XPཡི་གསར་སྒྱུར་མཚམས་བཞག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

XPཡི་གསར་སྒྱུར་མཚམས་བཞག
Windows XPབཀོལ་སྤྱོད་རྒྱུད་ཁོངས་འདི2001ལོའི་ཟླ8པའི་ཚེས24ལ་བཀྲམས་ཤིང་། ལོ་དེའི་ཟླ10པའི་ཚེས25ནས་ཁྲོམ་རར་བཏོན་པ་དང་། ད་སྔའི་ལོ13རིང་སྤྱོད་མཁན་ལ་ཞབས་ཞུ་བསྒྲུབས་པས། ཚེ་ཐག་ཆེས་རིང་བའི་རྒྱུད་ཁོངས་སུ་ཀུན་གྱིས་ངོས་འཛིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
XP停止更新
མཇུག་སྒྲིལ་ཁྱབ་བསྒྲགས་དུས་ཚོད།
2014ལོའི་ཟླ4པའི་ཚེས8ཉིན།
རིགས་དབྱེ།
གློག་ཀླད་རྒྱུད་ཁོངས།
1 མཚམས་སྦྱོར།

2014ལོའི་ཟླ4པའི་ཚེས8ཉིན་ནི་ཝའེ་རོན་ཚང་གིWindows XPབཀོལ་སྤྱོད་རྒྱུད་ཁོངས(operating system)ཀྱི་ཆེས་མཐའ་མཇུག་གི་ཉིན་མོར་ཡིན་ཏེ། ཉིན་དེ་ནས་བཟུང་ཝའེ་རོན་ཚང་གིསWindows XPརྒྱུད་ཁོངས་བདེ་འཇགས་གསར་བསྒྱུར་བྱ་མཚམས་བཞག་པས། XPརྒྱུད་ཁོངས་ཀྱི་བདེ་འཇགས་སྐྱོན་ཆ་ཡང་མི་སེལ་པས་ན། ད་དུང་ཡངXPལག་ནས་གཏོང་གིན་མེད་པ་དག་གིས་བདེ་འཇགས་ལ་གཟབ་གཟབ་གནང་དགོས་པ་རེད།

ཝའེ་རོན་གྱི་ལོ་རྒྱུས་ཐོག་ཆེས་ལེགས་པར་རྩི་བའི་རྒྱུད་ཁོངས་འདིས་ད་དུང་ཡང་འཛམ་གླིང་གི་ཁྲོམ་རའི30%ཙམ་ཟིན་ཞིང་། ཀྲུང་གོ་རུ་སྤྱོད་མཁན70%འདི་ལ་འཐམ་བསྡད་ཡོད་ཅིང་། སྤྱོད་མཁན་ཧ་ལམ་དུང་ཕྱུར2ལས་བརྒལ་བ་ཡོད། རྒྱུད་ཁོངས་འདི2001ལོའི་ཟླ8པའི་ཚེས24ལ་བཀྲམས་ཤིང་། ལོ་དེའི་ཟླ10པའི་ཚེས25ནས་ཁྲོམ་རར་བཏོན་པ་དང་། ད་སྔའི་ལོ13རིང་སྤྱོད་མཁན་ལ་ཞབས་ཞུ་བསྒྲུབས་པས། ཚེ་ཐག་ཆེས་རིང་བའི་རྒྱུད་ཁོངས་སུ་ཀུན་གྱིས་ངོས་འཛིན་པ་རེད། རྒྱུད་ཁོངས་འདི་ལ་བརྟེན་ནས་ཝའེ་རོན་ཚང་གིས་བཀོད་སྤྱོད་རྒྱུད་ཁོངས་ཀྱི་ཁྱབ་ཁོངས་ཀྱི་གསེར་ཁྲིར་དབང་བསྒྱུར་བ་རེད།

ཝའེ་རོན་གྱིསWindows XPལག་རྩལ་རྒྱབ་སྐྱོར་མཚམས་བཞག་པས་ཀྲུང་གོའི་ནང་ཁུལ་གྱི་དྲ་འབངས་དག་གིས་སོ་སོའི་བདེ་འཇགས་ལ་སེམས་ཁུར་བྱེད་ཀྱི་འདུག་ཅིང་། ཞབས་ཞུ་མཚམས་བཞག་པས་སྐར་མ་བཅུའི་ནང་དུ་གློག་ཀླད་ལ་ནད་དུག་འགོ་བར་འདུག་ཅེས་ཁ་ཅིག་ཟེར་རོ།།

ཀྲུང་གོ་ནང་ཁུལ་དུ་རྒྱ་ཡིག་གིWindows 7པར་གཞི་དཀྱུས་མའི་གོང་ཚད་སྒོར399ཡིན་ལ། Windows 8པར་གཞི་དཀྱུས་མ་ཡི་གོང་ཚད་སྒོར988རེད། གློག་ཀླད་གསར་པ་བརྗེ་བའི་མ་རྩ་མཐོ་བའི་དབང་གིས། བརྟག་དཔྱད་ཅིག་ལས55%ལས་བརྒལ་བའིWindows XPསྤྱོད་མཁན་གིས་སྔར་བཞིན་རྒྱུད་ཁོངསWindows XPའདི་སྤྱོད་རྩིས་ཡོད་འདུག

ཡིན་ཡང་འུ་ཅག་བོད་ཡིག་ལ་མཚོན་ནWindows XPའདོར་རྒྱུ་འདི་གཏམ་བཟང་ཞིག་ཡིན་པར་ངེས་ཏེ། རྒྱུད་ཁོངས་དེ་རུ་བོད་ཡིག་རང་ཆས་སུ་བཅུག་མེད་སྟབས། ཡི་གེ་གཏག་རྒྱུ་དང་དྲ་བའི་ཡིག་གཟུགས་སོགས་གང་ཐད་ནས་དཀའ་རྙོག་མང་པོ་ཞིག་ཡོད་པས། རིམ་པ་དེ་ལས་མཐོ་བའི་རྒྱུད་ཁོངས་བེད་སྤྱད་པས་བོད་ཡིག་གི་ལག་རྩལ་གྱི་རྙོག་དྲ་མང་པོ་ཞིག་རང་བཞིན་གྱིས་སེལ་ཡོད་མོད། ཡི་གེ་དེ་སྤྱོད་མི་སྤྱོད་ནི་ང་ཚོ་ཁོ་ནར་རག་ལས་པ་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།