ཧྥེ་ཨེར་ཕུའུ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥེ་ཨེར་ཕུའུ་སི།
ཧྥེ་ཨེར་ཕུའུ་སི་ནི་ཨ་རིའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཡིན་ཞིང་། འཛམ་གླིང་གི་མིང་དུ་གྲགས་པའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迈克尔•菲尔普斯
ཕྱི་ཡིག་གི་མིང་།
Michael Phelps
མཚན་ཧྲིལ་བོ།
མའེ་ཁུ་ཨེར•ཧྥེ་ཨེར་ཕུའུ་སི།
རྒྱལ་ཁབ།
ཨ་མེ་རི་ཁ།
སྐྱེས་ལོ།
སྤྱི་ལོ1985ལོའི་ཟླ6པའི་ཚེས30ཉིན།
སྐྱེས་ཡུལ།
ཨ་རིའི་མཱ་ལི་ལན་ཀྲོའུ།
ལུས་རྩལ་རྣམ་གྲངས།
ཆུར་རྐྱལ།
གྲུབ་འབྲས།
སྤྱི་ལོ2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བརྒྱད་དང་སྤྱི་ལོ2007ལོའི་མོ་ཨེར་པུན་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་གསེར་གྱི་རྟགས་མ་བདུན་བླངས་པ་སོགས།
1 ངོ་སྤྲོད།

ཧྥེ་ཨེར་ཕུའུ་སི་ནི་ཨ་རིའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཡིན་ཞིང་།   འཛམ་གླིང་གི་མིང་དུ་གྲགས་པའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཀྱང་ཡིན།  ཁོང་སྤྱི་ལོ1985ལོའི་ཟླ6པའི་ཚེས30ཉིན་ཨ་རིའི་མཱ་ལི་ལན་ཀྲོའུ་པཱ་ཨེར་ཏེ་མོ་གྲོང་ཁྱེར་དུ་སྐྱེས་ཤིང་།   ལོ་བཅོ་ལྔ་ནས་བཟུང་སྟེ་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་དུ་ཞུགས།   ཁོང་ཨོ་རྩལ་འགྲན་ཚོགས་སྐབས་ལྔ་ལ་ཞུགས་ཤིང་། ཐོག་དང་པོའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའི་རྟགས་མ་ལེན་མ་ཐུབ་མོད།  འོན་ཀྱང་རྗེས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་བཞིའི་ཁྲོད་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་བསྡོམས་པས་ཉེར་བརྒྱད་བླངས་ལ།  དེའི་ནང་གསེར་གྱི་རྟགས་མ་ཉེར་གསུམ་ཡོད་པས།  ཁོང་ཨོ་རྩལ་འགྲན་ཚོགས་ལོ་རྒྱུས་སྟེང་བྱ་དགའི་རྟགས་མ་དང་གསེར་གྱི་རྟགས་མ་བླངས་པ་ཆེས་མང་བའི་ལུས་རྩལ་པར་གྱུར།   སྤྱི་ལོ2012ལོའི་ཟླ8པའི་ཚེས4ཉིན་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུར་རྐྱལ་རྣམ་གྲངས་འགྲན་སྡུར་མཇུག་རྫོགས་རྗེས།   ཁོས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས་པ་དང་།   སྤྱི་ལོ2014ལོའི་ཟླ4བའི་ཚེས15ཉིན།   ཁོས་ལུས་རྩལ་གྱི་སྡེ་ལ་ཕྱིར་ལོག་པ་ཁྱབ་སྒྲོག་བྱས། 

2 གྲུབ་འབྲས།
2_1 ​ཨོ་རྩལ་འགྲན་ཚོགས།

སྤྱི་ལོ2004ལོའི་ཡ་ཏེན་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི100ཕྱེ་ལེབ་ཆུར་རྐྱལ་དང་སྨི200ཕྱེ་ལེབ་ཆུར་རྐྱལ།  སྨི200མཉམ་བསྲེས་ཆུར་རྐྱལ།  སྨི400མཉམ་བསྲེས་ཆུར་རྐྱལ།   4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།  སྨི200རང་མོས་ཆུར་རྐྱལ་དང4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་ཟངས་ཀྱི་རྟགས་མ་བཅས་གསེར་གྱི་རྟགས་མ་དྲུག་དང་ཟངས་ཀྱི་རྟགས་མ་གཉིས་བླངས།  

སྤྱི་ལོ2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི200རང་མོས་ཆུར་རྐྱལ་དང་སྨི100ཕྱེ་ལེབ་ཆུར་རྐྱལ།   སྨི200ཕྱེ་ལེབ་ཆུར་རྐྱལ།  སྨི200མཉམ་བསྲེས་ཆུར་རྐྱལ།  སྨི400མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།   4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་བརྒྱད་བླངས།

སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི100ཕྱེ་ལེབ་ཆུར་རྐྱལ་དང་སྨི200མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།  སྨི200ཕྱེ་ལེབ་ཆུར་རྐྱལ་དང4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བཅས་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཉིས་བླངས།  

སྤྱི་ལོ2016ལོའི་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི200ཕྱེ་ལེབ་ཆུར་རྐྱལ་དང་སྨི200མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།   སྨི100ཕྱེ་ལེབ་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བླངས།

ཁོང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་བསྡོམས་པས་ཉེར་བརྒྱད་བླངས་ལ།  དེའི་ནང་གསེར་གྱི་རྟགས་མ་ཉེར་གསུམ་ཡོད་པ་ཡིན།

2_2 འཛམ་གླིང་སྐྱེས་འབུལ་འགྲན་སྡུར།

སྤྱི་ལོ2001ལོའི་ཧྥུ་ཀང་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི200ཕྱེ་ལེབ་ཆུར་རྐྱལ་གྱི་གསེར་གྱི་རྟགས་མ་བླངས་པ་དང།   སྤྱི་ལོ2003ལོའི་པཱ་སའེ་ལུའོ་ནའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི200ཕྱེ་ལེབ་ཆུར་རྐྱལ་དང་སྨི200མཉམ་བསྲེས་ཆུར་རྐྱལ།  སྨི400མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་སྨི100ཕྱེ་ལེབ་ཆུར་རྐྱལ་དང4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བཅས་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཅིག་བླངས།

སྤྱི་ལོ2005ལོའི་མུན་ཐེ་ལི་ཨེར་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི200རང་མོས་ཆུར་རྐྱལ་དང་སྨི200མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།   4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་སྨི100ཕྱེ་ལེབ་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བཅས་གསེར་གྱི་རྟགས་མ་ལྔ་དང་དངུལ་གྱི་རྟགས་མ་གཅིག་བླངས། 

སྤྱི་ལོ2007ལོའི་མོ་ཨེར་པུན་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི100ཕྱེ་ལེབ་ཆུར་རྐྱལ་དང་སྨི200ཕྱེ་ལེབ་ཆུར་རྐྱལ།  སྨི200མཉམ་བསྲེས་ཆུར་རྐྱལ།  སྨི400མཉམ་བསྲེས་ཆུར་རྐྱལ།  སྨི200རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་བདུན་བླངས།

སྤྱི་ལོ2009ལོའི་རོ་མ་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི100ཕྱེ་ལེབ་ཆུར་རྐྱལ་དང་སྨི200ཕྱེ་ལེབ་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།   སྨི200རང་མོས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བཅས་གསེར་གྱི་རྟགས་མ་ལྔ་དང་དངུལ་གྱི་རྟགས་མ་གཅིག་བླངས།

སྤྱི་ལོ2011ལོའི་ཧྲང་ཧའེ་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི100ཕྱེ་ལེབ་ཆུར་རྐྱལ་དང་སྨི200ཕྱེ་ལེབ་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།  སྨི200རང་མོས་ཆུར་རྐྱལ་དང་སྨི200མཉམ་བསྲེས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་ཟངས་ཀྱི་རྟགས་མ་བཅས་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཉིས།   ཟངས་ཀྱི་རྟགས་མ་གཅིག་བླངས།  ཁོང་གིས་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་རྟགས་མ་བསྡོམས་པས་སུམ་ཅུ་སོ་གསུམ་བླངས་ལ།  དེའི་ནང་གསེར་གྱི་རྟགས་མ་ཉེར་དྲུག་ཡོད་པ་ཡིན།  གཞན་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་ཆེ་མ་ཆུང་གསུམ་ནས་འབྲས་བུ་གཡུར་དུ་ཟ་བ་བླངས་ལ།  སྤྱི་ལོ2003ལོར་ཁུ་ལི་སི་ཐིང་རྟགས་མ་ཐོབ་ཅིང་།  སྤྱི་ལོ2012ལོར་རྒྱལ་སྤྱིའི་ཆུར་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནང་བའི་ཆེས་རླབས་ཆེ་བའི་ཨོ་ལིན་ཕིག་ལུས་རྩལ་བའི་རྟགས་མ་ཐོབ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།