ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན།
གཟེབ་གྲུག་གི་རྒྱལ་ཁམས་སུ་གྲགས་པའི་ཨ་རི་ལ་མི་འབོར་ཁྲི་ཚོ་བརྒྱའི་ཡན་གྱི་གཟེབ་གྲུག་ལུས་རྩལ་བ་མངའ། ཨ་རིའི་གཟེབ་གྲུག་ཆུ་ཚད་མཐོ་ཤོས་མཚོན་པའི་འགྲན་སྡུར་ནི་ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན་ཏེ་བསྡུས་མིང་དུNBAཟེར་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国职业篮球联赛
ཕྱི་ཡིག་གི་མིང་།
National Basketball Association
བསྡུས་མིང་།
NBA
སྤེལ་བའི་དུས་ཚོད།
ལོ་རེའི་ཟླ10བ་ནས་ལོ་རྗེས་མའི་ཟླ6པའི་བར།
སྤེལ་བའི་ས་གནས།
ཨ་རི་དང་ཁ་ན་ཏ།
འགྲན་སྡུར་རྣམ་པ།
གཟེབ་གྲུག
གསར་སྒྲུབ་དུས་ཚོད།
སྤྱི་ལོ1946ལོའི་ཟླ6པའི་ཚེས6ཉིན།
1 ངོ་སྤྲོད།

ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན་ནི་སྤྱི་ལོ1946ལོའི་ཟླ6པའི་ཚེས6ཉིན་ཉིའུ་ཡུའེ་རུ་དབུ་བརྙེས་ཤིང་།  དེར་རུ་ཁག་སུམ་ཅུ་འདུས་ལ།  དེ་ནི་ཨ་རིའི་ཆེད་ལས་ལུས་རྩལ་མནའ་མཐུན་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན།  དེར་འཛམ་གླིང་ཡོངས་ཀྱི་ཆེས་རྩེ་ཕུད་ཀྱི་སྤོ་ལོ་རྩེད་མཁན་འདུས་ཡོད་ལ།   འཛམ་གླིང་སྟེང་ཆུ་ཚད་ཆེས་མཐོ་བའི་གཟེབ་གྲུག་འགྲན་སྡུར་ཡིན།   ཨ་རིའི་ཆེད་ལས་གཟེབ་གྲུག་འགྲན་ཚོགས་ནི་ལོ་འཁོར་རེ་རེར་འཚོགས་པ་ཡིན་ཞིང་།   དེར་རིམ་པ་གསུམ་འདུས་ཏེ་རྒྱུན་རྩེད་དང་དུས་བཞིའི་མཇུག་རྩེད།  རྟིང་རྩེད་ཅེས་གསུམ་མོ། །ལོ་འཁོར་རེ་རེའི་འགྲན་ཚོགས་ནི་ལོ་རེའི་ཟླ10བ་ནས་ལོ་རྗེས་མའི་ཟླ6པའི་བར་ཡིན།   རུ་ཁག་སུམ་ཅུ་དག་གིས་རང་ཉིད་ཀྱི་འགྲན་སྡུར་ཐེངས82བྱེད་དགོས་ཤིང་།   རུ་ཁག་སུམ་ཅུ་འདི་དག་ནི་ས་གནས་ཀྱི་ཆ་ནས་ཤར་ཕྱོགས་མནའ་སྦྲེལ་དང་ནུབ་ཕྱོགས་མནའ་སྦྲེལ་གཉིས་སུ་དབྱེ་བ་ཡིན།  ཤར་ཕྱོགས་པ་ནི་ནུབ་རྒྱ་མཚོ་ཆེན་པོའི་འགྲན་ཁུལ་དང་དབུས་ཕྱོགས་འགྲན་ཁུལ།  ཤར་ལྷོ་འགྲན་ཁུལ་བཅས་སུ་གཏོགས་པ་དང་།  ནུབ་ཕྱོགས་པ་ནི་ལྷོ་ནུབ་འགྲན་ཁུལ་དང་ནུབ་བྱང་འགྲན་ཁུལ།  ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་བཅས་སུ་གཏོགས།  ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་རེ་རེར་རུ་ཁག་བཅོ་ལྔ་རེ་ཡོད་པ་ཡིན།

2 འགྲན་སྡུར་ལམ་སྲོལ།

ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན་གྱི་རྒྱུན་རྩེད་ཁྲོད་མནའ་སྦྲེལ་ནང་ཁུལ་གྱི་རུ་ཁག་དབར་དུ་ཐེངས་བཞི་ལ་འགྲན་རྩེད་བྱེད་དགོས་པ་དང་།  གཙོ་ཕལ་རེ་རེར་ཐེངས་གཉིས་རེ་རྩེད་པ་ཡིན།  མནའ་འབྲེལ་ཚོགས་པ་མི་འདྲ་བའི་དབར་དུ་ཐེངས་གཉིས་རེ་རྩེད་དགོས་པ་དང་།   གཙོ་ཕལ་སོ་སོར་ཐེངས་རེ་རྩེད་པ་ཡིན།  རྗེས་ནས་རྒྱལ་ཕམ་གྱི་མང་ཉུང་ལྟར་ཤར་ནུབ་གཉིས་ཀྱི་རྒྱུན་རྩེད་ཁྲོད་ནས་ཨང་རིམ་དགར་བ་ཡིན།  ཤར་ནུབ་མནའ་འབྲེལ་འགྲན་རྩེད་ཀྱི་སྔུན་གྱི་ཨང་རིམ་བརྒྱད་པོ་དེ་དུས་བཞིའི་མཇུག་རྩེད་དུ་ཞུགས་ནས་སྔ་གཞུག་ཏུ་འདོར་ལེན་འགྲན་སྡུར་བྱེད་དགོས།  དེ་ཡང་ཨང་དང་པོ་དང་ཨང་བརྒྱད་པ།  ཨང་གཉིས་པ་དང་ཨང་བདུན་པ།  ཨང་གསུམ་པ་དང་ཨང་དྲུག་པ།  ཨང་བཞི་བ་དང་ཨང་ལྔ་བ་བཅས་རིམ་པ་ལྟར་ཐེངས་བཞི་ནས་ཐེངས་བདུན་ལ་འགྲན་སྡུར་བྱས་ཏེ་ཨང་དང་པོ་ལ་བརྩོན་ལེན་བྱེད་དགོས། དུས་བཞིའི་མཇུག་རྩེད་དེ་རིམ་པ་གསུམ་དུ་ཕྱེས་ནས་འགྲན་སྡུར་བྱེད་དགོས་ཤིང་།  རིམ་པ་རེ་རེའི་ནང་རུ་ཁག་གཉིས་ཀྱི་བར་ཐེངས་བཞི་ནས་ཐེངས་བདུན་ལ་འགྲན་སྡུར་བྱེད་དགོས་ཤིང་།  དེའི་ནང་ཐེངས་བཞི་ལ་རྒྱལ་བ་དེ་རིམ་པ་རྗེས་མའི་འགྲན་སྡུར་དུ་ཞུགས་པའི་ཐོབ་ཐང་ཡོད་པ་ཡིན།  མཐའ་མར་ཤར་ནུབ་གཉིས་ཀྱི་ཨང་དང་པོ་དེ་གཉིས་རྟིང་རྩོད་ལ་ཞུགས་ཏེ་ལོ་འཁོར་དེའི་ཨང་དང་པོ་རྩོད་དགོས།   ལོ་འཁོར་རེའི་ཟླ་གཉིས་པའི་གཟའ་འཁོར་གཉིས་པར་ཤར་ནུབ་གཉིས་ཀྱི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་འགྲན་རྩེད་བྱེད་པ་ཡིན།  ཨ་རིའི་ཆེད་ལས་གཟེབ་གྲུག་མཉམ་འགྲན་ལ་རུ་ཁག་གི་གཟེངས་རྟགས་ཡོད་པ་མ་ཟད།  རྒྱུན་རྩེད་དང་རྟིང་རྩེད་གཉིས་ཀར་ཆེས་རིན་ཐང་ཡོད་པའི་སྤོ་ལོ་མཁན་པོ་རེ་རེ་བདམ་གསེས་བྱེད་ཀྱི་ཡོད་ལ།  ད་དུང་སྣ་རྐྱང་རྣམ་གྲངས་རེ་རེའི་མི་སྒེར་གྱི་གཟེངས་རྟགས་ཀྱང་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།