ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག
ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ནི་ཨ་རིའི་ཚབ་བྱས་ཏེ་རྒྱལ་སྤྱིའི་གཟེབ་གྲུག་འགྲན་སྡུར་སྣ་ཚོགས་ལ་ཞུགས་པའི་རུ་ཁག་ཡིན་ཞིང་། མིང་གཞན་ལ“རྨི་སྙེག་རུ་ཁག”ཏུ་འབོད་པ་ཡིན། སྒྲ་དོག་པའི“རྨི་སྙེག་རུ་ཁག”ནི་མི་རྣམས་ཀྱིས་པཱ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔའི་སྟེང་གསེར་གྱི་རྟགས་མ་བླངས་བའི་ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཏུ་འབོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国国家男子篮球队
ཕྱི་ཡིག་གི་མིང་།
USA Basketball Team
མིང་གཞན།
རྨི་སྙེག་རུ་ཁག
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
འགྲན་རྩོད་འགྲན་སྡུར།
དབྱར་དུས་ཨོ་རྩལ་འགྲན་ཚོགས། སྐྱེས་པའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར། འཛམ་གླིང་བུམ་པའི་སྐྱེས་པའི་གཟེབ་གྲུག་འགྲན་སྡུར།
ཁོངས་གཏོགས་ས་ཁུལ།
མེ་གླིང་བྱང་མ།
གསར་འཛུགས་དུས་ཚོད།
སྤྱི་ལོ1936ལོ་ནས་ད་བར། “རྨི་སྙེག་རུ་ཁག”ནི་སྤྱི་ལོ1992ལོ་ནས་ད་བར།
གྲུབ་འབྲས།
ཨོ་རྩལ་འགྲན་ཚོགས་ཀྱི་གཟེབ་གྲུག་རྣམ་གྲངས་ཀྱི་ཨང་དང་པོ་ཐེངས་བཅུ་བཞི་དང་། སྐྱེས་པའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་ཨང་དང་པོ་ཐེངས་བཞི། འཛམ་གླིང་བུམ་པའི་སྐྱེས་པའི་གཟེབ་གྲུག་འགྲན་སྡུར་གྱི་ཨང་དང་པོ་ཐེངས་གཅིག
1 ངོ་སྤྲོད།

ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ནི་ཨ་རིའི་ཚབ་བྱས་ཏེ་རྒྱལ་སྤྱིའི་གཟེབ་གྲུག་འགྲན་སྡུར་སྣ་ཚོགས་ལ་ཞུགས་པའི་རུ་ཁག་ཡིན་ཞིང་།   མིང་གཞན་ལ“རྨི་སྙེག་རུ་ཁག”ཏུ་འབོད་པ་ཡིན།   སྒྲ་དོག་པའི“རྨི་སྙེག་རུ་ཁག”ནི་མི་རྣམས་ཀྱིས་པཱ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔའི་སྟེང་གསེར་གྱི་རྟགས་མ་བླངས་བའི་ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཏུ་འབོད་པ་ཡིན།  ཆེས་ཐོག་མའི“རྨི་སྙེག་རུ་ཁག”ནི་སྒྱུ་མ་མཁན་ཡུའེ་ཧན་ཞུན་དང་མཁའ་སྐྱོད་པ་ཆའོ་ཏན།  ཐན་ཁེ་ཆེན་པོ་པཱ་ཁུ་ལི།   འབྲོང་རྒོད་ཕི་ཕེང་།   བྱ་ཆེན་པོ་ཏེ་སོགས་ཀྱིས་གྲུབ་པ་ཡིན་ཞིང་།   ཁོ་ཚོས་ཨ་རིའི་ཚབ་བྱས་ཏེ་པཱ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་གཟེབ་གྲུག་གི་གསེར་གྱི་རྟགས་མ་བླངས།   ཨ་རིའི་རྗེས་སུ་ཡང་རྨི་སྙེག་རུ་ཁག་གཉིས་པ་དང་གསུམ་པ།   བཞི་བ་སོགས་རིམ་གྱིས་བཙུགས་ཤིང་།  དེ་དག་གིས་ཀྱང་རྒྱལ་ཁའི་འབྲས་བུ་གཡུར་དུ་ཟ་བ་བླངས།   སྤྱི་ལོ2002ལོར་རྨི་སྙེག་རུ་ཁག་ལྔ་བས་འཛམ་གླིང་སྐྱེས་པའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་སྟེང་ཨང་དྲུག་པ་ཙམ་ལས་ལེན་མ་ཐུབ་པ་དང་།  སྤྱི་ལོ2004ལོར་རྨི་སྙེག་རུ་ཁག་དྲུག་པས་ཡཱ་ཏེན་ནའི་ཨོ་རྩལ་འགྲན་ཚོགས་སུའང་ཟངས་ཀྱི་རྟགས་མ་ཙམ་ལས་ལེན་མ་ཐུབ་མོད།   འོན་ཀྱང་དེའི་རྗེས་ཀྱི་རྨི་སྙེག་རུ་ཁག་བདུན་པ་དང་བརྒྱད་པ།   དགུ་བ།   བཅུ་བ།   བཅུ་གཅིག་བཅས་ཀྱིས་འབྲས་བུ་གཡུར་དུ་ཟ་བ་བླངས།   རྨི་སྙེག་རུ་ཁག་བརྒྱད་པས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་གཟེབ་གྲུག་གི་གསེར་གྱི་རྟགས་མ་བླངས་བ་དང་།   རྨི་སྙེག་རུ་ཁག་བཅུ་བས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་གཟེབ་གྲུག་གི་གསེར་གྱི་རྟགས་མ་བླངས་བ་ཡིན།

2 གྲུབ་འབྲས།

ཨ་རིའི་སྐྱེས་པའི་གཟེབ་གྲུག་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེབ་གྲུག་རྣམ་གྲངས་ཀྱི་ཨང་དང་པོ་ཐེངས་བཅུ་བཞི་དང་།  སྐྱེས་པའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་ཨང་དང་པོ་ཐེངས་བཞི།   འཛམ་གླིང་བུམ་པའི་སྐྱེས་པའི་གཟེབ་གྲུག་འགྲན་སྡུར་གྱི་ཨང་དང་པོ་ཐེངས་གཅིག་བླངས་མྱོང་བ་ཡིན་ཞིང་།   ཁོ་ཚོས་མུ་མཐུད་དུ་འཛམ་གླིང་སྐྱེས་པའི་གཟེབ་གྲུག་འགྲན་སྡུར་ཆེན་མོ་དག་གི་ཁྲོད་ནས་འབྲས་བུ་གཡུར་དུ་ཟ་བ་ལེན་པ་གདོན་མི་ཟའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།