དང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ སྡུད་པ་ལ་འཇུག་པ། བསྡུ་བྱའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༢ འབྱེད་པ་ལ་འཇུག་པ། དབྱེ་བར་བྱ་བའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ལས་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༣ རྒྱུ་མཚན་གསལ་བྱེད་དུ་འཇུག་པ། སྔ་མའི་སྒྲུབ་བྱེད་ལ་བརྟེན་ནས་ཕྱི་མ་བསྒྲུབ་པར་བྱ་བ་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༤ ཚེ་སྐབས་སྟོན་བྱེད་དུ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་སྦྱར་པས་ཚེའམ་སྐབས་གསལ་བར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༥ གདམས་ངག་གསལ་བྱེད་ལ་འཇུག་པ། དོན་གང་འགྲུབ་པར་བྱེད་པའམ་ལེགས་པར་སྒྲུབ་པའི་གདམས་ངག་གམ་ཐབས་སྟོན་པའི་སྐུལ་ཚིག་དང་སྒྲ་ཅན་སྟེ། སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༦ བྱ་ཡུལ་གསལ་བྱེད་ལ་འཇུག་པ། བྱེད་པ་པོ་གང་གི་བྱ་བ་འཇུག་པའི་ཡུལ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༧ མཚུངས་གསལ་གྱི་སྒྲ་འདྲེན་བྱེད་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། ༨ ལྡན་པ་གསལ་བྱེད་ལ་འཇུག་པ། ཁྱད་གཞི་གང་ལ་ཁྱད་ཆོས་གང་ཞིག་ལྡན་པར་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།
1 ལོ་ཙཱ།

རྒྱ་ཡིག 连词, 分别词, 语气词

དབྱིན་ཡིག 1.the conjunctive particle“and” 2.with, together with  3.as soon as 4.polite imperative 5.certainly do

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①(སྦྲེལ་ཚིག)མིང་དང་ཚིག་སྔ་ཕྱི་སྦྲེལ་བྱེད་ཀྱི་ཚིག་ཕྲད་དེ། དགེ་རྒན་དང་སློབ་མ། རྟ་དང་ལུག་ཅེས་པ་ལྟ་བུ། ②(སྦྱོར་ཚིག)སྒྲིག་ལམ་དང་མ་འགལ། རྩ་ཁྲིམས་དང་འགལ་མི་རུང་། དམག་དཔོན་འཁོར་དང་བཅས་པས་མཐའ་མཚམས་བསྲུངས། ང་དང་བཅས་པའི་ཁྱིམ་མི་ཚང་མས་གསར་འགྱུར་ཀློག་པར་ཉན་ལྟ་བུ། ③(གྲོགས་ཚིག)<ཀ>སྐུལ་ཚིག་གི་མཐར་སྦྱར་ན་རེ་བ་ཞུ་བའི་དོན་ཏེ། ང་ལ་དཔེ་ཆ་ཞིག་གཡོར་དང་། གསུང་རོགས་གནོངས་དང་། ཉོན་དང་། ལྟོས་དང་ཞེས་པ་ལྟ་བུ། <ཁ>ཡིག་སྐད་དུ་རྒྱུ་རྐྱེན་ནམ་དུས་སྟོན་པའི་དོན་ཏེ། སྨན་འཐུངས་པ་དང་ནད་སོས། ཉི་མ་ཤར་བ་དང་མུན་པ་སངས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལྟ་བུ།  及,与,和,如眼及耳,鼻,舌。【增】1.据西藏文法始祖端美三布札说,此字有五种意义:一. 连接词。二. 分别词。三. 表示因为、原因的词,如སྨན་ཟོས་པ་དང་ནད་སོས་སོ།། 因服药而病愈。四. 表示当某个时间、机会等,如ཉི་མ་ལ་ལ་ཤར་བ་དང་ཆོས་སྟོན་དྲངས། 太阳上升于山坡时他就做佛事。五. 表示劝告或请求,如 ལེགས་པར་སློབ་དང་།  好好学习!2.共同,如ཁོ་རང་ཁྱོད་དང་མཉམ་དུ་འགྲོ་དགོས། 他要和你一同走;与 ལྡན་同用表示“据有”“备有”,如  ནོར་དང་ལྡན་པ། 有财产,富有;与很多动词同用时,则此义更加明显,如 མི་སེར་དང་འཕྲད་པ།  与农夫相遇;གཞན་གྱི་ཡིད་དང་མཐུན་པ། 随顺旁人的心意。3.因为韵律需要,或提及某总量时,可以置于名词或代名词之后,如 ས་དང་ཆུ་དང་མེ་དང་རླུང་དང་བཞིའོ།། 地、水、火、风四者;又如语中  ས་དང་གཅིག  ཆུ་དང་གཉིས། 等等。4.常有“自从”之义,尤其是常与  དང་ 字不能分用的一些词同用,如   འདོད་ཆགས་དང་བྲལ་ཡིན།  离欲。5.在古典中习惯上置于附属句或并列句之后,作为表示连续的虚字。6.草地。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ཚིག་ཕྲད་ཅིག   སུམ་ཅུའི་པའི་རྩ་བར།  གསུམ་པ་ལ་ནི་གཉིས་པ་སྦྱར།  དེ་ནི་སྡུད་དང་འབྱེད་པ་དང་། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། ཞེས་པ་ལྟར་དང་སྒྲ་འདི་ནི་དོན་ལྔ་ལ་འཇུག་པའི་ཕྲད་ཅིག  སི་ཏུའི་འགྲེལ་ཆེན་དུ། མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་གཉིས་པ་ང་ཡིག་སྦྱར་བས།  དང་ཞེས་གྲུབ་པ་དེ་ནི།  ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང༌། སོ་སོར་འབྱེད་པ་དང༌།  རྒྱུ་མཚན་ཏེ་རྒྱུའི་མཚན་ཉིད་ཀྱི་དོན་དང༌། དུས་བརྗོད་པའི་ཚེ་སྐབས་ཀྱི་དོན་དང༌། གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ། དོན་ལྔ་ལ་འཇུག་གོ་ཞེས་སོ།།  ①དེའང་སྡུད་པའི་དོན་སྦྱར་བ།   འདུས་བྱས་དང་འདུས་མ་བྱས་ནི་ཆོས་སོ།། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌།   ལུས་རྣམས་ནི་དབང་པོའོ།། གང་དང་མཚུངས་པ་དེ་དང་ལྷན་ཅིག་འགྲོགས། ། དགའ་དང་བདེ་དང་མན་པ་འཐོབ་པར་འགྱུར། །ལྟ་བུ་ཚིག་དོན་གཉིས་སམ་མང་པོ་དོན་གཞན་ཞིག་ལ་སྦྱར་ཞིང་བསྡུ་རྒྱུ་ཡོད་པ་རྣམས་དང༌། ②འབྱེད་པ་ལ་སྦྱར་བ། ཆོས་ནི་འདུས་བྱས་དང་འདུས་མ་བྱས་པའོ།། དབང་པོ་རྣམས་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་སོ།། ལྟ་བུ་དབྱེ་གཞི་གཅིག་ལས་གཉིས་སམ་དུ་མར་འབྱེད་པའི་དོན་སྦྱར་བ་རྣམས་དང༌། ③རྒྱུ་མཚན་ལ་སྦྱར་བ། སྨན་ཟོས་པ་དང་ནད་སོས་སོ།། ཆོས་མང་དུ་ཐོས་པ་དང་ལྷག་མཐོང་འཕེལ་ལོ། ། དུ་བ་མཐོང་བ་དང་མེར་ཤེས་སོ།། ལྟ་བུ་རྣམ་དབྱེ་གསུམ་པ་དང་ལྔ་པ་རྒྱུ་མཚན་ལ་འཇུག་པ་བཞིན་དུ་དང་སྒྲ་དེ་ཉིད་རྒྱུ་མཚན་སྟོན་བྱེད་དུ་འགྱུར་བ་རྣམས་དང༌། ④ཚེ་སྐབས་ལ་སྦྱར་བ། རྒྱུ་སྐར་རྒྱལ་འཆར་བ་དང་ཡུལ་དུ་ཚས་སོ།།   ཉི་མ་ཤར་བ་དང་ཆོས་སྟོན། ལྟ་བུ་དུས་བརྗོད་པའི་སྒྲ་དང་འཇུག་པ་གཅིག་པ་རྣམས་དང༌།   ⑤གདམས་ངག་ལ་སྦྱར་བ། ལེགས་པར་སློབ་དང༌། ཁ་ཏོན་གྱིས་དང༌། ཡིད་ལ་ཟུངས་དང༌། ལྟ་བུ་གཞན་ལ་གདམས་པའམ་སྐུལ་བའི་ཚིག་དང་འབྲེལ་བ་རྣམས་སོ།། ཞེས་གསུངས་སོ།།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།     ❶སུམ་ཅུ་པར། གསུམ་པ་ལ་ནི་གཉིས་པ་སྦྱར། དེ་ནི་སྡུད་དང་འབྱེད་པ་དང༌། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པ་ལྟར་དང་སྒྲ་འདི་ནི་དོན་ལྔ་ལ་འཇུག་པའི་ཕྲད་ཅིག 连词。藏语语法三十颂中说དང字是表示合并、分离、理由、时间、教导五种意义的一个虚词。[1]སྡུད་པ་ལ་འཇུག་པ། 合并词。表明若干事物相互连接  སྐྲ་དང་ཁ་སྤུ། 发和须,须发  ཅིག་དང་གཉིས། 一和二。[2]འབྱེད་པ་ལ་འཇུག་པ། 分离词。表示事物彼此分离。1.གཞི་གཅིག་ནས་དུ་མ་འབྱེད་པ། 从一处分离为多处者,实际上也是表明相互连接。 དབང་པོ་ལྔ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་སོ། ། 五根:眼,耳,鼻,舌,身:❷འབྱེད་སྡུད་རྒྱུ་མཚན་ཚེ་སྐབས་གདམས་ངག་གང་ཡང་མ་ཡིན་པར་བྱ་ཚིག་སོགས་དང་སྦྱར་བ། 不属于合并、理由、时间和教导等四种用途而与动词和形容词连用者:ཁོང་དང་ལྷན་ཅིག་ཏུ་སླེབས་པ། 和他同来。ཁྱོད་དང་མཉམ་དུ་འགྲོ། 和你同行。 ཁྲིམས་དང་འགལ་བ། 违法。ཁྲིམས་ཚུལ་བཞིན་ཁུར་ན་དང༌། གལ་སྲིད་མ་ཁུར་ན་ཉེས་པ་ཡོང༌། 若依礼守法,固不可论,否则会犯罪。གོང་དང་མཚུངས་པ། 同上。མི་དང་འདྲ་བ། 像人。གྲོགས་པོ་དང་འགྲོགས་པ། 和朋友要好。དགྲ་དང་འཐབ་པ། 与敌人战斗。ཆུ་དང་གཅིག   མེ་དང་གཉིས། རླུང་དང་གསུམ། 水为一火为二,风为三。ལུགས་དང་མཐུན་པ། 合理。ཆུ་དང་ཐག་ཉེ་བ། 近水。ཉེན་ཁ་དང་འཕྲད་པ། 遇险。ཉེན་དང་བྲལ་བ། 离开亲友。ཕ་མ་དང་འགྲོགས་པ། 随同父母。ཡི་གེ་དང་སྦྲགས་ནས་བཏང་བ། 连同书信送出去。[3]རྒྱུ་མཚན་ལ་འཇུག་པ། 理由词。表明前一事物是后一事物的原因:སྨན་ཟོས་པ་དང་ནད་དྲག་པ། 服了药病才好了。འགྲེལ་བཤད་ཞིབ་གསལ་བྱས་པ་དང་དོན་གནད་རྟོགས་པ། 经过详细解释才了解了要义。[4]ཚེ་སྐབས་ལ་འཇུག་པ། 时间词,表明事件发生的时间ཉི་མ་ཤར་བ་དང་ཕྱིན་པ། 日出时走了。ཁོ་སླེབས་པ་དང་འགོ་བཙུགས་པ། 他一到了就开始。2གདམས་ངག་ལ་འཇུག་པ། 语气词,表示指示或教训等语气:ལྟོས་དང༌། 你看!ལེགས་པར་སློབས་དང༌། 好好地读。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།     ཕྲད་ཚིག  ①སྡུད་པ་ལ་འཇུག་པ།  བསྡུ་བྱའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ཏུ་སྡུད་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  ཀ་ར་དང་།  བུ་རམ་དང་།  སྦྲང་རྩི་རྣམས་ནི་དཀར་གསུམ་མོ་ལྟ་བུ།  ②འབྱེད་པ་ལ་འཇུག་པ།  དབྱེ་བར་བྱ་བའི་གྲངས་ངེས་མ་ངེས་ཅི་རིགས་གཞི་གཅིག་ལས་སོ་སོར་འབྱེད་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ། དཔེར་ན།  རོ་དྲུག་ནི་མངར་བ་དང་།  སྐྱུར་བ་དང་།  ཁ་བ་དང་།  བསྐ་བ་དང་།  ཚ་བ་དང་།  ལན་ཚྭ་བའོ་ལྟ་བུ།  ③རྒྱུ་མཚན་གསལ་བྱེད་དུ་འཇུག་པ།  སྔ་མའི་སྒྲུབ་བྱེད་ལ་བརྟེན་ནས་ཕྱི་མ་བསྒྲུབ་པར་བྱ་བ་ལ་འཇུག་པ་སྟེ།  སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  སྐད་གོ་བ་དང་ལུང་པ་གང་ནས་ཡིན་ཤེས་ལྟ་བུ།  ④ཚེ་སྐབས་སྟོན་བྱེད་དུ་འཇུག་པ།  དུས་དང་སྐབས་སྟོན་པའི་མིང་མཐར་སྦྱར་པས་ཚེའམ་སྐབས་གསལ་བར་བྱེད་པ་སྟེ།  སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  ཆུ་ཚོད་དགུ་པར་སླེབས་པ་དང་ལས་ཁུངས་སུ་འབྱོར།  ཉི་མ་ཤར་བ་དང་ལམ་ལ་ཆས་ལྟ་བུ།  ⑤གདམས་ངག་གསལ་བྱེད་ལ་འཇུག་པ།  དོན་གང་འགྲུབ་པར་བྱེད་པའམ་ལེགས་པར་སྒྲུབ་པའི་གདམས་ངག་གམ་ཐབས་སྟོན་པའི་སྐུལ་ཚིག་དང་སྒྲ་ཅན་སྟེ།  སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  བརྩོན་འགྲུས་རྩོམ་དང་མཁས་པར་འགྱུར་རོ། ། རིག་པ་སློབ་དང་།  གཞན་ལ་ཕན་པའི་ལས་ཀ་སྒྲུབ་དང་ལྟ་བུ།  ⑥བྱ་ཡུལ་གསལ་བྱེད་ལ་འཇུག་པ།  བྱེད་པ་པོ་གང་གི་བྱ་བ་འཇུག་པའི་ཡུལ་སྟོན་པ་སྟེ།  སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  དགེ་འདུན་པའི་ནང་ཁྲིམས་དང་འགལ་བ།  བླ་མ་དང་མཇལ།  གྲོགས་དང་བགྲོ་བ་ལྟ་བུ།  ⑦མཚུངས་གསལ་གྱི་སྒྲ་འདྲེན་བྱེད་ལ་འཇུག་པ་སྟེ།  སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  ཁྱོད་ཞལ་པདྨ་ཉིད་དང་མཚུངས་ལྟ་བུ། ⑧ལྡན་པ་གསལ་བྱེད་ལ་འཇུག་པ།  ཁྱད་གཞི་གང་ལ་ཁྱད་ཆོས་གང་ཞིག་ལྡན་པར་སྟོན་པ་སྟེ།  སྦྱོར་ཚུལ་རྗེས་འཇུལ་ལ་མ་ལྟོས་པར་རང་དབང་དུ་འཇུག་གོ།  དཔེར་ན།  ཁོང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་དང་།  སྦྱངས་སྟོབས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་རེད།  རང་གཤིས་དྲང་པོ་དང་ལྡན་ལྟ་བུ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-13

གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།