ཧི་ཀྲིན་ལང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧི་ཀྲིན་ལང་།
ཧི་ཀྲིན་ལང་ནི་ཀྲུང་གོ་དང་འཛམ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་ལྷན་ཚོགས་ལ་བྱས་རྗེས་རླབས་ཆེན་འཇོག་མཁན་ཡིན་ལ། སྤྱི་ལོ2008ལོའི་པེ་ཅིང་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་འདུན་ཞུ་བའི་བློན་ཆེན་དེའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
何振梁
ཕྱི་ཡིག་གི་མིང་།
He Zhenliang
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1929—2015)
འཁྲུངས་ཡུལ།
ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར།
ལས་རིགས།
ལུས་རྩལ་ཕྱི་འབྲེལ་པ།
དད་མོས།
གུང་ཁྲན་རིང་ལུགས།
གྲུབ་འབྲས།
ཀྲུང་གོ་གསར་བའི་ལུས་རྩལ་ལས་རིགས་ཀྱི་སྔོན་སྐྱོད་པ་དང་སྤྱི་ལོ2008ལོའི་པེ་ཅིང་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་འདུན་ཞུ་མཁན།
1 ངོ་སྤྲོད།

ཧི་ཀྲིན་ལང་ནི་ཀྲེ་ཅང་ཧྲང་ཡུས་ཀྱི་མི་ཡིན་ཞིང་།   སྤྱི་ལོ1929ལོའི་ཟླ12པའི་ཚེས29ཉིན་ཅང་སུའུ་ཝུའུ་ཞི་ནས་སྐུ་འཁྲུངས་ལ།   སྤྱི་ལོ2015ལོའི་ཟླ1པོའི་ཚེས4ཉིན་ཚེ་ལས་འདས།   ཁོང་སྤྱི་ལོ1950ལོར་ཧྲང་ཧེ་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་རྩིས་ཚན་སློབ་གླིང་གི་གློག་སྐུལ་སྡེ་ཁག་ནས་མཐར་ཕྱིན་པ་དང་།  སྤྱི་ལོ1964ལོར་སྔ་གཞུག་ཏུ་ཀྲུང་གོའི་ལུས་སྦྱོང་ཚོགས་པའི་དྲུང་ཡིག་གཞོན་པ་དང་།  ཀྲུང་གོའི་འཕེན་འཕངས་སྤོ་ལོ་ཚོགས་པའི་དྲུང་ཡིག་པ།   སྤྱི་ལོ1979ལོར་ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ཁང་གི་དྲུང་ཡིག་གཞོན་པ།   ཀྲུང་གོའི་ཨོ་རྩལ་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སོགས་ཀྱི་འགན་བཞེས།   སྤྱི་ལོ1985ལོར་རྒྱལ་ཁབ་ཀྱི་ལུས་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་གྲུ་གཟིགས་འགྲན་ཚོགས་ཀྱི་ཀྲུའུ་ཞི།   རྗེས་སུ་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་ཆེན་གཞོན་པ་དང་མཚན་འཛིན་དབུ་ཆེན་བཅས་ཀྱི་འགན་བཞེས།   སྤྱི་ལོ1981ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨུ་ཡོན་དང་།   སྤྱི་ལོ1989ལོ་ནས་སྤྱི་ལོ1993ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་ཆེན་གཞོན་པ་དང་།   སྤྱི་ལོ1994ལོར་ཐེངས་གཉིས་པར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་།  སྤྱི་ལོ1999ལོར་ཐེངས་གསུམ་པར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ལ་བསྐོས། 

2 གྲུབ་འབྲས། 

ཁོང་ནི་ཀྲུང་གོ་གསར་བའི་ལུས་རྩལ་ལས་རིགས་ཀྱི་སྔོན་སྐྱོད་པ་དང་སྤྱི་ལོ2008ལོའི་པེ་ཅིང་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་འདུན་ཞུ་བའི་བློན་ཆེན་ཡིན།   གཞན་ཁོང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་དེ་འཛམ་གླིང་ལ་ཕྱོགས་པའི་དཔང་པོ་ཡིན་ལ།   ཕྱི་རྒྱལ་གྱི་ལུས་རྩལ་དུས་དེབ་དུ་ཁོང་ནི་འཛམ་གླིང་ན་ཤུགས་རྐྱེན་ཆེས་ཆེ་བའི་ལུས་རྩལ་དབུ་ཁྲིད་པ་བཅུའི་ནང་དུ་བདམས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།