སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།
མཉེན་ཆས་འདི་ནི། བོད་ལ་ཐུན་མོང་གི་སྐད་གདངས་གཅིག་གྱུར་ཡོང་ཆེད་དང་། དབུས་སྐད་སྦྱོང་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཡི་གེའི་སྒྲ་གདངས་དང་སྐྱེ་གནས། མིང་ཚིག སྐད་ཆ་ཤོད་སྟངས། ཞེ་ས། ཚིག་བཅད་ཀློག་སྟངས། ཚིག་ལྷུག་ཀློག་སྟངས། གཏམ་བཤད་བྱ་སྟངས་སོགས་མདོར་ན་སྟབས་བདེ་ལ། བོད་ཀྱི་གཞུང་ལུགས་སུ་གསལ་བའི་སྒྲ་གདངས་དང་སྐྱེ་གནས་རྣམ་གཞག་ཆ་ཚང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莫兰藏文统一语音
ཁོངས་གཏོགས།
མཉེན་ཆས།
1 མཚམས་སྦྱོར།

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་ནི། བོད་ཕྱི་ནང་གཉིས་སུ་བསམ་ཚུལ་བསྡུ་ལེན་བྱས་མཐར། དབུས་སྐད་ཀྱི་སྒྲ་གདངས་གཞིར་བཞག་བྱས་ཤིང་། གཙོ་བོ་ཡི་གེ་སོ་སོའི་སྐྱེ་གནས་དང་། བྱེད་པ། བརྗོད་ཚུལ། ཕོ་མོ་མ་ནིང་སོགས་གང་དུ་གཏོགས་པ་བཅས་ཀྱི་ངོས་འཛིན་གསལ་བ་དང་། ཡིག་སྐད་གཙོར་བཟུང་ཐོག་ཡུལ་སྐད་དུ་དར་སོ་ཆེ་རིགས་ཟུར་འདོན་གྱིས། མིང་རྐྱང་དང་ཚིག་གྲུབ་བཅས་ཡིག་སྐད་ཐོག་བཀོད་ཡོད། ཡ་རབས་ཀྱི་ཁྱད་ཆོས་མཚོན་བྱེད་བོད་སྐད་ཀྱི་ཞེ་སའི་སྐོར་ཡིག་སྐད་དང་ཡུལ་སྐད་གཉིས་ཀའི་ཐོག་བཀོད་པ་དང་། ཚིག་ལྷུག་དང་ཚིགས་བཅད། གཏམ་བཤད་བྱེད་སྟངས་སོགས་བོད་རང་གིས་ཁྱད་ཆོས་ལྡན་པར་བཀོད་ཡོད། སྒྲ་གདངས་ཁུངས་གཏུགས་ཡུལ་ནི། ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་བྱིས་འཇུག་དང་། གསེར་ཏོག་སུམ་རྟགས་ཀྱི་སྐྱེ་གནས་དང་སྔོན་རྗེས་ཀྱི་སྒྲའི་འཇུག་ཚུལ་གཞིར་བཞག་སྟེ། རང་ཉིད་ཀྱིས་ཀྱང་དཔག་ཚོད་ཀྱིས་ཡི་གེའི་སྒྲ་གདངས་ལ་བརྟག་དཔྱད་གཟབ་ནན་བྱས་པ་དང་། ཤེས་ལྡན་པ་རྣམས་ལ་གྲོས་བསྡུར་ཡང་ཡང་བྱས་ཏེ། མགོ་འདོགས་ཅན་རྣམས་ལ་ཡང་སྒྲ་གདངས་དང་སྐྱེ་གནས་སོགས་གཏན་འཁེལ་བྱས་ཡོད། འོན་ཀྱང་དེ་སྔ་སུས་ཀྱང་རྣམ་གཞག་ཆ་ཚང་བ་ཞིག་གཏན་འཁེལ་བྱས་མ་མྱོང་སྟབས་དཔྱད་གཞི་ཧ་ཅང་ཉུང་བ་དང་། ཁོ་བོ་ལ་ཡང་སྐྱེས་སྦྱངས་ཀྱི་ཤེས་རབ་ཞན་པས་གནད་འགག་ཧ་ཅང་ཆེ་བའི་གནས་འདི་འདྲ་ལ་ནོར་འཕྱུག་དང་། ཆད་ལྷག་གི་སྐྱོན་ཡོད་ངེས་རེད། མུ་མཐུད་དུ་ཡར་རྒྱས་གཏོང་རྩིས་ཡོད།

2 བེད་སྤྱོད་གཏོང་ཚུལ། 

མཉེན་ཆས་འདིwww.monlamit.orgཡང་ན། www.lobsangmonlam.orgསམ་ཡང་ན་དྲ་རྒྱ་གཞན་ནས་ཕབ་ལེན་བྱས་པའམ་འོད་སྡེར་ནང་ཡོད་པ་གང་ཡིན་ཡང་གློག་ཀླད་ནང་སྒྲིག་འཇུག་བྱེད་པ་དང་། ཐད་ཀར་བཀོལ་བྱེད་བཅས་རང་མོས་ལྟར་བྱེད་ཆོག

1.jpg.jpg


1.མཉེན་ཆས་འདི་དང་པོ་སྒོ་འབྱེད་རྗེས་ཕོ་སྐད་དང་མོ་སྐད་གང་རུང་དགོས་འདེམས་དགོས།

2.jpg.jpg

2.རྩ་བའི་དཀར་ཆག་འདི་ནས་ཐད་ཀར་སྡེ་ཚན་སོ་སོར་ཐད་ཀར་འགྲོ་ཆོག  

3.jpg.jpg

3.འདི་ནི་བོད་ཡིག་སྒྲ་གདངས་ཇི་ལྟར་བེད་སྤྱོད་གཏོང་དགོས་ཡི་གེ་རེར་འགྲེལ་བཤད་ཁག་དགུ་རེད་བྱེད་ཀྱིན་ཡོད་པ་པར་རིས་ནང་གསལ་ཨང་རིམ་བཞིན་ལེགས་པར་གཟིགས་དགོས་རྒྱུ་གལ་ཆེ། 

4.jpg.jpg

4.ཡི་གེའི་སྐྱེ་གནས་སོགས་གསལ་བོ་བཀོད་པ།

5.jpg.jpg


5.སྔོན་རྗེས་ཀྱི་སྒྲ་འདོན་ཚུལ།

6.jpg.jpg

6.མིང་རྐྱང་།

7.jpg.jpg

7.ཚིག་གྲུབ།

8.jpg.jpg

8.ཞེ་སའི་ཐ་སྙད་དང་ཞེ་ས་རྒྱག་སྟངས།

9.jpg.jpg

9.ཚིག་ལྷུགས་ཀློག་སྟངས།

10.jpg.jpg

10.ཚིགས་བཅད་ཀློག་སྟངས།

11.jpg.jpg

11.གཏམ་བཤད་བྱ་ཚུལ་བཅས་སྡེ་ཚན་མང་པོར་དབྱེ་ཡོད་པས་བོད་ཀྱི་སྐད་ཡིག་སྦྱོང་མཁན་དང་བོད་པ་ནང་ཁུལ་དུ་ཡང་ཕན་ཚུན་སྐད་བརྡ་འཕྲོད་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།

3 དགོས་དམིགས་དང་ཕན་ཐོགས།

1.ཡིག་ཀློག་མཉེན་ཆས་གསར་པ་འདི་མིག་གིས་མི་མཐོང་མཁན་དང་། མིག་དབང་ལ་སྐྱོན་ཡོད་མཁན། མིག་གི་ན་ཚའི་དབང་གིས་ཡིག་ཀློག་ལ་དཀའ་ངལ་ཡོད་མཁན་ཚོར་བོད་ཡིག་ཀློག་འདོན་གྱི་རམ་འདེགས་བྱ་རྒྱུ།

2.ཡིག་ཀློག་མཉེན་ཆས་འདིས་བོད་སྐད་བཤད་ཉན་ལ་དཀའ་ངལ་མེད་ཀྱང་བོད་ཡིག་མིི་ཤེས་པའི་ཡིག་རྨོངས་པ་རྣམས་དང་། དེ་བཞིན་བོད་ཡིག་ཀློག་འདོན་ལ་བྱང་ཆུབ་ཀྱང་མིག་སྲུང་ཉར་གནང་འདོད་ཡོད་མཁན་ཚོར་རོགས་རམ་བྱ་ཐུབ་རྒྱུ།

3.ཡིག་ཀློག་མཉེན་ཆས་འདིས་ཡིག་ཀློག་བྱེད་རྒྱུར་དཀའ་ངལ་ཡོད་པའི་རྒས་འཁོགས་དང་ནད་གཅོང་ཅན་རྣམས་ཀྱིས་གང་ཞིག་ཀློག་རྒྱུའི་ཡི་གེ་རྣམས་གློག་ཀླད་ཀྱི་མཉེན་ཆས་བརྒྱུད་ཀློག་ཐུབ་རྒྱུ།

4.ཡིག་ཀློག་མཉེན་ཆས་འདིས་ཕྱི་མི་བོད་ཀྱི་སྐད་ཡིག་གསར་སློབ་བྱེད་མཁན་རྣམས་ལ་ཡང་བོད་ཡིག་ཀློག་འདོན་གྱི་བྱེད་ནུས་དམིགས་བསལ་འདོན་ཐུབ། ཡིག་ཀློག་གི་མཉེན་ཆས་འདི་འདྲ་གྲགས་ཅན་སྐད་ཡིག་གཞན་ལ་ཡོད་ཀྱང་། ད་ལྟའི་བར་བོད་ཀྱི་སྐད་ཡིག་བྱུང་འཕེལ་ལོ་རྒྱུས་ནང་སྔར་མེད་གསར་གཏོད་ཅིག་ཆགས་ཀྱི་ཡོད། འདི་ག་ལས་ཁུངས་ནས་མཉེན་ཆས་དེ་ལྟ་བུ་ཞིག་བཟོ་སྐྲུན་བྱ་རྒྱུའི་ཞིབ་འཇུག་འགོ་འཛུགས་བྱས་ཟིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།