ཡོབ་གླིང་ནུབ་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོབ་གླིང་ནུབ་ཁུལ།
ཡོབ་གླིང་ནུབ་ཁུལ་ནི་ཡོབ་གླིང་ཕྱེད་ནུབ་ཁུལ་ལ་སྟོན་ཞིང་། རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ500ཡོད་ཅིང་ཡོབ་གླིང་གི་ཕྱེད་ཙམ་ཟིན་པ་རེད། གནས་དེའི་མི་འབོར་གྱི་རྫོང་མཐུག་ལ། རྒྱལ་ཁབ་ཧ་ཅང་མང་ཞིང་ཆེ་ཤོས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
欧洲西部
ཕྱི་ཡིག་གི་མིང་།
Western Europe
ཁོངས་གཏོགས་ས་ཁུལ།
ཡོབ་གླིང་གི་ནུབ་བྱང་ཁག
ས་ཁམས་གནས་ཡུལ།
བྱང་དུ་འཁྱགས་རུམ་རྒྱ་མཚོ་བྱང་མ། ནུབ་དུ་ནུབ་རྒྱ་མཚོ་ཆེན་པོ། ལྷོ་རུ་ཏི་ཀྲུང་ཧའེ་རྒྱ་མཚོ།
སྐད་རིགས།
དབྱིན་སྐད། ཧྥ་རན་སིའི་སྐད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི500ཙམ།
མཛེས་ལྗོངས་གྲགས་ཅན།
ནོར་ཝེའི་འགག་ཁུག དབྱིན་ཇིའི་པའེ་ཧན་ཕོ་བྲང་། ཧུ་ལན་རླུང་འཁོར། ཧྥ་རན་སིའི་ལུའུ་ཧྥུའུ་ཕོ་བྲང་དངོས་མང་བཤམས་སྟོན་ཁང་སོགས།
མི་གྲངས།
དུང་ཕྱུར5ལྷག
1 ​དར་རྒྱས་ཆེ་བའི་རྒྱལ་ཁབ་གཅིག་ཏུ་འདུས་པའི་ས་ཁུལ།

ཡོབ་གླིང་ནུབ་ཁུལ་ནི་ཡོབ་གླིང་ཕྱེད་ནུབ་ཁུལ་ལ་སྟོན་ཞིང་། རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ500ཡོད་ཅིང་ཡོབ་གླིང་གི་ཕྱེད་ཙམ་ཟིན་པ་རེད།  གནས་དེའི་མི་འབོར་གྱི་རྫོང་མཐུག་ལ།  རྒྱལ་ཁབ་ཧ་ཅང་མང་ཞིང་ཆེ་ཤོས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་རེད།

ཡོབ་གླིང་ནུབ་ཁུལ་གྱི་རྒྱལ་ཁབ་སོ་སོའི་བར་དུ།  ཉོ་ཚོང་བརྗེ་རེས་དང་མི་སྣ་འགྲོ་འོང་བྱེད་ཚད་ཧ་ཅང་ཆེ་བ་རེད།  གོམ་གང་མདུན་སྤོས་ཀྱིས་འབྲེལ་གཏུགས་དམ་པོ་བྱེད་ཆེད།  གནས་དེར་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཆགས་ཤིང་།  མིང་ལ་ཡོབ་གླིང་མནའ་མཐུན་རྒྱལ་ཚོགས(བསྡུས་མིང་ལ་ཡོབ་གླིང་མནའ་མཐུན་ཟེར)ཟེར།  མིག་སྔར།  ཡོབ་གླིང་མནའ་མཐུན་ལ་ཁོངས་ཞུགས་རྒྱལ་ཁབ15ཡོད་ཅིང་།  ཚང་མ་དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན།  ཡོབ་གླིང་མནའ་མཐུན་གྱིས་ས་ཁོངས་དེའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་འབྲེལ་གཏུགས་བྱེད་པར་ཤུགས་སྣོན་བྱས་པར་མ་ཟད།  ད་དུང་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་དུ་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད།

2 བཟོ་སྐྲུན་ལས་རིགས་གཙོ་ཡིན་པའི་བཟོ་ལས།

ཡོབ་གླིང་ནུབ་ཁུལ་ནི་བཟོ་ལས་གསར་བརྗེའི་འབྱུང་ཡུལ་ཡིན་ལ།  མིག་སྔར་འཛམ་གླིང་གི་བཟོ་ལས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན། དེ་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་འཛམ་གླིང་གི་ས་ཁུལ་སོ་སོར་ཕྱིར་འཚོང་བྱེད་པ་ཡིན།

ཡོབ་གླིང་ནུབ་ཁུལ་གྱི་བཟོ་ལས་ནི་བཟོ་སྐྲུན་ལས་རིགས་གཙོར་བཟུང་བ་དང་།  བཟོ་སྐྲུན་ལས་རིགས་གཉེར་བའི་མི་གྲངས་ཀྱི་བསྡུར་ཚད་ཧ་ཅང་མཐོ།  བཟོ་སྐྲུན་ལས་རིགས་ནི་མ་རྒྱུར་ལས་སྣོན་བྱས་ཏེ་ཐོན་རྫས་འདྲ་མིན་སྣ་ཚོགས་བཟོ་བའི་བཟོ་ལས་སྡེ་ཁག་ཅིག་སྟེ།  དཔེར་ན། རྣོ་ལྕགས་རྒྱུ་ཆ་ཀྱིས་འཕྲུལ་སྟེགས་དང་རླངས་འཁོར་སོགས་བཟོས་པ་ལྟ་བུ།  ས་ཁོངས་དེའི་རྒྱལ་ཁབ་མང་པོས་ཕྱིའི་རྒྱལ་ཁབ་ནས་མ་རྒྱུ་དང་།  འབར་རྫས།  འབྲུ་རིགས་སོགས་ནང་འདྲེན་བྱས་ཤིང་། འཕྲུལ་ཆས་དང་། རླངས་འཁོར། རྫས་འགྱུར་དངོས་རྫས།   བཟའ་ཆས་སོགས་བཟོ་ལས་ཐོན་རྫས་ཕྱིར་གཏོང་བྱས་ཏེ།  རྒྱལ་ཁབ་ཕྱུག་པོར་བསྒྱུར་བ་རེད།

3 སྲོལ་རྒྱུན་གྱི་ཕྱུགས་ལས།

ཡོབ་གླིང་པ་ནི་འོ་ཟས་དང་སྐམས་ལུག་གི་ཤ་བཟའ་བར་ཧ་ཅང་དགའ།  ཁོ་ཚོའི་གསོལ་ཅོག་སྟེང་དུ་རྒྱུན་པར་ཚགས་ཤ་ལྷེབ་མཐུག་དང་། མར།  ཞོ་སོགས་བཟའ་ཆས་མང་པོ་ཡོད་པ་མཐོང་ཐུབ།  ཡོབ་གླིང་པའི་བཟའ་ལུགས་དེ་ཕྱུགས་ལས་དར་རྒྱས་ཆེ་བ་དང་འབྲེལ་བ་དམ་པོ་ཡོད། ཡོབ་གླིང་ནུབ་ཁུལ་གྱི་མི་རྣམས་ཀྱིས་ཕྱུགས་རྩྭར“ལྗང་མདོག་གི་གསེར་བུ”ཟེར་ཞིང་། དེ་ལས་ཁོ་ཚོས་ཕྱུགས་ལས་ལ་མཐོང་ཆེན་གནང་བར་མཐོང་ཐུབ། དབྱིན་ཇི་རུ་ཕྱུགས་ལས་ཐོན་ཚད་ཀྱིས་ཞིང་ལས་ཡོངས་ཀྱི་ཐོན་ཚད་ཀྱི70%ཡན་ཟིན་པ་རེད། ཧྥ་རན་སེ་དང་འཇར་མན་གྱི་ཞིང་ལས་ཐོན་ཚད་ལས། ཕྱུགས་ལས་ཀྱི་བསྡུར་ཚད་ནི་འདེབས་འཛུགས་ལས་རིགས་ལས་ཅུང་མཐོ་བ་རེད། ཧོ་ལན་དང་ཏེན་མག་སོགས་རྒྱལ་ཁབ་ནི་འཛམ་གླིང་སྟེང་གི་མིང་གྲགས་ཆེ་བའི་འོ་ཕྱུགས་རྒྱལ་ཁབ་ཆེན་པོའི་གྲས་ཡིན། དེ་ལས་ཏེན་མག་གི་འོ་ཕྱུགས་ཐོན་རྫས་ནི་རྒྱལ་ཁབ་ཕྱི་རུ་བཙོངས་པའི་བསྡོམས་གྲངས་ཁྲོད30%ཡན་ཟིན། ཕག་ཉྭ་བསྙལ་མ་དང་ཤ་བདུགས་མ། གཡོས་རྒྱུ། ཞོ་སོགས་ནི་ཕྱིར་གཏོང་བའི་ཐོན་རྫས་གཙོ་བོ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།