དག་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡི་གེ་རྣམས་ཀྱིས་དོན་གང་སྟོན་པ་གསལ་བར་བཤད་ནས་དེ་ལ་དཔེ་བརྗོད་ཉུང་བསྡུས་རེ་བཀོད་པའི་ཡོ་བྱད་ལྟ་བུའི་དཔེ་ཆའི་རིགས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 字书,正字,拼音法

དབྱིན་ཡིག 1.a book for learning to spell 2.shung

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།    ཡི་གེ་རྣམས་ཀྱིས་དོན་གང་སྟོན་པ་གསལ་བར་བཤད་ནས་དེ་ལ་དཔེ་བརྗོད་ཉུང་བསྡུས་རེ་བཀོད་པའི་ཡོ་བྱད་ལྟ་བུའི་དཔེ་ཆའི་རིགས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།    ཞུས་དག་བྱས་པའི་ཡི་གེ་ལའང་།  1.净字法,拼音法。2.校正文字。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ཡི་གེ་དག་བྱེད་ཀྱི་དཔེ་ཆའི་མིང་།  ཡི་གེའི་དག་ཆ་མི་ཤེས་པས་དག་ཡིག་སྔོག་པ།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།    ཡི་གེ་དག་བྱེད་ཀྱི་དཔེ་ཆའི་མིང༌། 字书,正字学:  ཡི་གེའི་དག་ཆ་མི་ཤེས་པས་དག་ཡིག་སྔོག་པ། 因为不知道文字的正确写法,才翻字书。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།    མིང་ཚིག  སྒྲ་རིག་པ།  ཡི་གེའི་དག་ཆ་སྟོན་བྱེད་ཀྱི་གཞུང་སྟེ་གཙོ་བོ་མིང་གི་དག་ཆ་རྣམས་གཙོ་བོར་བསྟན་པའི་གཞུང་ལ་གོ་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-13

གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།