའི་གྲུབ་ཆ་ཡིན། སྤྱིར་བཏང་དུ་སློབ་ཆེན་ནམ་སློབ་གླིང་ནས་སྤེལ་དགོས་ལ། མཐོ་རིམ་ལས་རིགས་སློབ་གླིང་ཁག་ཅིག་ནས་བཀོལ་སྤྱོད་རང་བཞིན་གྱི་དངོས་གཞིའི་སློབ་གསོའི་སྤེལ་འགོ་ཚུགས་ལ། དངོས་གཞིའི་སློབ་གསོ་གཙོ་གནད་ནི་གཞུང་ལུགས་སྟེང་གི་ཆེད་ལས་ཅན་གྱི་ཤེས་སྤེལ་སློབ་གསོ་ཡིན་ལ། བཀོལ་སྤྱོད་རྣམ་པ་ཅན་གྱི་གཙོ་གནད་ནི་བཀོལ་སྤྱོད་སྟེང་གི་ཆེད་ལས་སློབ་གསོ་དང་དངོས་ཡོད་ལག་རྩལ་སློབ་གསོ་ཡིན། སློབ་མ་རྒྱུན་ལྡན་ངང་མཐར་ཕྱིན་རྗེས་སྤྱིར་བཏང་དུ་དངོས་གཞིའི་མཐར་ཕྱིན་འཛིན་ཡིག་དང་ཤེས་རམས་བསླབ་གནས་འཛིན་ཡིག་ཐོབ་པ་ཡིན། རང་རྒྱལ་ནས་དངོས་གཞི་བསླབ་གནས་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་དངོས་གཞི་གཉིས་སུ་དགར་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་དངོས་གཞི་ནི་རྒྱུན་ལྡན་དུ་རྒྱལ་ཡོངས་ས་ཆ་སོ་སོ་ནས་མཐོ་རྒྱུགས་དང་རང་བདག་སློབ་བསྡུ་ཡང་ན་འོས་སྐྱེལ་སོགས་ཀྱི་རྣམ་པས་སློབ་མ་བསྡུ་ལེན་བྱས་པ་ཡིན་ལ། སློབ་ལོ་ལོ4-6བར། སློབ་མས་སློབ་གྲྭར་སློབ་སྦྱོང་བྱེད་པ་ནི་ཁྱབ་བརྡལ་རང་བཞིན་གྱི་སློབ་གསོའི་རྣམ་པ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཁས་ལེན་རང་བཞིན་ཧ་ཅང་མཐོ། གཞན་ད་དུང་ཆེད་སྦྱོང་སློབ་མ་གཅིག་གྱུར་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བའི་རྒྱུགས་ལེན་ལ་ཞུགས་ཏེ་དངོས་གཞིའི་སློབ་གསོ་མྱངས་ཆོག སློབ་ལོ་ལོ2ཡིན། ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་དངོས་གཞི་གཙོ་བོ་ལ་རང་སྦྱོང་རྒྱུགས་ལེན་གྱི་དངོས་གཞི་དང་དར་མའི་མཐོ་རྒྱུགས། རྒྱང་སྲིང་སློབ་གསོ། ལས་ཞོར་སློབ་གསོ། སྒོ་འབྱེད་སློབ་གསོ་སོགས་རིགས་མང་པོ་ཡོད་ལ། སྦྱོང་ཡུན་ཚད་བཀག་མེད་པ། སློབ་སྦྱོང་བྱེད་ཐབས་རྣམ་པ་སྣ་ཚོགས་ཡོད་པར་མ་ཟད། སློབ་མས་འབྲེལ་ཡོད་སློབ་གསོ་བདེ་ཁག་ནས་རང་སྦྱོང་བྱས་ཀྱང་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
本科
ཕྱི་ཡིག་གི་མིང་།
undergraduate
རིམ་པ།
མཐོ་རིམ་སློབ་གསོ།
སློབ་སྒྲུབ།
སློབ་ཆེན་ནམ་སློབ་གླིང་།
ལོ་ཚད།
4-6(དཀྱུས་མའི་ཉིན་ཧྲིལ་བོའི་ལམ་ལུགས)
སློབ་རིམ།
ཉིན་ཧྲིལ་བོའི་ལམ་ལུགས་དང་ཉིན་ཧྲིལ་བོ་མ་ཡིན་པའི་ལམ་ལུགས།
བསླབ་གནས།
ཤེས་རམས་བསླབ་གནས།
ཚབ་མཚོན།
པེ་ཅིང་སློབ་ཆེན། ཀྲུང་དབྱང་ཟློས་གར་སློབ་གླིང་སོགས།
1 རྩ་འགྲེལ།

དངོས་གཞི་ནི་སློབ་ཆེན་དངོས་གཞིའི་བསྡུས་མིང་ཡིན་ལ། མཐོ་རིམ་སློབ་གསོའི་རྩ་བའི་གྲུབ་ཆ་ཡིན། སློབ་མཐར་ཕྱིན་རྗེས་སྤྱིར་བཏང་དུ་ཤེས་རམས་བསླབ་གནས་ཡོད་པ་དང་། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་དངོས་གཞི་ནི་སྤྱིའི་ཆ་ནས་སྤྱིར་བཏང་མཐོ་རིམ་དཀྱིས་མའི་སློབ་གྲྭའི་དངོས་གཞིའི་རིགས་དང་ཆེད་ལས་ཆུ་ཚད་གཅིག་གྱུར་ཡིན་པའི་རང་སྦྱོང་རྒྱུགས་ལེན་གྱི་ཆེད་ལས་རིགས་ཡིན།

2 སློབ་རིམ་རིགས།
2_1 ཉིན་ཧྲིལ་བོའི་ལམ་ལུགས།

1 མཐོ་རྒྱུགས་གཅིག་གྱུར་བསྡུ་ལེན།

མཐོ་རྒྱུགས་ཀྱི་རེ་འདུན་གཞིར་བཟུང་ཏེ་བསྡུ་ལེན་མི་འདྲ་བ་ལ་བརྟེན་ནས། དངོས་གཞི་ལ་སྔ་སྣུར་དངོས་གཞི། རིམ་པ་དང་པོའི་དངོས་གཞི། རིམ་པ་གཉིས་པའི་དངོས་གཞི། རིམ་པ་གསུམ་པའི་དངོས་གཞི་ཁག་ཏུ་དབྱེ་ཡོད་ལ། ཞིང་ཆེན་རིམ་པ་ཁག་ཅིག་ནས་རིམ་པ་གཉིས་པ་དང་གསུམ་པའི་དངོས་གཞིའི་གཉིས་གཅིག་གྱུར་བྱས་ཏེ་བསྡུ་ལེན་བྱེད་ཀྱིན་ཡོད། བསྡུ་ལེན་བྱེད་པའི་ཡོད་ཚད་གཅིག་གྱུར་གྱི་རིམ་པ་དང་སློབ་རིམ་ཡིན།

སློབ་སྒྲུབ་གྱི་རྣམ་པའི་ཐད་ནས་གཞུང་སྒྲུབ་དངོས་གཞི་དང་དམངས་སྒྲུབ་དངོས་གཞི་གཉིས་སུ་དབྱེ་ཡོད་ལ། དེ་ལ་ཡང་རྣམ་པ་བཞི་སྟེ། གཞུང་སྒྲུབ་རིམ་པ་དང་པོ་དང་གཉིས་པའི་དངོས་གཞི། དམངས་སྒྲུབ་རིམ་པ་གཉིས་པ་དང་གསུམ་པ་བཅས་ཡིན།

སློབ་མ་བསྡུ་ལེན་གྱི་ཐད་ནས་ཞིང་ཆེན་སོ་སོའི་ཐེངས་གྲངས་དང་རིགས་ཀྱང་མི་འདྲ་ས་ཡོད་དེ། དངོས་གཞི་སྔ་སྣུར་རིམ་པAདངB། དངོས་གཞི་རིམ་པ་དང་པོ་དང་གཉིས་པ། གསུམ་པ། སྒྱུ་རྩལ་རིགས་ཀྱི་དངོས་གཞིའི་སྔ་སྣུར་རིམ་པ AདངB། སྒྱུ་རྩལ་དངོས་གཞིའི་རིམ་པ་གསུམ་པ།

རང་རྒྱལ་གྱི་རྒྱལ་ཡོངས་གཅིག་གྱུར་བསྡུ་ལེན་དངོས་གཞིའི་སློབ་ལོ་ལ་ལོ་བཞིའི་ལམ་ལུགས(སྤྱིར་བཏང་གི་རིགས)དང་ལོ་ལྔའི་ལམ་ལུགས(གསོ་རིག་དང་བཟོ་སྐྲུན་གྱི་རིགས)གཉིས་ཡོད་ལ། ཡང་ཞང་ཀང་གི་སློབ་ཆེན་དང་དབྱིན་ཇིའི་སློབ་ཆེན་གྱི་དངོས་གཞིའི་སློབ་ལོ་ནི་ལོ་གསུམ་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རང་རྒྱལ་ནས་ཀྱང་ལོ་གསུམ་ཡིན།

2 རང་བདག་སློབ་བསྡུ།

རང་བདག་གདམ་གསེས་ཀྱང་ཟེར་ལ། དེ་ནི་མཐོ་རིམ་སློབ་གྲྭའི་གདམ་གསེས་བྱ་བར་བཅོས་སྒྱུར་བྱས་པའི་གཙོ་གནད་རིམ་པ་ཡིན་ལ། དེ་ལ་རྒྱལ་ཁབ་གཙོ་གནད་སློབ་ཆེན་རང་བདག་སློབ་བསྡུ་དང་མཐོ་རིམ་ལས་རིགས་རང་བདག་སློབ་བསྡུ་རིགས་ཆེ་བ་གཉིས་འདུ།

2003ལོར། ཀྲུང་གོ་སློབ་གསོ་པུའུ་ཡིས་ཐོག་དང་པོར་རང་བདག་སློབ་བསྡུ་འགོ་བརྩམས་པ་ཡིན་ལ། དེ་ལས་མཐོ་རིམ་སློབ་གྲྭའི་ལོ་རེར་གཅིག་གྱུར་གྱི་དུས་ཚོད་ནང་བསྡུ་ལེན་བྱེད་པའི་ལོ་རྒྱུས་མཇུག་རྫོགས་པ་ཡིན། 2014ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུ་ཕྱོགས་བསྡུས་བསམ་བློ་གཞིར་བཟུང་ནས། 2015ལོ་ནས་བཟུང་། རང་བདག་སློབ་བསྡུ་བྱ་བ་དེ་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་རྗེས་ནས་སྤེལ་དགོས་པར་བཀོད་སྒྲིག་བྱས་ལ། རང་བདག་སློབ་བསྡུ་ཚོད་ལྟའི་སློབ་གྲྭ་ནས་ཡིག་རྒྱུགས་བཀོད་སྒྲིག་བྱས་ཆོག་ལ། ཚོད་ལྟའི་བྱེད་གནས་མཐོ་སློབ་རང་བདག་བསྡུ་ལེན་གཅིག་གྱུར་བཀོད་སྒྲིག་ཏེ་མཐོ་རྒྱུགས་མཇུག་རྫོགས་པ་དང་རྒྱུགས་སྐར་མ་བསྒྲགས་སྔོན་ལ་སྤེལ་དགོས་པ་དང་། ཡིག་རྒྱུགས་ལ་རིག་ཚན་སྣ་གཉིས་མ་གཏོགས་བཀོད་སྒྲིག་བྱས་མི་ཆོག་པར་མ་ཟད། རྒྱུགས་ལེན་གོ་རིམ་ཕྱོགས་ཡོངས་ནས་བརྙན་ཕབ་སྟེ་རྒྱུགས་ལེན་ལྐོབ་ཕབ་ལ་གཟབ་དགོས།

མཐོ་འབྲིང་མཐར་ཕྱིན་སློབ་མའི་ཞིབ་དཔྱད་ཐོབ་རྗེས། སྔ་ས་ནས་རང་ཉིད་ཀྱི་མཐོ་རིམ་སློབ་གྲྭའི་ཁ་ཕྱོགས་གཏན་འཁེལ་བྱས་ཆོག་ལ། མཐོ་རྒྱུགས་ལ་ཞུགས་རྗེས་ད་དུང་སྐར་མ་མར་ཕབ་པའི་གཟིགས་སྐྱོང་བྱས་ཆོག སློབ་གསོ་པུའུ་ཡིས་རེ་བ་ལྟར་ན། རང་བདག་སློབ་བསྡུའི་མི་གྲངས་ཚོད་ལྟའི་སློབ་གྲྭའི་ལོ་དེའི་དངོས་གཞི་སློབ་མའི་འཆར་འགོད་ཀྱི5%ལས་བརྒལ་མི་ཆོག གདམས་གསེས་ཐོབ་པའི་སློབ་མ་ཚང་མ་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞིར་ཞུགས་ཆོག་ལ། རྒྱུགས་སྐར་རང་སའི་ཞིང་ཆེན་གྱི་བརྟག་ཚད་སྐར་གྲངས་དང་མཉམ་ན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་སློབ་མའི་གདམས་པའི་སློབ་གྲྭར་བསྡུ་སྤྲོད་བྱེད་དགོས་ལ། སློབ་གྲྭས་ཕྱོགས་བསྡུས་དཔྱད་འཇོག་བྱས་རྗེས་རང་བདག་གདེམས་གསེས་སྒོས་བསྡུ་ལེན་བྱེད་དགོས།

3 འོས་སྐྱེལ།

སློབ་སྦྱོང་དང་བྱ་བའམ་བྱ་འགུལ་ཆེ་བའི་ཁྲོད་ནས་གྲུབ་འབྲས་མངོན་གསལ་ཐོན་མཁན་ལ། ཏང་སྲིད་ལས་དོན་སྡེ་ཁག་དང་ཁེ་ལས། དམག་དཔུང་། སློབ་གྲྭ། སྤྱི་ཚོགས་ཐུན་མོང་སོགས་རྩ་འཛུགས་ཀྱི་མིང་ཐོག་ནས་རྒྱུགས་ལེན་ལ་ཞུགས་མི་དགོས་པར་སློབ་སྦྱོང་ལ་འགྲོ་པར་བྱེད་པ་དང་། སྤྱིར་བཏང་དུ་མཐོ་འབྲིང་དཀྱུས་མའི་སློབ་མ་ནི་སློབ་གྲྭས་སློབ་ཆེན་དུ་འོས་སྐྱེལ་བྱེད་དགོས་ལ། སློབ་ཆེན་སློབ་མ་ནི་ཞིབ་འཇུག་སློབ་མར་འོས་སྐྱེལ་བྱེད་དགོས་པ། དམག་མི་ནི་ཐོན་རིམ་པ་ཡན་གྱི་སྡེ་ཁག་གིས་དམག་གི་སློབ་གྲྭར་འོས་སྐྱེལ་བྱེད་དགོས་པ་དང་སྤྱིར་བཏང་གི་ལས་བཟོ་བ་ནི་ཁེ་ལས་ཀྱིས་འོས་སྐྱེལ་བྱེད་དགོས་པ་ཡིན།

མཐོ་འབྲིང་དངོས་གཞི་སློབ་མའི་འོས་སྐྱེལ་ཐོབ་ཐང་གི་ཆ་རྐྱེན་ལ་ཆེས་མ་མཐའ་ཡང་གཤམ་གསལ་གྱི་དོན་ཚན་གཅིག་ངེས་པར་དུ་ཚང་དགོས་ཏེ། མཐོ་འབྲིང་སྐབས་སུ་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་པ། མཐོ་འབྲིང་སྐབས་སུ་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་ཨོ་ལིན་ཕི་ཁོ་རིག་ཚན་ཡོངས་ཀྱི་འགྲན་བསྡུར་ཁྲོད་རིག་ཚན་སྣ་གཅིག་ལ་གཟེངས་རྟགས་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་མཁན། དེ་ཡང2011ལོ་ནས་རྒྱལ་ཁབ་གཅིག་བསྡུས་སྦྱོང་བརྡར་རུ་ཁག་ལ་ཞུགས་ན་ད་གཟོད་ཐོབ་ཐང་ཡོད། མཐོ་འབྲིང་སྐབས་སུ་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་ཨོ་ལིན་ཕི་ཁོ་རིག་ཚན་ཡོངས་ཀྱི་འགྲན་བསྡུར་ལས་ཞིང་ཆེན་འགྲན་ཁུལ་གྱི་རྒྱལ་ཡོངས་གྲངས་རིག་རིམ་མཚུངས་མཉམ་འགྲན། དངོས་ལུགས་འགྲན་བསྡུར། རྫས་འགྱུར་འགྲན་བསྡུར། རྒྱལ་ཡོངས་ན་གཞོན་བརྡ་འཕྲིན་རིག་པའི་ཨོ་ལིན་ཕི་ཁོ་རིམ་མཚུངས་མཉམ་འགྲན། རྒྱལ་ཡོངས་ཆུང་འབྲིང་སློབ་མའི་སྐྱེ་དངོས་རིག་པའི་རིམ་མཚུངས་མཉམ་འགྲན་ཁྲོད་སྣ་གཅིག་གི་གཟེངས་རྟགས་ཨང་དང་པོ་ཐོབ་མཁན། འོན་ཀྱང2011ལོ་ནས་རིམ་མཚུངས་མཉམ་འགྲན་གྱི་གཟེངས་རྟགས་ཨང་དང་པོ་འོས་སྐྱེལ་མེད་པར་བཟོས་ཡོད། རྒྱལ་ཡོངས་ན་གཞོན་ཚན་རྩལ་གསར་གཏོད་འགྲན་བསྡུར(རྒྱལ་ཡོངས་ན་གཞོན་སྐྱེ་དངོས་དང་ཁོར་ཡུག་ཚན་རིག་ལག་ལེན་བྱ་འགུལ་ཡང་འདུ)དང་སང་ཉིན་ཚན་རིག་པ་ཆུང་ཆུང་གི་བྱ་འགུལ་གཟེངས་རྟགས། ཡང་ན་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་རྩིས་འཁོར་བཟོ་བཀོད་བྱ་འགུལ་ཁྲོད་ཨང་དང་པོ་དང་གཉིས་པའི་གཟེངས་རྟགས་ཐོབ་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ། རྒྱལ་སྤྱིའི་ཚན་རིག་དང་བཟོ་བཀོད་འགྲན་བསྡུར་ཆེན་མོའམ་རྒྱལ་སྤྱིའི་ཁོར་ཡུག་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་ཨོ་ལིན་ཕི་ཁོ་འགྲན་བསྡུར་ཁྲོད་གཟེངས་རྟགས་ཐོབ་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ། སློབ་གསོ་པུའུ་ནས་མཆོག་མཆན་ཐོབ་པའི་འོས་སྦྱོར་ཐོབ་ཐང་ཡོད་པའི་ཕྱི་ཡིག་སློབ་འབྲིང་གིས་མཐོ་རིམ་སློབ་གྲྭའི་ཕྱིའི་སྐད་ཡིག་དང་རྩོམ་རིག་རིགས་ཀྱི་ཆེད་ལས་འོས་སྦྱོར་ལ་འཚམས་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ། དུས་རྒྱུན་གྱི་ཁྲོད་དུ་རྒྱལ་ཡོངས་ལུས་རྩལ་འགྲར་བསྡུར་ལས་ཨང་གསུམ་ཡན་ཐོན་མཁན་དང་ཡ་གླིང་ལུས་རྩལ་འགྲན་བསྡུར་ཁྲོད་ཀྱི་ཨང་དྲུག་པའི་ཡན། འཛམ་གླིང་ལུས་རྩལ་འགྲན་བསྡུར་ཨང་བརྒྱད་པའི་ཡན་དང་ལྒང་རིགས་ཐུན་མོང་རྣམ་གྲངས་འགུལ་སྐྱོད་ཁྲོད་ ཕུལ་བྱུང་ལུས་རྩལ་པ། མཆོངས་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕུལ་བྱུང་ལུས་རྩལ་པ། དྲག་རྩལ་རྣམ་གྲངས་ལས་དྲག་རྩལ་དཔའ་བོའི་རིམ་པ་དང་རྣམ་གྲངས་གཞན་གྱི་རྒྱལ་སྤྱིའི་ཕུལ་བྱུང་ལུས་རྩལ་པའི་མིང་རྟགས་ཐོབ་པའི་ངལ་གསོས་ལུས་རྩལ་པ། སྤྱི་བདེ་པུའུ་དང་སློབ་གསོ་པུའུ་འབྲེལ་ཡོད་གཏན་འཁེལ་ནང་མཐུན་པའི་སྤྱི་བདེ་དཔའ་བོའི་བྱིས་པ།

སློབ་གསོ་པུའུ་ཡིས་གཏན་འཁེལ་ལྟར། ཞིང་ཆེན་ཕུལ་བྱུང་སློབ་མ་དང་འབྲེལ་ཡོད་འགྲན་བསྡུར་ཁྲོད་གཟེངས་རྟགས་ཐོབ་པའི་སློབ་མ་སོགས་སུ་ཡིན་ཡང་སློབ་འབྲིང་ནས་ཞིབ་བཤེར་སོགས་འབྲེལ་ཡོད་དོན་དག་བསྒྲུབ་རྗེས་ཞིང་ཆེན་སློབ་གསོ་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན་རིམ་པའི་སློབ་བསྡུ་གཞུང་སྒྲུབ་ཁང་ནས་ཡིག་ཚགས་སུ་བཅུག་རྗེས་ཁྱབ་བསྒྲགས་བྱེད་དགོས་ལ། གལ་ཏེ་ཐོབ་ཐང་རྫུན་མ་དང་འབྲེལ་ཡོད་རྒྱུ་ཆ་རྫུན་མ་མཁོ་སྤྲོད་བྱེད་མཁན་དག་ལ་རྒྱལ་ཡོངས་གཅིག་གྱུར་སློབ་བསྡུ་རྒྱུགས་གཞིར་ཞུགས་པའི་དབང་ཆ་མེད་པར་བཟོ་བར་མ་ཟད། མཐོ་རྒྱུགས་ཡིད་རྟོན་གློག་རྡུལ་ཡིག་ཚགས་སུ་འཇོག་རྒྱུ། གལ་ཏེ་སློབ་ཆེན་ནང་དུ་འོས་སྐྱེལ་བྱས་པའི་སློབ་མ་ཡིན་ན། འབྲེལ་ཡོད་མཐོ་རིམ་སློབ་གྲྭ་ནས་སློབ་ཐོ་མེད་པར་བཟོ་པ། སློབ་འབྲིང་རིམ་པའི་སློབ་གྲྭ་གཞུང་ནས་རྫུན་མ་བཟོ་པ་དང་གནས་ཚུལ་ཛ་དྲག་ཡིན་ན། སློབ་གྲྭ་དེར་ལོ་གཅིག་ནས་གསུམ་བར་གྱི་འོས་སྐྱེལ་དབང་ཆ་ལེན་རྒྱུ་ཡིན་ལ། གནས་ཚུལ་ཧ་ཅང་ཛ་དྲག་ཡིན་ན་རྗེས་ཕྱོགས་ཀྱི་འོས་སྐྱེལ་ཐོང་ཐང་ལེན་རྒྱུ་ཡིན།

4 གཅིག་གྱུར་བསྡུ་ལེན་གྱི་ཆེད་སྦྱོང་དངོས་གཞིར་འཕེར་བ།

མཐོ་སློབ་དཀྱུས་མའི་ཆེད་སྦྱོང་དངོས་གཞིར་འཕེར་བ་ནི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་མཐར་ཕྱིན་སློབ་མར་གདམས་གསེས་བྱས་ཏེ་མཐར་མ་ཕྱིན་སྔོན་དུ་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གི་རྩ་འཛུགས་ཀྱི་གཅིག་གྱུར་རྒྱུགས་ལེན་ལས། དངོས་གཞི་དཀྱུས་མའི་སློབ་གྲྭར་ལོ་གཉིས་རིང་ལ་དངོས་གཞི་སྡེ་ཚན་སློབ་སྦྱོང་བྱེད་དགོས། རང་གི་ཞིང་ཆེན་ནང་ཁུལ་ནས་མ་གཏོགས་མི་ཆོག་ལ། མཐར་ཕྱིན་རྗེས་མཐར་ཕྱིན་འཛིན་ཡིག་དང་ཤེས་རམས་བསླབ་གནས་འཛིན་ཡིག་སོགས་དངོས་གཞིའི་ལག་རྟགས་སྟེར་ལ། དེ་ཡང་ཆེད་སྦྱོང་དངོས་གཞིར་འཕེལ་བའི་དངོས་གཞིའི་སློབ་གསོ་ཡིན།

2_2 ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པ།

1 རང་སྦྱོང་རྒྱུགས་ལེན།

མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་སྒེར་ཚུགས་དངོས་གཞིའི་ཚན་པ་ནི་རིགས་མི་འདྲ་བའི་མཐོ་རིམ་སློབ་གསོའི་རྣམ་པའི་ཆེད་སྦྱོང་ཚན་ཁག་གི་མཐར་ཕྱིན་སློབ་མས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་བཙུགས་པའི་ཆེད་སྦྱོང་རིམ་པ་འགོ་འཛུགས་སའི་རྨང་གཞིའི་སྟེང་སྒེར་ཚུགས་ཀྱིས་ཆེད་སྦྱོང་ཚན་པའི་རང་སྦྱོང་ཆེད་ལས་རིགས་ཀྱི་རྒྱུགས་ལེན་ཡིན། ཞིང་ཆེན་མང་ཆེ་བའི་རང་སྦྱོང་རྒྱུགས་ལེན་སྒྲིག་གཞིའི་ཁག་ནས་རིགས་འདིའི་ཆེད་ལས་ལ་ལག་བསྟར་རྣམ་པ་ནི་དངོས་གཞིའི་རིམ་པའི་ཆེད་ལས་དང་འདྲ་མཚུངས་ཀྱི་དོན་དམ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་ཁས་ལེན་བྱེད་པའི་སློབ་ལོའི་མཐར་ཕྱིན་འཛིན་ཡིག་གམ་ཆེད་སྦྱོང་འདོན་མཁན་གྱི་སློབ་མས་ད་གཟོད་མིང་ཐོ་བཀོད་ཆོག རྒྱུགས་སྤྲོད་མཁན་ལ་མཐར་ཕྱིན་རེ་བར་ཐོན་རྗེས། དངོས་གཞིའི་མཐར་ཕྱིན་འཛིན་ཡིག་ཐོབ་ཐུབ་མོད། ཤེས་རམས་བསླབ་གནས་ལ་རེ་བ་དེ་ལས་མཐོ་བ་ཡོད། དེའི་རྐྱེན་རང་སྦྱོང་རྒྱུགས་ལེན་སློབ་མ་དག་སློབ་གྲྭ་མི་འདྲ་བ་དང་ཆེད་ལས་མི་འདྲ་བའི་རེ་བ་ལྟར་དར་མའི་ཤེས་རམས་བསླབ་གནས་དབྱིན་ཡིག་རྒྱུགས་གཞིའི་ཞུགས་ན་ད་གཟོད་ཤེས་རམས་བསླབ་གནས་འཛིན་ཡིག་ཐོབ་ཐུབ།

2 སྒོ་འབྱེད་སློབ་གསོ།

སྲོལ་རྒྱུན་བསླབ་གནས་སློབ་གསོ་དང་བསྡུར་ནས་བཤད་པའི་སློབ་གསོའི་རྣམ་པ་ཞིག་ཡིན། དེ་ནི་སྲོལ་རྒྱུན་ངོ་འཕྲོད་སློབ་གསོ་དང་འབྲེལ་བའི་རྣམ་པ་ཞིག་ཡིན་ལ། བསླབ་དེབ་རང་འདེམས་སློབ་སྦྱོང་། དྲ་རྒྱའི་དུས་ཐོག་བསླབ་གཞི་དང་དྲ་རྒྱའི་སློབ་ཁྲིད་དག་མཉམ་འབྲེལ་དུ་གྲུབ་པའི་རྣམ་པ་གསར་བའི་སློབ་ཁྲིད་རྣམ་པ་ཞིག་ཡིན། སྒོ་འབྱེད་སློབ་གསོ་ནི་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱིས་གཙོ་བདག་བྱེད་ལ། ཞིང་ཆེན་སོ་སོའི་རྒྱང་བསྒྲགས་སློབ་ཆེན་ནས་ཁག་བགོས་ལྟར་གཙོ་བདག་བྱེད་པ། གྲོང་ཁྱེར་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་དང་སློབ་སྦྱོང་བྱེད་པའི་ལྟེ་གནས་ནས་ཞིབ་ཏུ་སློབ་མ་བསྡུ་ལེན་གྱི་སློབ་གསོའི་དོ་དམ་ལག་བསྟར་བྱེད་དགོས། ལོ་རེའི་དཔྱིད་སྟོན་དུ་སློབ་མ་བསྡུ་ལེན་བྱེད་ལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ལྟེ་གནས་ཡོད་པར་མ་ཟད། དེ་དང་མཉམ་དུ་རྒྱལ་ཡོངས་ནས་སློབ་ཐོ་ཡོད་པའི་སློབ་མ་ཆེས་མང་བའི་མཐོ་རིམ་སློབ་གསོའི་སློབ་གྲྭ་ཡིན། སློབ་མའི་སློབ་སྦྱོང་གི་ཐོན་ཁུངས་སྒོ་འབྱེད་ཀྱི་རྣམ་པ་ཡིན་ལ། དུས་ཚོད་ཚད་བཀག་མེད་པ་དང་ས་གནས་ཚད་བཀག་མེད་པར་སློབ་སྦྱོང་བྱེད་པ་དང་། དེ་ལ་སྟོབས་ཤུགས་ཆེས་ཆེ་བའི་དྲ་རྒྱའི་སློབ་སྦྱོང་སྟེགས་བུ་ཞིག་ཡིན། སློབ་སྦྱོང་ལྟེ་གནས་སོ་སོར་ཡང་ངོ་འཕྲད་སློབ་འཁྲིད་ཡོད་ལ། དེ་ནི་ངལ་གསོའི་དུས་ཚོད་གཏན་འཁེལ་མེད་པའི་ལས་ཐོག་མི་སྣར་བསླབ་གནས་སྦྱོབ་སྦྱོང་བྱེད་པའི་གདམས་གསེས་ཆེས་བཟང་བོ་ཞིག་ཡིན།

3 དར་མའི་མཐོ་རྒྱུགས།

དར་མའི་མཐོ་རྒྱུགས་ནི་རྒྱུན་ལྡན་ཡིན་པའི་དར་མའི་སློབ་གསོའི་རྣམ་པ་ཞིག་ཡིན་ལ། ད་སྔ་གདམས་མཁན་ཆེས་མང་བའི་སློབ་གྲྭ་ཡིན། ལོ་རེར་རྒྱུགས་ལེན་གོ་སྐབས་གཅིག་མ་གཏོགས་མེད་ལ། ཕལ་ཆེར་ལོ་རེའི་ཟླ་བཅུ་བའི་ཟླ་དཀྱིལ་ཡིན། སློབ་ཁྲིད་ཀྱི་དུས་ཚོད་ནི་ལས་ཞུགས་དུས་ཀྱི་མཚན་མོ་དང་གཟའ་མཇུག་ཡིན། དར་མའི་སློབ་གསོ་ནི་སློབ་མར་རྨང་གཞི་ངེས་ཅན་ཞིག་མཁོ་བ་ཡིན། སློབ་གྲྭར་འཛུལ་བའི་སྐར་གྲངས་ཀྱང་ཅུང་མཐོ།

4 ལས་ཞོར་སློབ་གསོ།

ལས་ཞོར་སློབ་ཁྲིད་རྣམ་པ་ནི་སྤྱིར་བཏང་དུ་སློབ་གླིང་ཡོད་སའི་ས་གནས་ནས་སློབ་མ་བསྡུ་ལེན་བྱེད་པ་ཡིན་ལ། སློབ་ཁྲིད་བཀོད་སྒྲིག་ལ་མཚན་མོའམ་གཟའ་མཇུག་གི་ངལ་གསོ་ཉིན་མོ་ཡིན། དེའི་རྐྱེན། ལས་གནས་སུ་ཡོད་པའི་སློབ་མས་མིང་ཐོ་འགོད་ཆོག་ལ། རྒྱལ་ནང་ནས་ཀྲུང་ནན་སློབ་ཆེན་དང་། ཝུའུ་ཧན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཧྥུ་ཏན་སློབ་ཆེན་སོགས་སུ་ཡོད།

5 རྒྱང་སྲིང་སློབ་གསོ།

རྒྱང་སྲིང་སློབ་གསོ་སློབ་གྲྭའི་འདེམས་གསེས་ཅུང་མང་བར་མ་ཟད། མང་ཆེ་ཤོས་ནི211གཙོ་གནད་སློབ་ཆེན་ཡིན། འདིའི་རྣམ་པ་ནི་ང་ཚོས་སློབ་སྦྱོང་བྱེད་པར་སྟབས་བདེ་བཟོས་པ་ཡིན། བྱ་བར་བྲེལ་འཚུབ་ཆེ་བ་དང་དུས་ཚོད་གཏན་འཁེལ་མེད་པར་སློབ་ཁྲིད་ལ་ཉན་མཁན་གྱི་སློབ་མར་འོས་འཚམས་ཡིན་ལ། དྲ་རྒྱ་ཡོད་པ་ཙམ་ནས་ས་གནས་གང་དུའང་སློབ་སྦྱོང་བྱས་ཆོག་ལ། མིང་ཐོ་འགོད་པའི་དུས་ཚོད་ཀྱང་ཅུང་ཙམ་ལྷོད་ཡངས་ཡིན། དཔྱིད་ཀ་དང་སྟོན་ཁར་སློབ་གྲྭར་འཛུལ་དགོས་ལ། རྒྱུགས་ལེན་པའི་དུས་ཚོད་མང་ལ། ཟླ་རེར་སློབ་གྲྭར་ཞུགས་པའི་རྒྱུགས་ལེན་ཡོད།

3 མཐོ་སློབ་ཀྱི་ངོ་བོ།

1 ཚད་ལྡན་རང་བཞིན། དངོས་གཞིའི་སློབ་གླིང་ཚང་མ་རྒྱལ་ཁབ་སློབ་གསོ་པུའུ་ནས་ཞིབ་བཤེར་མཆོག་མཆན་བཀོད་པ་དང་རྒྱལ་ཁབ་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་དུ་བླངས་ཡོད་པ་དང་། མཐོ་རིམ་སློབ་གྲྭའི་སློབ་མ་ཚང་མར་སློབ་གསོ་པུའུ་ཡིས་གློག་རྡུལ་ཐོ་འགོད་བྱས་པའི་སློབ་ཐོ་ཡོད། དངོས་གཞིའི་རིམ་པའི་སློབ་མར་སྤྱིར་བཏང་དུ་མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་འཛིན་ཡིག་གཉིས་སྟེར་བ་ཡིན་ལ། མཐོ་སློབ་དཀྱུས་མའི་མཐར་ཕྱིན་པ་མཉམ་དུ་ལས་ཞུགས་མིང་ཐོ་འགོད་ཡིག་སྟེར་བ་ཡིན་ལ། སློབ་ལོ་དང་ཡིག་ཚད་ཚང་མ་རྒྱལ་ཁབ་ནས་ཁས་ལེན་ཐོབ་པ་ཡིན།

2 སྤྱི་ཕན་རང་བཞིན། མི་ཚང་མའི་ཐུན་མོང་གི་སྤྱི་ཕན་ཞབས་ཞུ་བྱེད་པ་ཡིན་ལ། ཕྱོགས་ཡོངས་ནས་མཐོ་རིམ་སློབ་གསོའི་སློབ་གླིང་གི་སྤྱི་ཕན་རང་བཞིན་མངོན་པ་ཡིན།

3 སྣ་མང་རང་བཞིན། སློབ་སྒྲུབ་རྣམ་པ་ནི་སྣ་མང་རང་བཞིན་ཡིན་ལ། དེ་ལ་གཞུང་སྒྲུབ་སློབ་ཆེན་མ་ཟད། དམངས་སྒྲུབ་སློབ་ཆེན། སྒེར་ཚུགས་སློབ་གླིང་། ཀྲུང་ཕྱིའི་མཉམ་འབྲེལ་སློབ་སྒྲུབ་སོགས་སྣ་མང་གི་སློབ་སྒྲུབ་རྣམ་པ་ཡོད་ལ། དེ་ལས་མཐོ་རིམ་སློབ་གྲྭའི་སྣ་མང་རང་བཞིན་མངོན་པ་ཡིན།

4 འགྱུར་བའི་རང་བཞིན། སློབ་གྲྭ་སོ་སོའི་བར་དུ་ཕན་ཚུན་འགྱུར་ལྡོག་བྱས་ཆོག་པ་ལས། གཏན་འཁེལ་མི་འགྱུར་བའི་རང་བཞིན་མིན། དེ་ལས་མཐོ་རིམ་སློབ་གླིང་བར་གྱི་འགྱུར་ཐུབ་པའི་རང་བཞིན་མངོན་པ་ཡིན།

5 འཆར་གཞིའི་རང་བཞིན། ལོ་རེར་མཐོ་རིམ་སློབ་གླི་དུ་སློབ་བསྡུ་བྱེད་པ་ནི་རྒྱལ་ཁབ་ཀྱི་སློབ་བསྡུ་འཆར་གཞི་ལྟར་གཅིག་གྱུར་རྒྱུགས་ལེན་བྱས་ཏེ་སློབ་བསྡུ་བྱེད་དགོས་ལ། དེ་ལས་མཐོ་རིམ་སློབ་གླིང་ལ་འཆར་གཞིའི་རང་བཞིན་ལྡན་པ་ཤེས་ཐུབ།

6 ཉིན་ཧྲིལ་བོའི་ལམ་ལུགས་རང་བཞིན། མཐོ་རིམ་དཀྱུས་མའི་སློབ་གླིང་གི་གཅིག་གྱུར་སློབ་བསྡུ་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཁྲིད་བྱེད་པ་ཡིན་ལ། དེའི་རྐྱེན་མཐོ་རིམ་སློབ་གླིང་གི་སློབ་བསྡུ་སློབ་ཁྲིད་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་རང་བཞིན་ཡོད།

7 འདྲ་མཉམ་རང་བཞིན། དངོས་གཞིའི་སློབ་གླིང་གིས་རང་རྒྱལ་གྱི་མཐོ་རྒྱུགས་སློབ་བསྡུ་ལ་དངོས་གཞིའི་རིམ་པ་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་ཐད་ནས་བསྡུ་ལེན་བྱེད་ལ། ཡོད་ཚད་སློབ་ལོའི་རིམ་པ་དང་ཚད་རིམ་འདྲ་མཉམ་ཡིན་པ་ལས་མཐོ་དམན་དགར་རྒྱུ་མེད། སློབ་ལོ་དང་ཡིག་ཚད་ཀྱང་དེ་བཞིན་ཡིན། དེར་བརྟེན་དངོས་གཞིའི་སློབ་ཆེན་བར་དུ་འདྲ་མཉམ་རང་བཞིན་གྱི་འབྲེལ་བ་ལྡན་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-26

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།