མིང་བཏགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིང་བཏགས།
མིང་བཏགས་ནི་དང་ཐོག་ལས་གནས་ཀྱི་མིང་ཡིན་ལ། གཞུང་ལུགས་ཀྱི་སྟེང་ནས་ཆེད་ལས་ལག་རྩལ་མི་སྣའི་ཆེད་ལས་ལག་རྩལ་གྱི་ཆུ་ཚད་དང་། ནུས་པ། གྲུབ་འབྲས་བཅས་ཀྱི་རིམ་པའི་མིང་དང་། ཆེད་ལས་ལག་རྩལ་མི་སྣའི་ལག་རྩལ་ཆུ་ཚད་དང་བྱ་བའི་ནུས་པའི་མཚོན་རྟགས་མཚོན་བྱེད་ཀྱང་ཡིན། སྤྱི་ཚོགས་འཕེལ་འགྱུར་གྱིས་དགོས་མཁོ་དང་བསྟུན་ནས། རིམ་བཞིན་ཆེད་ལས་ལག་རྩལ་མི་སྣའི་ཆུ་ཚད་ཀྱི་དཔྱད་འཇོག་དང་གདན་ཞུས་ལས་བསྐོས་གཉིས་དགར་དགོས་པའི་ངོས་ཐད་དུ་དཔྱད་འཇོག་དང་གདན་ཞུས་གཉིས་དགར་བ་ཟེར་ལ། མིང་བཏགས་ཀྱི་གོ་དོན་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་། གདན་ཞུས་ལས་བསྐོས་ཀྱི་ལས་གནས་ཀྱི་མིང་ལ་ཆེད་ལས་ལག་རྩལ་གོ་གནས་ཟེར་ལ་བསྡུས་ན་གོ་གནས་ཟེར་ལ། ཆེད་ལས་ལག་རྩལ་མི་སྣའི་ཆུ་ཚད་ནི་ཆེད་ལས་ལག་རྩལ་གོ་གནས་ལས་བསྐོས་ཐོབ་ཐང་ལས་མངོན་དགོས་ལ་བསྡུས་ན་མིང་བཏགས་ཟེར། རིག་གཞུང་གིས་ངོས་ནས་རིམ་པ་མི་འདྲ་བའི་རང་བཞིན་དང་། ཆེད་ལས་ལག་རྩལ་གྱི་ངོས་ནས་ལས་གནས་ཀྱི་རང་བཞིན་ཡོད་ལ། ཆེད་ལས་ལག་རྩལ་མི་སྣར་ཆེད་ལས་ལག་རྩལ་མིང་བཏགས་གང་ཞིག་ལྡན་ན་རིག་གཞུང་ཆུ་ཚད་དམ་ལས་གནས་ཅི་ཞིག་བསྒྲུབས་པ་སོགས་མངོན་པས་ཚད་ངེས་ཅན་གྱི་ཐོབ་ཐང་མངོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
职称
ཕྱི་ཡིག་གི་མིང་།
Professional Title
བཀོལ་ཡུལ།
ཆེད་ལས་ལག་རྩལ་མི་སྣ།
1 འགྲེལ་བ།

ཚན་རིག་ལག་རྩལ་མི་སྣའི་རིམ་པ་དང་ཁྱད་པར་འབྱེད་པའི་མིང་བཏགས། དཔེར་ན། བཟོ་སྐྲུན་པ། དགེ་རྒན་ཆེན་མོ། འཆད་འཁྲིད་དགེ་རྒན། ཡོན་ཧྲི་ལྟ་བུ།

གོ་གནས་ཀྱི་མིང་། རྒྱུན་ལྡན་དུ་ལག་རྩལ་གོ་གནས་ཀྱི་མིང་ཡིན།

2 རིམ་པ།

མིང་བཏགས་དེ་མཐོ་རིམ་དངོས་མ་དང་མཐོ་རིམ་གཞོན་པ། འབྲིང་རིམ། ལས་རོགས་རིམ་པ། ལག་རྩལ་པའི་རིམ་པ་སོགས་ལྔ་ཡོད། དེའི་ནང་ནས་འབྲིང་རིམ་ཆེད་ལས་སློབ་གྲྭའི་དགེ་རྒན་དང་རྒྱང་བསྒྲགས། འཕྲོད་བསྟེན་ལག་རྩལ། ཞིང་ལས་ལག་རྩལ། ཡིག་ཚགས། རིག་དངོས་དངོས་མང་། དཔེ་མཛོད་རྒྱུ་ཆ། མང་ཚོགས་རིག་གནས། ལག་རྩལ་དགེ་རྒན། དཔལ་འབྱོར། རྩིས་གཉེར། བསྡོམས་རྩིས། རྩིས་བཤེར། བཟོ་སྐྲུན་ལག་རྩལ། འཆར་ལྡན་བུ་སྐྱེས། ཏང་གི་སློབ་གྲྭའི་དགེ་རྒན་གྱི་རིགས་བཅས་རིམ་པ་ལྔ་དབྱེ་ཡོད། 

མཐོ་སློབ་དགེ་རྒན། གསར་འགྱུར། ཚན་རིག་ཞིབ་འཇུག པར་སྐྲུན། རྩལ་ཁྲིད་པ། ལོ་ཙཱ། སྒྱུ་རྩལ་གྱི་རིགས། ཁྲིམས་རྩོད། གཞུང་དཔང་གི་རིགས་ལ་མཐོ་རིམ་དངོས་མ་དང་མཐོ་རིམ་གཞོན་པ། འབྲིང་རིམ། ལས་རོགས་རིམ་པ་བཅས་རིམ་པ་བཞི་རུ་དབྱེ་ཡོད།

ཆུང་འབྲིང་སློབ་གྲྭའི་དགེ་རྒན་ལ་མཐོ་རིམ་དངོས་མ་དང་མཐོ་རིམ་གཞོན་པ། འབྲིང་རིམ། ལས་རོགས་རིམ་པ། ལས་བཟོ་རིམ་པ་བཅས་རིམ་པ་ལྔ་རུ་དབྱེ་ཡོད།

ད་ཡོད་མིང་བཏགས་དང་རྒྱལ་ཁབ་ལས་རིགས་ཐོབ་ཐང་དཔང་ཡིག་མཉམ་འབྲེལ་བྱས་ཡོད་ལ། དོ་མཉམ་གྱི་འབྲེལ་བ་ནི། མཐོ་རིམ་མིང་བཏགས་ནི་རྒྱལ་ཁབ་རིམ་པ་དང་པོའི་ལས་རིགས་ཐོང་ཐང་དཔང་ཡིག་དང་མཚུངས། འབྲིང་རིམ་མིང་བཏགས་ནི་རྒྱལ་ཁབ་རིམ་པ་གཉིས་པའི་ལས་རིགས་ཐོབ་ཐང་དཔང་ཡིག་དང་མཚུངས། དམའ་རིམ་མིང་བཏགས་ནི་རྒྱལ་ཁབ་རིམ་པ་གསུམ་པའི་ལས་རིགས་ཐོབ་ཐང་དཔང་ཡིག་མཚངས།

3 རིགས་དབྱེ།
རྒྱུད་རིམ།
མཐོ་རིམ།
འབྲིང་རིམ།
 དམའ་རིམ།
དངོས་མ།
གཞོན་པ།
 མཐོ་རིམ་སློབ་གྲྭའི་དགེ་རྒན།
དགེ་རྒན་ཆེན་མོ།
དགེ་རྒན་ཆེན་མོ་གཞོན་པ།
འཆད་འཁྲིད་དགེ་རྒན།
རོགས་འཁྲིད་འཆད་འཁྲིད་དགེ་རྒན།
འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན།
 མཐོ་རིམ་འཆད་འཁྲིད་དགེ་རྒན།
འཆད་འཁྲིད་དགེ་རྒན།
རོགས་འཁྲིད་འཆད་འཁྲིད་དགེ་རྒན། དགེ་རྒན་དཀྱུས་མ།
 ལག་རྩལ་སློབ་གྲྭའི་དགེ་རྒན།
མཐོ་རིམ་འཆད་འཁྲིད་དགེ་རྒན།
འཆད་འཁྲིད་དགེ་རྒན།
རོགས་འཁྲིད་འཆད་འཁྲིད་དགེ་རྒན། དགེ་རྒན་དཀྱུས་མ།
མཐོ་རིམ་དངོས་སྦྱོང་མཛུབ་སྟོན་དགེ་རྒན།
རིམ་པ་དང་པོའི་དངོས་སྦྱོང་མཛུབ་སྟོན་དགེ་རྒན།
རིམ་པ་གཉིས་པ་དང་གསུམ་པའི་དངོས་སྦྱོང་མཛུབ་སྟོན་དགེ་རྒན།
སློབ་འབྲིང་དགེ་རྒན།
སློབ་འབྲིང་མཐོ་རིམ་དགེ་རྒན།
སློབ་འབྲིང་རིམ་པ་དང་པོའི་དགེ་རྒན།
སློབ་འབྲིང་རིམ་པ་གཉིས་པ་དང་གསུམ་པའི་དགེ་རྒན།
 སློབ་ཆུངབྱིས་སྐྱོང་ཁངགི་དགེ་རྒན།
སློབ་ཆུང་ཆེས་མཐོའི་དགེ་རྒན།
སློབ་ཆུང་མཐོ་རིམ་དགེ་རྒན་དངོས་མ།
སློབ་ཆུང་མཐོ་རིམ་དགེ་རྒན།
སློབ་ཆུང་རིམ་པ་དང་པོ། གཉིས་པ། གསུམ་པའི་དགེ་རྒན།


བྱིས་གཉོར་ཁང་མཐོ་རིམ་དགེ་རྒན།
བྱིས་གཉོར་ཁང་རིམ་པ་དང་པོ། གཉིས་པ། གསུམ་པའི་དགེ་རྒན།
རང་བྱུང་ཚན་རིག་ཞིབ་འཇུག་མི་སྣ། 
ཞིབ་འཇུག་མི་སྣ། (Z)
ཞིབ་འཇུག་མི་སྣ་གཞོན་པ།(Z)
ལས་རོགས་ཞིབ་འཇུག་མི་སྣ།(Z)
ཞིབ་འཇུག་དངོས་སྦྱོང་མི་སྣ།(Z)
སྤྱི་ཚོགས་ཚན་རིག་ཞིབ་འཇུག་མི་སྣ།
ཞིབ་འཇུག་མི་སྣ།(S)
ཞིབ་འཇུག་མི་སྣ་གཞོན་པ།(S)
ལས་རོགས་ཞིབ་འཇུག་མིསྣ།(S)
ཞིབ་འཇུག་དངོས་སྦྱོང་མི་སྣ།(S)
བཟོ་སྐྲུན་ལག་རྩལ་མི་སྣ།
དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ།
མཐོ་རིམ་བཟོ་སྐྲུན་པ།
བཟོ་སྐྲུན་པ།
ལས་རོགས་བཟོ་སྐྲུན་པ། ལག་རྩལ་པ་དཀྱུས་མ།
ཚོད་ལྟའི་ལག་རྩལ་མི་སྣ།
དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་ཚོད་ལྟའི་མི་སྣ།
མཐོ་རིམ་ཚོད་ལྟའི་མི་སྣ།
ཚོད་ལྟ་མཁན།
ལས་རོགས་ཚོད་ལྟའི་མི་སྣ། ཚོད་ལྟ་མཁན་དཀྱུས་མ།
 ཞིང་ལས་ལག་རྩལ་མི་སྣ།
དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་ཞིང་རྩལ་པ། 
མཐོ་རིམ་ཞིང་རྩལ་པ།
ཞིང་རྩལ་པ།
ལས་རོགས་ཞིང་རྩལ་པ། ཞིང་ལས་ལས་རྩལ་ཅན། 
དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་ཕྱུགས་ནད་སྨན་པ།
མཐོ་རིམ་ཕྱུགས་ནད་སྨན་པ།
ཕྱུགས་ནད་སྨན་པ།
ལས་རོགས་ཕྱུགས་ནད་སྨན་པ།  ཕྱུགས་ནད་ལག་རྩལ་ཅན།
དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་ཕྱུགས་བཅོས་སྨན་པ།
མཐོ་རིམ་ཕྱུགས་བཅོས་སྨན་པ།
ཕྱུགས་བཅོས་སྨན་པ།
ལས་རོགས་ཕྱུགས་བཅོས་སྨན་པ། ཕྱུགས་བཅོས་ལག་རྩལ་ཅན།
 འཕྲོད་བསྟེན་ལག་རྩལ་མི་སྣ།
སྨན་པ་འབུམ་རམས་པ།
སྨན་པ་འབུམ་རམས་པ་གཞོན་པ།
སྨན་པ་རབ་འབྱམས་པ།
སྨན་པ་དཀའ་བཅུ་བ་དང་བསྡུས་ར་བ།
སྨན་གཉེར་འབུམ་རམས་པ།
སྨན་གཉེར་འབུམ་རམས་པ་གཞོན་པ།
སྨན་གཉེར་རབ་འབྱམས་པ།
སྨན་གཉེར་དཀའ་བཅུ་དང་བསྡུས་ར་བ།
ནད་གཡོག་དབུ་ཆེན།
ནད་གཡོག་དབུ་ཆེན་གཞོན་པ།
ནད་གཡོག་གཙོ་གཉེར་བ།
ནད་གཡོག་དཀའ་བཅུ་བ། ནད་གཡོག་དཀྱུས་མ།
ལག་རྩལ་དབུ་ཆེན།
ལག་རྩལ་དབུ་ཆེན་གཞོན་པ།
ལག་རྩལ་གཙོ་གཉེར་བ།
ལག་རྩལ་པ།  ལག་རྩལ་པ་དཀྱུས་མ།
དཔལ་འབྱོར་ཆེད་ལས་མི་སྣ།

མཐོ་རིམ་འདུ་འགོད་པ།
འདུ་འགོད་པ།
ལས་རོགས་འདུ་འགོད་པ། འདུ་འགོད་པ་དཀྱུས་མ།
རྩིས་གཉེར་ཆེད་ལས་མི་སྣ།

མཐོ་རིམ་རྩིས་པ།
རྩིས་པ།
ལས་རོགས་རྩིས་པ། རྩིས་པ་དཀྱུས་མ།
རྩིས་བཤེར་ཆེད་ལས་མི་སྣ།

མཐོ་རིམ་རྩིས་བཤེར་པ།
རྩིས་བཤེར་པ།
ལས་རོགས་རྩིས་བཤེར་པ། རྩིས་བཤེར་པ་དཀྱུས་མ།
བསྡོམས་རྩིས་ཆེད་ལས་མི་སྣ།

མཐོ་རིམ་བསྡོམས་རྩིས་པ།
བསྡོམས་རྩིས་པ།
ལས་རོགས་བསྡོམས་རྩིས་པ། བསྡོམས་རྩིས་པ་དཀྱུས་མ།
གསར་འགྱུར་ཆེད་ལས་མི་སྣ།
མཐོ་རིམ་གསར་འགོད་པ།
ཀྲུའུ་རིན་གསར་འགོད་པ།
གསར་འགོད་པ།
ལས་རོགས་གསར་འགོད་པ།
མཐོ་རིམ་རྩོམ་སྒྲིག་པ།
ཀྲུའུ་རིན་རྩོམ་སྒྲིག་པ།
རྩོམ་སྒྲིག་པ། (X)
ལས་རོགས་རྩོམ་སྒྲིག་པ། (X)
 པར་སྐྲུན་ཆེད་ལས་མི་སྣ།
རྩོམ་སྒྲིག་ཞུས་ཆེན།
རྩོམ་སྒྲིག་ཞུས་ཆེན།
རྩོམ་སྒྲིག་པ།(C)
ལས་རོགས་རྩོམ་སྒྲིག་པ།(C)


ལག་རྩལ་རྩོམ་སྒྲིག་པ།
ལས་རོགས་ལག་རྩལ་རྩོམ་སྒྲིག་པ། ལག་རྩལ་ཇུས་འགོད་པ།


རིམ་པ་དང་པོའི་ཞུ་དག་པ།
རིམ་པ་གཉིས་པ་དང་གསུམ་པའི་ཞུ་དག་པ།
དཔེ་མཛོད་རྒྱུ་ཆའི་ཆེད་ལས་མི་སྣ།
ཞིབ་འཇུག་དཔེ་མཛོད་པ།(T)
ཞིབ་འཇུག་དཔེ་མཛོད་པ་གཞོན་པ།(T)
དཔེ་མཛོད་པ། (T)
ལས་རོགས་དཔེ་མཛོད་པ། དོ་དམ་པ་དཀྱུས་མ།(T)
རིག་དངོས་དངོས་མང་ཆེད་ལས་མི་སྣ།
ཞིབ་འཇུག་དཔེ་མཛོད་པ།(W)
ཞིབ་འཇུག་དཔེ་མཛོད་པ་གཞོན་པ།(W)
དཔེ་མཛོད་པ།(W)
ལས་རོགས་དཔེ་མཛོད་པ། དོ་དམ་པ་དཀྱུས་མ།(W)
ཡིག་ཚགས་ཆེད་ལས་མི་སྣ།
ཞིབ་འཇུག་ཡིག་ཚགས་པ།(D)
ཞིབ་འཇུག་ཡིག་ཚགས་པ་གཞོན་པ།(D)
ཡིག་ཚགས་པ། (D)
ལས་རོགས་ཡིག་ཚགས་པ། དོ་དམ་པ་དཀྱུས་མ། (D)
རྒྱང་བསྒྲགས་བརྙན་འཕྲིན་པ།
མཛུབ་སྟོན་རྒྱང་བསྒྲགས་པ།
ཀྲུའུ་རིན་རྒྱང་བསྒྲགས་པ།
རིམ་པ་དང་པོའི་རྒྱང་བསྒྲགས་པ།
རིམ་པ་གཉིས་པ་དང་གསུམ་པའི་རྒྱང་བསྒྲགས་པ།
 ལོ་ཙཱའི་མི་སྣ།
འགྱུར་ཞུས་པ།
འགྱུར་ཞུས་པ་གཞོན་པ།
ལོ་ཙཱ་བ།
ལས་རོགས་ལོ་ཙཱ་བ།
ཁྲིམས་རྩོད་པ།
རིམ་པ་དང་པོའི་ཁྲིམས་རྩོད་པ།
རིམ་པ་གཉིས་པའི་ཁྲིམས་རྩོད་པ།
རིམ་པ་གསུམ་པའི་ཁྲིམས་རྩོད་པ།
རིམ་པ་བཞི་བའི་ཁྲིམས་རྩོད་པ། ལས་རོགས་ཁྲིམས་རྩོད་པ། 
གཞུང་ཕྱོགས་དཔང་པོ།
རིམ་པ་དང་པོའི་གཞུང་ཕྱོགས་དཔང་པོ།
རིམ་པ་གཉིས་པའི་གཞུང་ཕྱོགས་དཔང་པོ།
རིམ་པ་གསུམ་པའི་གཞུང་ཕྱོགས་དཔང་པོ།
རིམ་པ་བཞི་བའི་གཞུང་ཕྱོགས་དཔང་པོ། ལས་རོགས་གཞུང་ཕྱོགས་དཔང་པོ།
 སྒོ་ཁྲལ་ལས་ཁུངས་མི་སྣ།
མཐོ་རིམ་སྒོ་ཁྲལ་ལྟ་སྐུལ།
སྒོ་ཁྲལ་ལྟ་སྐུལ།
ལས་རོགས་སྒོ་ཁྲལ་ལྟ་སྐུལ། ལྟ་སྐུལ་བ་གཞོན་པ། 
 གྲུའི་ལག་རྩལ་མི་སྣ།
མཐོ་རིམ་དེད་དཔོན།
དེད་དཔོན། ལག་རོགས་གཙོ་བོ།
ལག་རོགས་གཉིས་པ་དང་ལག་རོགས་གསུམ་པ།
མཐོ་རིམ་འཁོར་གྲུའི་འགོ་བ།
གྲུ་གཏོང་མིའི་འགོ་བ། གྲུའི་བདག་གཉེར་གཙོ་བོ།
གྲུའི་བདག་གཉེར་གཙོ་བོ་གཉིས་པ་དང་གསུམ་པ།
མཐོ་རིམ་གློག་འདོན་པ།
ཀུན་སྤྱོད་གློག་འདོན་པ། རིམ་པ་དང་པོའི་གློག་འདོན་པ།
རིམ་པ་གཉིས་པའི་གློག་འདོན་པ།
མཐོ་རིམ་གློག་འཕྲིན་གཏོང་ལེན་པ།
ཀུན་སྤྱོད་གློག་འཕྲིན་གཏོང་ལེན་པ། རིམ་པ་དང་པོའི་གློག་འཕྲིན་གཏོང་ལེན་པ།
རིམ་པ་གཉིས་པའི་གློག་འཕྲིན་གཏོང་ལེན་པ། ཚད་བཀག་གློག་འཕྲིན་གཏོང་ལེན་པ།
 མཐོ་རིམ་གྲུ་ལམ་འཁྲིད་མཁན།
རིམ་པ་དང་པོ་དང་གཉིས་པའི་གྲུ་ལམ་འཁྲིད་མཁན།
རིམ་པ་གསུམ་པའི་གྲུ་ལམ་འཁྲིད་མཁན། ལས་རོགས་གྲུ་ལམ་འཁྲིད་མཁན།
དམངས་སྤྱོད་མཁའ་འགྲུལ་འཕུར་བསྐྱོད་ལག་རྩལ་མི་སྣ།
རིམ་པ་དང་པོའི་འཕུར་སྐྱོད་པ།
རིམ་པ་གཉིས་པའི་འཕུར་སྐྱོད་པ།
རིམ་པ་གསུམ་པ་དང་བཞི་བའི་འཕུར་སྐྱོད་པ།
རིམ་པ་དང་པོའི་མཁའ་ལམ་འཁྲིད་མཁན།
རིམ་པ་གཉིས་པའི་མཁའ་ལམ་འཁྲིད་མཁན།
རིམ་པ་གསུམ་པ་དང་བཞི་བའི་མཁའ་ལམ་འཁྲིད་མཁན།
རིམ་པ་དང་པོའི་འཕུར་སྐྱོད་འཕྲིན་སྐྱེལ་བ།
རིམ་པ་གཉིས་པའི་འཕུར་སྐྱོད་འཕྲིན་སྐྱེལ་བ།
རིམ་པ་གསུམ་པ་དང་བཞི་བའི་འཕུར་སྐྱོད་འཕྲིན་སྐྱེལ་བ།
 རིམ་པ་དང་པོའི་འཕུར་སྐྱོད་འཕྲུལ་ཆས་པ།
རིམ་པ་གཉིས་པའི་འཕུར་སྐྱོད་འཕྲུལ་ཆས་པ།
རིམ་པ་གསུམ་པ་དང་བཞི་པའི་འཕུར་སྐྱོད་འཕྲུལ་ཆས་པ།
སྒྱུ་རྩལ་ཆེད་ལས་མི་སྣ།
རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ།
རིམ་པ་གཉིས་པའི་འཁྲབ་གཞུང་རྩོམ་པ་པོ།
རིམ་པ་གསུམ་པའི་འཁྲབ་གཞུང་རྩོམ་པ་པོ།
རིམ་པ་བཞི་པའི་འཁྲབ་གཞུང་རྩོམ་པ་པོ།
རིམ་པ་དང་པོའི་རྩོམ་རིག་གསར་རྩོམ་པ།
རིམ་པ་གཉིས་པའི་རྩོམ་རིག་གསར་རྩོམ་པ།
རིམ་པ་གསུམ་པའི་རྩོམ་རིག་གསར་རྩོམ་པ།
རིམ་པ་བཞི་པའི་རྩོམ་རིག་གསར་རྩོམ་པ།
རིམ་པ་དང་པོའི་དབྱངས་རྩོམ་མཁན།
རིམ་པ་གཉིས་པའི་དབྱངས་རྩོམ་མཁན།
རིམ་པ་གསུམ་པའི་དབྱངས་རྩོམ་མཁན།
རིམ་པ་བཞི་པའི་དབྱངས་རྩོམ་མཁན།
རིམ་པ་དང་པོའི་འཁྲབ་འཁྲིད་པ།
རིམ་པ་གཉིས་པའི་འཁྲབ་འཁྲིད་པ།
རིམ་པ་གསུམ་པའི་འཁྲབ་འཁྲིད་པ།
རིམ་པ་བཞི་པའི་འཁྲབ་འཁྲིད་པ།
རིམ་པ་དང་པོའི་འཁྲབ་སྟོན་པ།
རིམ་པ་གཉིས་པའི་འཁྲབ་སྟོན་པ།
རིམ་པ་གསུམ་པའི་འཁྲབ་སྟོན་པ།
རིམ་པ་བཞི་པའི་འཁྲབ་སྟོན་པ།
རིམ་པ་དང་པོའི་རོལ་མོ་དཀྲོལ་མཁན།
རིམ་པ་གཉིས་པའི་རོལ་མོ་དཀྲོལ་མཁན།
རིམ་པ་གསུམ་པའི་རོལ་མོ་དཀྲོལ་མཁན།
རིམ་པ་བཞི་པའི་རོལ་མོ་དཀྲོལ་མཁན།
རིམ་པ་དང་པོའི་བཀོད་འདོམས་པ།
རིམ་པ་གཉིས་པའི་བཀོད་འདོམས་པ།
རིམ་པ་གསུམ་པའི་བཀོད་འདོམས་པ།
རིམ་པ་བཞི་པའི་བཀོད་འདོམས་པ།
རིམ་པ་དང་པོའི་རི་མོ་པ།
རིམ་པ་གཉིས་པའི་རི་མོ་པ།
རིམ་པ་གསུམ་པའི་རི་མོ་པ།
རི་མོ་པ་དཀྱུས་མ།
རིམ་པ་དང་པོའི་མཛེས་ལས་ཇུས་འགོད་པ།
རིམ་པ་གཉིས་པའི་མཛེས་ལས་ཇུས་འགོད་པ།
རིམ་པ་གསུམ་པའི་མཛེས་ལས་ཇུས་འགོད་པ།
མཛེས་ལས་ཇུས་འགོད་པ་དཀྱུས་མ།
ཞབས་བྲོའི་ཀྲུའུ་རིན།
གར་སྟེགས་ལག་རྩལ་པ།
གར་སྟེགས་ལག་རྩལ་པ་དཀྱུས་མ།
 གློག་བརྙན་སྟོན་མཁན་ཀྲུའུ་རིན་ལག་རྩལ་པ།
གློག་བརྙན་སྟོན་མཁན་ལག་རྩལ་པ།
གློག་བརྙན་སྟོན་མཁན་ལག་རྩལ་པ་དཀྱུས་མ།
བཟོ་བཀོད་མཛེས་རྩལ་ཆེད་ལས་མི་སྣ།
མཐོ་རིམ་བཟོ་བཀོད་མཛེས་རྩལ་མཁན།
བཟོ་བཀོད་མཛེས་རྩལ་མཁན།
ལས་རོགས་བཟོ་བཀོད་མཛེས་རྩལ་མཁན། བཟོ་བཀོད་མཛེས་རྩལ་པ་དཀྱུས་མ།
ལུས་རྩལ་རྩལ་འཁྲིད་པ།
རྒྱལ་ཁབ་རིམ་པའི་རྩལ་འཁྲིད་པ།
མཐོ་རིམ་རྩལ་འཁྲིད་པ། 
རིམ་པ་དང་པོའི་རྩལ་འཁྲིད་པ།
རིམ་པ་གཉིས་པ་དང་གསུམ་པའི་རྩལ་འཁྲིད་པ།
བསམ་བློ་དང་ཆབ་སྲིད་མི་སྣ།
 མཐོ་རིམ་ཆབ་སྲིད་ལས་དོན་མཁན།
ཆབ་སྲིད་ལས་དོན་མཁན། ལས་རོགས་ཆབ་སྲིད་ལས་དོན་མཁན། ཆབ་སྲིད་ལས་དོན་པ་དཀྱུས་མ།
4 ​ལས་བྱེད་པའི་མིང་བཏགས།

སྲིད་འཛིན་དོ་དམ་གཞི་རིམ་ལས་བྱེད་པར་ཡུན་རིང་བོར་མིང་བཏགས་འཕར་མི་ཐུབ་པའི་གནས་ཚུལ་ཐག་གཅོད་མི་ཐུབ་པ་དང་བྱ་བའི་བརྩོན་སེམས་ཀྱི་གནད་དོན་ཐག་གཅོད་ཆེད། རྒྱལ་ཁབ་ཀྱིས་གཞུང་ཞབས་པའི་མ་ལག་ཏུའང་ཆེད་ལས་ལག་རྩལ་མི་སྣའི་དོ་དོམ་ཁྲོད་ཀྱི་མིང་བཏགས་སྐུལ་སྤྱོད་བྱས་ཏེ། གཞུང་ཞབས་པའི་ལས་གནས་དང་མིང་བཏགས་སོ་སོར་དགར་བའི་བྱ་ཐབས་ལག་བསྟར་བྱས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲོལ་ཡིག》ལས་གཏན་འཁེལ་ལྟར། རྒྱལ་ཁབ་ཀྱི་གཞུང་ཞབས་པ་རིམ་པ27དུ་དགར་ལ། 

གཅིག གཞུང་ཞབས་པའི་འགོ་ཁྲིད་ལས་གནས་གོ་རིམ་དང་རིམ་པའི་ཁྱད་པར་དོ་མཉམ་གྱི་འབྲེལ་བ་ནི།

1 རྒྱལ་ཁབ་རིམ་པའི་ལས་སྣ་རྒན་པ། རིམ་པ་དང་པོ།

2 རྒྱལ་ཁབ་རིམ་པའི་ལས་སྣ་གཞོན་པ། རིམ་པ་བཞི་པ་ནས་གཉིས་པ།

3 ཞིང་ཆེན་པུའུ་རིམ་པའི་ལས་སྣ་རྒན་པ། རིམ་པ་བརྒྱད་པ་ནས་བཞི་བ།

4 ཞིང་ཆེན་པུའུ་རིམ་པའི་ལས་སྣ་གཞོན་པ། རིམ་པ་བཅུ་བ་དང་དྲུག་པ།

5 ཐིན་ཅུས་རིམ་པའི་ལས་སྣ་རྒན་པ། རིམ་པ་བཅུ་གསུམ་ནས་བརྒྱད་པ།

6 ཐིན་ཅུས་རིམ་པའི་ལས་སྣ་གཞོན་པ། རིམ་པ་བཅོ་ལྔ་ནས་བཅུ་བ།

7 རྫོང་ཁྲུའུ་རིམ་པའི་ལས་སྣ་རྒན་པ། རིམ་པ་བཅོ་བརྒྱད་ནས་བཅུ་གཉིས།

8 རྫོང་ཁྲུའུ་རིམ་པའི་ལས་སྣ་གཞོན་པ། རིམ་པ་ཉི་ཤུ་ནས་བཅུ་བཞི།

9 ཤང་ཁོ་རིམ་པའི་ལས་སྣ་རྒན་པ། རིམ་པ་ཉེར་གཉིས་ནས་བཅུ་དྲུག

10 ཤང་ཁོ་རིམ་པའི་ལས་སྣ་གཞོན་པ། རིམ་པ་ཉེར་བཞི་ནས་བཅུ་བདུན།

གཉིས། གཞུང་ཞབས་པའི་འགོ་ཁྲིད་མ་ཡིན་པའི་ལས་གནས།

1 ལྟ་གཟིགས་པ། རིམ་པ་བཅུ་གསུམ་ནས་བརྒྱད།

2 ལྟ་གཟིགས་པ་གཞོན་པ། རིམ་པ་བཅོ་ལྔ་ནས་བཅུ།

3 ཞིབ་འཇུག་བརྟག་དཔྱད་པ། རིམ་པ་བཅོ་བརྒྱད་ནས་བཅུ་གཉིས།

4 ཞིབ་འཇུག་བརྟག་དཔྱད་པ་གཞོན་པ། རིམ་པ་ཉི་ཤུ་ནས་བཅུ་བཞི།

5 ཀྲུའུ་རིན་ཁོ་ཡོན། རིམ་པ་ཉེར་གཉིས་ནས་བཅུ་དྲུག

6 ཀྲུའུ་རིན་ཁོ་ཡོན་གཞོན་པ། རིམ་པ་ཉེར་བཞི་ནས་བཅུ་བདུན།

7 ཁོ་ཡོན། རིམ་པ་ཉེར་དྲུག་ནས་བཅོ་བརྒྱད།

8 ལས་ཚན་པ། རིམ་པ་ཉེར་བདུན་ནས་བཅུ་དགུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-17

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།