སུའོ་ཕུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའོ་ཕུའུ།
སུའོ་ཕུའུ་ནི་ཨོ་སི་ཁྲུ་ལི་ཡའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཡིན་ཞིང་། འཛམ་གླིང་གི་མིང་དུ་གྲགས་པའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊恩•索普
ཕྱི་ཡིག་གི་མིང་།
Ian Thorpe
མཚན་ཧྲིལ་བོ།
དབྱི་ཨུན•སུའོ་ཕུའུ།
རྒྱལ་ཁབ།
ཨོ་སི་ཁྲུ་ལི་ཡ།
སྐྱེས་ལོ།
སྤྱི་ལོ1982ལོའི་ཟླ10བའི་ཚེས13ཉིན།
སྐྱེས་ཡུལ།
ཨོ་སི་ཁྲུ་ལི་ཡའི་ཞི་ཉི།
ལུས་རྩལ་རྣམ་གྲངས།
ཆུར་རྐྱལ།
གྲུབ་འབྲས།
སྤྱི་ལོ2000ལོའི་ཞི་ཉི་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་གསུམ་དང་སྤྱི་ལོ2001ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་གསེར་གྱི་རྟགས་མ་དྲུག་བླངས་པ་སོགས།
1 ​ངོ་སྤྲོད།

སུའོ་ཕུའུ་ནི་ཨོ་སི་ཁྲུ་ལི་ཡའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཡིན་ཞིང་།   འཛམ་གླིང་གི་མིང་དུ་གྲགས་པའི་ཆུར་རྐྱལ་ལུས་རྩལ་བ་ཞིག་ཀྱང་ཡིན།  ཁོང་སྤྱི་ལོ1982ལོའི་ཟླ10བའི་ཚེས13ཉིན་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་རུ་སྐྱེས་ཤིང་།  སྤྱི་ལོ1997ལོ་ནས་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་དུ་ཞུགས།   ཁོང་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལྔ་དང་དངུལ་གྱི་རྟགས་མ་གསུམ།   ཟངས་ཀྱི་རྟགས་མ་གཅིག་བཅས་ཡོད་ཅིང་།  ཨོ་སི་ཁྲུ་ལི་ཡའི་གསེར་གྱི་རྟགས་མ་བླངས་བ་ཆེས་མང་བའི་ལུས་རྩལ་བ་ཡིན།   ཁོང་གིས་སྔ་གཞུག་ཏུ་ཐེངས་བཅུ་གསུམ་ལ་འཛམ་གླིང་ཟིན་ཐོ་གཏོར་བ་མ་ཟད།   ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྐབས་གཅིག་གི་ཨོ་རྩལ་འགྲན་ཚོགས་ཁྲོད་སྨི100རང་མོས་ཆུར་རྐྱལ་དང་སྨི200རང་མོས་ཆུར་རྐྱལ།   སྨི400རང་མོས་ཆུར་རྐྱལ་བཅས་ཀྱི་རྟགས་མ་བླངས་བའི་ལུས་རྩལ་པ་ཡིན།   སྤྱི་ལོ2006ལོའི་ཟླ11པའི་ཚེས21ཉིན་ཁོས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས་པ་དང་།   སྤྱི་ལོ2011ལོའི་ཟླ2བའི་ཚེས2ཉིན།   ཁོས་ལུས་རྩལ་གྱི་སྡེ་ལ་ཕྱིར་ལོག་པ་ཁྱབ་སྒྲོག་བྱས།

2 གྲུབ་འབྲས།
2_1 ཨོ་རྩལ་འགྲན་ཚོགས། 

སྤྱི་ལོ2000ལོའི་ཞི་ཉི་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི400རང་མོས་ཆུར་རྐྱལ་དང4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་། སྨི200རང་མོས་ཆུར་རྐྱལ་དང4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ་བཅས་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཉིས་བཅས་བླངས།

སྤྱི་ལོ2004ལོའི་ཡ་ཏེན་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི200རང་མོས་ཆུར་རྐྱལ་དང་སྨི400རང་མོས་ཆུར་རྐྱལ་གྱི་གསེར་གྱི་རྟགས་མ་དང་།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ།   སྨི100རང་མོས་ཆུར་རྐྱལ་གྱི་ཟངས་ཀྱི་རྟགས་མ་བཅས་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཅིག   ཟངས་ཀྱི་རྟགས་མ་གཅིག་བཅས་བླངས།

2_2 འཛམ་གླིང་སྐྱེས་འབུལ་འགྲན་སྡུར།

སྤྱི་ལོ1998ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི400རང་མོས་ཆུར་རྐྱལ་དང4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་གྱི་གསེར་གྱི་རྟགས་མ་བླངས།

སྤྱི་ལོ2001ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི200རང་མོས་ཆུར་རྐྱལ་དང་སྨི400རང་མོས་ཆུར་རྐྱལ།   སྨི800རང་མོས་ཆུར་རྐྱལ།   4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།   4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དྲུག་བླངས། 

སྤྱི་ལོ2003ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་སྨི200རང་མོས་ཆུར་རྐྱལ་དང་སྨི400རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ་བཅས་ཀྱི་གསེར་གྱི་རྟགས་མ་དང་།   སྨི200མཉམ་བསྲེས་ཆུར་རྐྱལ་གྱི་དངུལ་གྱི་རྟགས་མ།  སྨི100རང་མོས་ཆུར་རྐྱལ་གྱི་ཟངས་ཀྱི་རྟགས་མ་བཅས་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག   ཟངས་ཀྱི་རྟགས་མ་གཅིག་བཅས་བླངས།  གཞན་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་ཆེ་མ་ཆུང་གསུམ་ནས་འབྲས་བུ་གཡུར་དུ་ཟ་བ་བླངས་མྱོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།