སུའུ་ཏི་མན་རྟགས་མའི་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཏི་མན་རྟགས་མའི་འགྲན་སྡུར།
བྱ་སྒྲོའི་སྤོ་ལོའི་ལུས་རྩལ་ནི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་སྤོ་ལོ་ཡིན་ཞིང་། སུའུ་ཏི་མན་རྟགས་མའི་འགྲན་སྡུར་ནི་ཧིན་རྡུ་ཉི་ཞི་ཡ་ནས་བྱུང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏迪曼杯
ཕྱི་ཡིག་གི་མིང་།
Sudirman Cup
མིང་གཞན།
འཛམ་གླིང་བྱ་སྒྲོའི་སྤོ་ལོའི་མཉམ་བསྲེས་ཚོགས་པའི་སྐྱེས་འབུལ་འགྲན་སྡུར།
སྒྲིག་ལམ།
ཐེངས་ལྔའི་ནང་ཐེངས་གསུམ་གྱི་རྒྱལ་ཁའི་ལམ་ལུགས།
སྐབས་དང་པོའི་དུས་ཚོད།
སྤྱི་ལོ1989ལོ།
ས་ཁུལ།
གོ་ལ་ཡོངས།
1 ངོ་སྤྲོད།

བྱ་སྒྲོའི་སྤོ་ལོའི་ལུས་རྩལ་ནི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་སྤོ་ལོ་ཡིན་ཞིང་།  སུའུ་ཏི་མན་རྟགས་མའི་འགྲན་སྡུར་ནི་ཧིན་རྡུ་ཉི་ཞི་ཡ་ནས་བྱུང་བ་ཞིག་ཡིན།  སུའུ་ཏི་མན་རྟགས་མ་ནི་ཧིན་རྡུ་ཉི་ཞི་ཡའི་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་ཀྱིས་ཁོ་ཚོའི་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་བྱ་སྒྲོའོ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ལ་བསྩལ་བའི་བྱ་དགའི་རྟགས་མ་ཞིག་ཡིན་ཞིང་།   དེ་ནི་ཧིན་རྡུ་ཉི་ཞི་ཡའི་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་གསར་གཏོད་བྱེད་མཁན་དང་རྒྱལ་སྤྱིའི་བྱ་སྒྲོའི་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཐོག་སྔ་མའི་དབུ་ཆེན་གཞོན་པD.སུའུ་ཏི་མན་ལ་རྗེས་དྲན་བྱ་ཆེད་ཁོའི་མིང་གཡར་ཏེ་བཏགས་པ་ཞིག་ཡིན།   བྱ་དགའི་རྟགས་མ་ནི་བྱ་སྒྲོའི་སྤོ་ལོའི་རྣམ་པ་ཞིག་ཡིན་ཞིང་།  དེ་ནི་དངུལ་ཞུན་གྱིས་ལུགས་ཤིང་།  ཕྱི་ངོས་སུ་ལྷད་མེད་གསེར་གྱིས་བྱུགས་ཡོད།   དེའི་མཐོ་ཚད་ལ་ལི་སྨི80དང་ཞེང་ལ་ལི་སྨི50   ལྗིད་ཚད་ལ་སྟོང་ཁེ12ཡོད་པ་མ་ཟད།  དེའི་རྨང་ཞབས་ལ་འཛམ་གླིང་ན་མིང་གྲགས་ཆེ་བའི་གནའི་བྲམ་ཟེའི་མཆོད་རྟེན(婆罗浮屠佛塔)བརྐོས་ཡོད།  སུའུ་ཏི་མན་རྟགས་མའི་འགྲན་སྡུར་སྐབས་དང་པོ་ནི་སྤྱི་ལོ1989ལོའི་ཟླ5བར་ཧིན་རྡུ་ཉི་ཞི་ཡ་ནས་སྤེལ་ཞིང་།   དེ་ནི་ལོ་གཉིས་རེའི་ནང་ཐེངས་གཅིག་སྤེལ་བ་ཡིན།  སྤྱི་ལོ1989ལོ་ནས་སྤྱི་ལོ2015ལོའི་བར་དུ་སྐབས་བཅུ་བཞི་ལ་ཚོགས་ཤིང་།   དེའི་ལོ་རྒྱུས་ཐོག   ཁོ་རེ་ཡས་ཐེངས་གསུམ་ལ་ཨང་དང་པོ་བླངས་པ་དང་།  ཀྲུང་གོས་ཐེངས་བཅུ་ལ་ཨང་དང་པོ་བླངས་ལ།   དེའི་ནང་བསྟུད་མར་ཐེངས་བཞི་ལ་ཨང་དང་པོ་དང་བསྟུད་མར་ཐེངས་དྲུག་ལ་ཨང་དང་པོ་བླངས་བ་འདུ་བ་ཡིན།

2 འགྲན་ཞུགས་རྣམ་གྲངས།  

སུའུ་ཏི་མན་རྟགས་མའི་འགྲན་བསྡུར་རྣམ་གྲངས་ལ།  ཕོ་མོའི་རྐྱང་རྒྱག་དང་ཕོ་མོའི་ཆ་རྒྱག   ཕོ་མོ་མཉམ་འབྲེལ་ཆ་རྒྱག་བཅས་ཡོད་པ་ཡིན།

A、སྐྱེས་པ།  རྐྱང་རྒྱག་དང་ཆ་རྒྱག    

B、སྐྱེས་མ།   རྐྱང་རྒྱག་དང་ཆ་རྒྱག   

C、མཉམ་འབྲེལ།  ཕོ་མོ་མཉམ་འབྲེལ་ཆ་རྒྱག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།